མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

2023ལོའི་མཚོ་བྱང་ཁུལ་གྱི་རྐང་བགྲོད་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

2023-10-10 11:34:18   |   3522

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་ནི་མདོ་ལ་རིང་མོའི་པང་བ་དང་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ་ཆགས་པས། གནས་འདིར་རྐང་བགྲོད་བྱེད་སྒོ་སྤེལ་བར་ཤིན་ཏུ་འཚམ་ཞིང་། “མདོ་ལ་རིང་མོའི་བརྗིད་ཉམས་ཀྱིས། རི་ཚོགས་སྐྱེངས་པས་མགོ་བོ་དུད། རྐང་ཚའི་མཚོ་ངོགས་མཚར་སྡུག་གིས། མིག་ཟུར་གཞན་ལ་ཕྱོགས་ཐབས་བྲལ”ཞེས་པའི་མཚན་སྙན་ཡོད་ལ། “གཡུ་ཡི་རླབས་ཕྲེང་གཡོ་བའི་མཚོ་སྔོན་པོ། མདོ་ལ་རིང་མོའི་ཕྱུགས་ར་བཟང་པོ”དང་། “གསེར་དང་འདྲ་བའི་ནོར་ནག དངུལ་དང་འདྲ་བའི་བོད་ལུག”སོགས་ལྷད་མེད་ཞིང་ཕྱུགས་ཐོན་རྫས་ཀྱི་ཟོང་རྟགས་ཀྱང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་། ལུས་རྩལ་ལས་དོན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་། ཐོན་ལས་ཀྱི“གནས་བཞི”བསྐྲུན་པ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ། ནུབ་ལམ་དམག་གི་གཏམ་རྒྱུད་ཡག་པོ་བཤད་པ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཟོང་རྟགས་གཏོད་པ། ཤུགས་ཆེན་པོས་ཕྱི་རོལ་ལུས་རྩལ་ཁྱབ་གདལ་འཕེལ་རྒྱས་གཏོང་བ། “ལུས་རྩལ+” གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་ཀྱི་ཆེད་དུ། དགུ་པའི་ཚེས་དགུའི་དུས་ཆེན་སྐབས་སུ། “གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད། སྲོལ་རྒྱུན་དུས་ཆེན་དར་ཞིང་སྤེལ། དག་སྣང་མཚོ་བྱང་གོམ་པས་གཞལ།”ཞེས་པ་བརྗོད་བྱ་བྱས་པའི2023ལོའི་མཚོ་བྱང་ཁུལ་གྱི་རྐང་བགྲོད་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུ་རེད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག བྱེད་སྒོའི་བརྗོད་བྱ་གཙོ་བོ།

གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད། སྲོལ་རྒྱུན་དུས་ཆེན་དར་ཞིང་སྤེལ། དག་སྣང་མཚོ་བྱང་གོམ་པས་གཞལ། 2023ལོའི་མཚོ་བྱང་ཁུལ་གྱི་མདོ་ལ་རིང་མོ་དང་མཚོ་སྔོན་པོ་བསྐོར་བའི་རྐང་བགྲོད་འགྲན་བསྡུར་ཆེན་མོ།

ཁུལ་ཐད་གཏོགས:“མདེལ་གཉིས་སྐར་གཅིག”སྙིང་སྟོབས་དར་སྤེལ་གཏོང་། མཚོ་སྔོན་པོ་དང་མཐོན་པོ་སྒང་གོམ་པས་གཞལ།  ——2023ལོའི་ཁུལ་ཐད་གཏོགས་ཀྱི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་བསྡུར་ཆེན་མོ།

འཇུ་ལག་རྫོང:“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་ལེན་དུ་བསྟར་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སེམས་ཉིད་ནགས་རར་རྐང་ཐང་དུ་བསྐྱོད་པ།——2023ལོའི་འཇུ་ལག་གི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་འགྲན་བསྡུར་ཆེན་མོ།

མདོ་ལ་རྫོང:ནུབ་ལམ་དམག་གི་གཏམ་རྒྱུད་ཡག་པོ་བཤད་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཨ་མྱེས་སྟོང་སོར་རྐང་ཐང་དུ་བསྐྱོད་པ།——2023ལོའི་མདོ་ལའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་འགྲན་བསྡུར་ཆེན་མོ།

རྐང་ཚ་རྫོང:སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཡིད་ལ་བརྟན་པོ་བཅངས་ནས། མཚོ་སྔོན་པོའི་ལྷ་ཆབ་སྔོན་མོ་མཚོ་ཁུག་ལ་རྐང་ཐང་དུ་བསྐྱོད་པ། ——2023ལོའི་རྐང་ཚའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་འགྲན་བསྡུར་ཆེན་མོ།

མདའ་བཞི་རྫོང:“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས། གསེར་བྱེའི་མཚོ་ཁུག་ལ་རྐང་དུ་བསྐྱོད། 2023ལོའི་མདའ་བཞི་རྫོང་གི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་འགྲན་བསྡུར་ཆེན་མོ།

གཉིས། བྱེད་སྒོ་སྤེལ་བའི་དུས་ཚོད།

ཁུལ་ཐད་གཏོགས་དང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་ཀྱིས2023ལོའི་ཟླ10ཚེས23ཉིན་སྤེལ་རྒྱུ་ཡིན་པ་དང་། ཚོགས་ར་གཙོ་བོ་མདོ་ལ་རྫོང་དུ་བཙུགས་ཡོད། འཇུ་ལག་རྫོང་གིས2023ལོའི་ཟླ10ཚེས18ཉིན་སྤེལ་རྒྱུ་རེད། 

