རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།
འགྲིམ་འགྲུལ་བདེ་འཇགས་ཀྱི་ཁོར་ཡུག་དང་སྒྲིག་ལམ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བཅས་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་མདའ་བཞི་རྫོང་སྤྱི་བདེ་ཅུས་ཁོངས་གཏོགས་ཁུལ་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལྟ་ཁྱབ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
གཅིག བཅོས་སྐྱོང་དུས་ཚོད།
དེ་རིང་ནས་ཟླ12ཚེས31ཉིན་བར།
གཉིས། བཅོས་སྐྱོང་གཙོ་གནད།
གཅིག ཆང་གིས་བཟི་ནས་རླངས་འཁོར་བསྐོར་བ་དང་དུག་གིས་རླངས་འཁོར་གཏོང་བ། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ངལ་དུབ་ཀྱིས་མནར་ནས་རླངས་འཁོར་གཏོང་བ། རླངས་འཁོར་མྱུར་རྒྱུག་གིས་ཁྲོམ་ལམ་བགཏོང་བ།
གཉིས། ལག་ཁྱེར་མེད་པར་ཁ་ལོ་བསྒྱུར་བ་དང་ཨང་རྟགས་རྫུན་མའམ་ལག་ཁྱེར་རྫས་མ་བཟོས་ནས་ནས་རླངས་འཁོར་སྒྲིག་སྦྱོར་དང་བེད་མེད་དུ་བཏང་སྟེ་ལམ་དུ་བསྐྱོད་པ།
གསུམ། སྦག་སྦག་འཁོར་ལོ་དང་གློག་སྒུལ་འཕྲུལ་འཁོར། རྒན་རབས་པའི་རླངས་འཁོར། ལྟ་སྐོར་རླངས་འཁོར། རྐང་གསུམ་འཕྲུལ་འཁོར། ཞིང་སྤྱོད་རླངས་འཁོར་སོགས་ཁྲིམས་འགལ་གྱི་མི་སྐྱེལ་བ་དང་། གློག་དམར་བརྒལ་བ།
བཞི། སྒུལ་སྐྱོད་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རིགས་འདུག་མི་ཆོག་པའི་ལམ་དུ་འདུག་པ།
ལྔ། ལས་གྲྭའི་སྐྱེལ་འདྲེན་རླངས་འཁོར་གྱིས་མྱུར་ཚད་ལས་བརྒལ་བ་དང་ཤོང་ཚད་ལས་བརྒལ་བ། རྐང་བཙུགས་ནས་བཙོག་སྐྱོན་གཏོང་བའི་ཨང་རྟགས་བཀབ་པ།
དྲུག འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དང་ཟོག་འདྲེན་རླངས་འཁོར་ཆེ་བ། ངལ་དུབ་ཀྱིས་མནར་ནས་བསྐོར་བ། མྱུར་ཚད་ལས་བརྒལ་བ། ཟོག་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ། འགྲུལ་སྐྱེལ་རླངས་འཁོར་གྱི་མི་ཚད་ལས་བརྒལ་བ།
བདུན། སྒུལ་སྐྱོད་རླངས་འཁོར་ལ་ཉེན་སྲུང་སྒྲོག་ཐག་མི་དཀྲི་བ།འཕྲུལ་རྟར་ཞོན་པ།གློག་སྒུལ་རླངས་འཁོར་ལ་བདེ་འཇགས་ཞྭ་མོ་མི་འདོགས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་རིགས་བཅས་སོ།།
གཅིག བཅོས་སྐྱོང་དུས་ཚོད།
དེ་རིང་ནས་ཟླ་12ཚེས་31ཉིན་བར།
གཉིས། བཅོས་སྐྱོང་གི་གཙོ་གནད།
གཅིག ཆང་གིས་བཟི་ནས་རླངས་འཁོར་བསྐོར་བ་དང་། དུག་གིས་རླངས་འཁོར་གཏོང་བ།ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ངལ་དུབ་ཀྱིས་རླངས་འཁོར་གཏོང་བ།རླངས་འཁོར་བསྐོར་ནས་ཁྲོམ་ལམ་བསྐོར་བ།
གཉིས། ལག་ཁྱེར་མེད་པར་ཁ་ལོ་བསྒྱུར་བ། ཨང་རྟགས་རྫུན་མ་དང་ལག་ཁྱེར་རྫུན་མ་སོགས་བྱས་ནས་རླངས་འཁོར་སྒྲིག་སྦྱོར་དང་བེད་མེད་དུ་བཏང་སྟེ་ལམ་དུ་བསྐྱོད་པ།
