མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས07ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་བོད་སྨན་ཁང་གིས་ཟླ་མཆོད་དང་རྒྱལ་སྟོན་སྐབས་རྒྱུན་ལྡན་ལྟར་སྨན་བཅོས་བྱ་བའི་བརྡ་ཐོ།

2023-09-26 14:59:14   |   2548

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་བོད་སྨན་ཁང་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱི་སྙན་ལམ་དུ།

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ངེད་མཚོ་བྱང་ཁུལ་བོད་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ཀྱིས་ཁྱེད་རྣམ་པར་དུས་ཆེན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། དེ་ཡང་དུས་ཆེན(ཟླ9པའི་ཚེས29ནས་ཟླ10པའི་ཚེས6ཉིན་བར)སྐབས་སུ་ནད་པ་རྣམས་ཀྱི་སྨན་བཅོས་ཀྱི་དགོས་མཁོ་བསྐང་བ་དང་སྟབས་བདེ་བསྐྲུན་ཆེད། སྨན་དོན་མི་སྣས་དུས་ལྟར་ལས་ཞུགས་བྱེད་རྒྱུ་ཡིན་པ་དང་། སྒོ་བསྟེན་སྨན་བཅོས་དང་ལུས་ཕུང་བརྟག་བཤེར་སོགས་བྱ་ཐུབ་པས། རྒྱ་ཆེའི་ནད་པ་རྣམ་པ་དུས་ལྟར་སྨན་བཅོས་དང་བདེ་ཐང་འདྲི་རྩད་བྱེད་དུ་ཕེབས་ཆོག

 མཚོ་བྱང་བོད་སྨན་ཁང་།
སྤྱི་ལོ2023ལོའི་ཟླ9པའི་ཚེས26ཉིན།


མཉམ་སྤྱོད།