དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

འཇུ་ལག་དང་མདའ་བཞིའི་མྱུར་བགྲོད་མེ་འཁོར་ས་ཚུགས་ཀྱི་ཐེངས་གྲངས་དང་དེ་བཞིན་པ་སེའི་རིན་གོང་ལེགས་སྒྲིག་བྱས་པའི་སྐོར་གྱི་བརྡ་ཁྱབ།

2023-10-09 15:30:15   |   2984

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


རྒྱུས་ལོན་བྱུང་བ་ལྟར་ན།    འཇུ་ལག་མྱུར་བགྲོད་མེ་འཁོར་ས་ཚུགས་སུ་ད་སྔར་རྟ་ཐུང་ཕྱོགས་དང་ཟི་ལིང་ཕྱོགས་སུ་མ་གཏོགས་མྱུར་བགྲོད་མེ་འཁོར་བཏང་མེད། དེ་ལ་ཉིན་རེར་མེ་འཁོར4རེ་ཡོད་པ་དང་།    སྔ་དྲོའི་མེ་འཁོར་གཉིས་ནི་འཁོར་སྒམ་བརྒྱད་ཅན་ཏེ་མེ་འཁོར་རེར་འདུག་སྟེགས613རེ་ཡོད།     ཕྱི་དྲོའི་མེ་འཁོར་གཉིས་ནི་འཁོར་སྒམ16ཅན་གྱི་མེ་འཁོར་ཡིན་ལ། འདུག་སྟེགས1226རེ་ཡོད།    ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས3ཉིན་བར་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས939སྐྱེལ་འདྲེན་བྱེད་ཀྱི་ཡོད་ལ། འགྲུལ་པ1050ཟིན།

མདའ་བཞི་མེ་འཁོར་ས་ཚུགས་ཀྱིས་ཉིན་ལྟར་ཟི་ལིང་དུ་ཐེངས2དང་ན་གོར་མོ་ལ་མེ་འཁོར་ཐེངས3གཏོང་གི་ཡོད།    མྱུར་བགྲོད་མེ་འཁོར་རེར་འཁོར་སྒམ8དང་འདུག་སྟེགས613རེ་ཡོད་པ་དང་།    སྤྱིར་བཏང་མྱུར་ཚད་གྱི་མེ་འཁོར་ལ་འདུག་སྟེགས774ཡོད།    རྒྱལ་སྟོན་རིང་མདའ་བཞིའི་མེ་འཁོར་ས་ཚུགས་སུ་ཉིན་ལྟར་འགྲུལ་པ70ནས80བར་སྐྱེལ་འདྲེན་བྱས་པ་དང་། འབྱོར་བའི་མི་གྲངས་ཀྱང་ཧ་ལམ་འདྲ་མཚུངས་རེད།   

པ་སེའི་རིན་གོང་སྐོར།     

གཅིག འཇུ་ལག་ནས་ཟི་ལིང་བར།   རིམ་པ་དང་པོའི་འདུག་སྟེགས་གཅིག་ལ་སྒོར48དང་།  རིམ་པ་གཉིས་པའི་འདུག་སྟེགས་དང་འདུག་སྟེགས་མེད་པའི་པ་སེ་ལ་སྒོར30རེ་རེད།

གཉིས།  འཇུ་ལག་ནས་རྟ་ཐུང་བར།   རིམ་པ་དང་པོའི་འདུག་སྟེགས་རེ་ལ་སྒོར27དང་།    རིམ་པ་གཉིས་པའི་འདུགསྟེགས་དང་འདུག་སྟེགས་མེད་པའི་པ་སེ་ལ་སྒོར17རེ་རེད།  

གསུམ། མདའ་བཞི་ནས་ཟི་ལིང་བར།    སྤྱིར་བཏང་མེ་འཁོར་གྱི་ཉལ་ཁྲི་སྲ་མོ་རེ་ལ་སྒོར56.5རེ་ཡིན་པ་དང་།     འདུག་སྟེགས་སྲ་མོ་རེ་ལ་སྒོར10.5རེ་རེད།      མྱུར་བགྲོད་མེ་འཁོར་པ་སེའི་ཚོང་དོན་གྱི་འདུག་སྟེགས་གཅིག་ལ་སྒོར81དང་།    རིམ་པ་དང་པོའི་འདུག་སྟེགས་རེ་ལ་སྒོར37།  རིམ་པ་གཉིས་པའི་འདུག་སྟེགས་དང་དེ་བཞིན་འདུག་ས་མེད་པའི་པ་སེ་ལ་སྒོར23རེ་རེད། 

བཞི། མདའ་བཞི་ནས་ན་གོར་མོའི་བར།   སྤྱིར་བཏང་མེ་འཁོར་གྱི་ཉལ་ཁྲི་སྲ་མོ་རེ་ལ་སྒོར147རེ་ཡིན་པ་དང་།    འདུག་སྟེགས་སྲ་མོ་རེ་ལ་སྒོར74རེ་ཡིན།  མྱུར་བགྲོད་མེ་འཁོར་གྱི་ཚོང་དོན་འདུག་སྟེགས་རེ་ལ་སྒོར671རེ་དང་།    རིམ་པ་དང་པོའི་འདུག་སྟེགས་ལ་སྒོར307རེ་དང་། རིམ་པ་གཉིས་པའི་འདུག་སྟེགས་དང་དེ་བཞིན་འདུག་ས་མེད་པའི་པ་སེ་ལ་སྒོར192རེ་རེད།    


མཉམ་སྤྱོད།