གསུམ། སྦག་སྦག་འཁོར་ལོ་དང་། གློག་སྒུལ་འཕྲུལ་འཁོར།རྒན་རྒོན་གྱི་གོམ་སྤོའི་རླངས་འཁོར།ལྟ་སྐོར་རླངས་འཁོར།འཁོར་གསུམ་འཕྲུལ་འཁོར། ཞིང་སྤྱོད་རླངས་འཁོར་སོགས་ཁྲིམས་འགལ་གྱི་མི་སྡོད་པ་དང་།གློག་དམར་བརྒལ་བ།ལྡོག་སྐྱོད་བཅས་བྱེད་པ།
བཞི། སྒུལ་སྐྱོད་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རིགས་འདུག་མི་ཆོག་པའི་ལམ་དུ་འདུག་དགོས།
ལྔ། ལས་གྲྭའི་སྐྱེལ་འདྲེན་རླངས་འཁོར་གྱིས་མྱུར་ཚད་ལས་བརྒལ་བ་དང་། ཤོང་ཚད་ལས་བརྒལ་བ། རྐང་བཙུགས་ནས་བཙོག་སྐྱོན་གཏོང་བའི་ཨང་རྟགས་བཀབ་པ།
དྲུག འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དང་།དོས་འདྲེན་རླངས་འཁོར་ཆེ་བ།ངལ་དུབ་ཀྱིས་བསྐོར་བ། མྱུར་ཚད་ལས་བརྒལ་བ། དོས་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ།འགྲུལ་སྐྱེལ་རླངས་འཁོར་གྱི་ཚད་ལས་བརྒལ་བ།
བདུན། སྒུལ་སྐྱོད་རླངས་འཁོར་ལ་ཉེན་སྲུང་སྒྲོག་ཐག་མི་དཀྲི་བ་དང་འཕྲུལ་རྟར་ཞོན་པ། གློག་སྒུལ་རླངས་འཁོར་ལ་བདེ་འཇགས་ཞྭ་མོ་མི་འདོགས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་རིགས་བཅས་སོ།།
གསུམ། བཅོས་སྐྱོང་བྱེད་ཐབས།
གཅིག བཅོས་སྒྲིག་བྱེད་རིང་གོང་གསལ་གྱི་གཞུང་ལམ་འགྲིམ་འགྲུལ་བཅའ་ཁྲིམས་ཁྲིམས་སྲོལ་ལས་འགལ་རིགས་ལ་མདའ་བཞི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་གྱི་བཅོས་སྒྲིག་བྱ་ཐབས་སྤྱད་དེ་ཁྲིམས་ལྟར་ཞིབ་བཤེར་ནན་པོ་དང་ཐག་གཅོད་ནན་པོ་བྱ་རྒྱུ་རེད།
གཉིས། ཞིབ་བཤེར་ཐག་གཅོད་བྱས་པའི་གཙོ་གནད་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་སྨྱན་སྦྱོར་གྱི་ལས་སྟེགས་བརྒྱུད་ཡོངས་བསྒྲགས་ངང་དམར་རྗེན་དུ་འདོན་རྒྱུ་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་མི་སྣར་དུས་མཚུངས་སུ་དེ་གནས་སའི་ཚན་པ་དང་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།
གསུམ། གཅིག་སྡུད་བཅོས་སྐྱོང་གི་བྱ་སྤྱོད་སྤེལ་རིང་གལ་ཏེ་མི་ཞིག་གིས་བཀག་སྡོམ་བསླབ་བྱ་དང་སློབ་གསོ་མི་ཉན་པར་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་བཅས་རེད། གལ་ཏེ་མི་ཞིག་གིས་བྱས་ཉེས་བསགས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་དགོས།
བཞི། རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོས་རང་འགུལ་ངང་གཞུང་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་རང་འགུལ་ངང་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་ལ་གཞོགས་འདེགས་བྱས་ཏེ། ཐུན་མོང་གི་བདེ་འཇགས་དང་ཤར་བགྲོད། གོ་རིམ་ལྡན་པ། ཞི་མཐུན། ཡ་རབས་ཚུལ་ལྡན་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བསྐྲུན་དགོས།
མདའ་བཞི་རྫོང་སྤྱི་བདེ་ཅུས།
2023ལོའི་ཟླ9བའི་ཚེས25ཉིན།