གསུམ། འགྲན་བསྡུར་གྱི་ལམ་ཐིག་དང་མིང་ཐོ་འགོད་པའི་དུས་ཚོད།

ཁུལ་ཐད་གཏོགས་གྱི་འགྲན་བསྡུར་ལམ་ཐིག:མགོ་རྩོམ་ས་དང་མཇུག་རྫོགས་ས་མཐོན་པོ་སྒང་སྒར་འདེབས་རྟེན་གཞི་ཡིན་པ་དང་། དར་མ་དང་གཞོན་ནུའི་ཚོགས་ཆུང་ཕྱིར་ལོག་ས་ནི་སྤྱི་ལེ2.5ཡི་ས་ཡིན་པ། རྒན་པའི་ཚོགས་ཆུང་གི་ཕྱིར་ལོག་ས་ནི་སྤྱི་ལེ0.5ཡི་ས་ཡིན། མིང་ཐོ་འགོད་པའི་དུས་ཚོད་ནི་དེ་རིང་ནས2023ལོའི་ཟླ10ཚེས20ཉིན་གྱི་ཆུ་ཚོད18:00བར་ཡིན། འབྲེལ་གཏུག་བྱ་ཡུལ་ནི། ཡན་ཞུའེ་ཧྥེ། འབྲེལ་གཏུག་ཁ་པར་ནི། 18797106046

འཇུ་ལག་རྫོང་གི་འགྲན་བསྡུར་གྱི་ལམ་ཐིག:ཀྱུ་ཡངས་ལུང་བ་མཛེས་ལྗོངས་ཁུལ་གྱི་དལ་འབབ་ཆུ་བོ་ནས་ཀྱུ་ཡངས་ལུང་བའི་ཡ་ཉི་བར། (ལམ་ཐག་ཧྲིལ་པོར་སྤྱི་ལེ10ཡོད) མིང་ཐོ་འགོད་པའི་དུས་ཚོད། དེ་རིང་ནས2023ལོའི་ཟླ10ཚེས13ཉིན་གྱི་ཆུ་ཚོད18:00བར། འབྲེལ་གཏུག་བྱ་ཡུལ། ཨན་ཡུས་དབྱིང་། 18998408262 དང་། འཇིགས་མེད་ཚེ་བརྟན། 13139061581

མདོ་ལ་རྫོང་གི་འགྲན་བསྡུར་ལམ་ཐིག: 1 .ཉམས་ལེན་ཚོགས་ཆུང་དང་དམིགས་བསལ་གདན་ཞུའི་ཚོགས་ཆུང་། ཨ་མྱེས་སྟོང་སོ་སྣེ་ལེན་ལྟེ་གནས།——མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚིགས། ——བྲག་ཚ་ཚ་རླངས་འཁོར་འཇོག་ས།(ལམ་ཐག་ཧྲིལ་པོར་སྤྱི་ལེ9)2 .འགྲན་བསྡུར་ཚོགས་ཆུང་། ཨ་མྱེས་སྟོང་སོ་སྣེ་ལེན་ལྟེ་གནས། ——བྲག་ཚ་ཚའི་རི་རྩེ།(ཕྱིར་ལོག་ས་ཚིགས)——ཨ་མྱེས་སྟོང་སོ་སྣེ་ལེན་ལྟེ་གནས།(འགྲན་བསྡུར་གྱི་བར་ཐག་སྤྱི་ལེ22) མིང་ཐོ་འགོད་པའི་དུས་ཚོད། དེ་རིང་ནས2023ལོའི་ཟླ10ཚེས21ཉིན་གྱི་ཆུ་ཚོད18:00བར་ཡིན། འབྲེལ་གཏུག་བྱ་ཡུལ་ནི་ཚེ་རིང་འབུམ། འབྲེལ་གཏུག་ཁ་པར་ནི18797106046ཡིན།

རྐང་ཚ་རྫོང་གི་འགྲན་བསྡུར་གྱི་ལམ་ཐིག:ལྷ་ཆབ་ཁུག་གི་འཛུལ་སྒོ—— ལྷ་ཆབ། ——ལྷ་ཆབ་སྐྱེ་ཁམས་ཉམས་ལེན་ཁུལ། ——ལྷ་ཆབ་ཁུག་གི་འཛུལ་སྒོ།(ལམ་ཐག་ཧྲིལ་པོར་སྤྱི་ལེ6.8ཡོད།)
མིང་ཐོ་འགོད་པའི་དུས་ཚོད། དེ་རིང་ནས2023ལོའི་ཟླ10ཚེས21ཉིན་གྱི་ཆུ་ཚོད12:00བར། འབྲེལ་གཏུག་བྱ་ཡུལ། བསོད་ནམས་རྡོ་རྗེ། འབྲེལ་གཏུག་ཁ་པར་ཨང་གྲངས།13209709995

མདའ་བཞི་རྫོང་གི་འགྲན་བསྡུར་གྱི་ལམ་ཐིག:མཚོ་སྐོར་ཤར་ལམ་གྱི་སྒར་ཤོག་བཅུ་གཉིས་པའི་རྗེས་ཤུལ་གྱི་འཛུལ་སྒོ་ནས་གསེར་བྱེ་ཁུག་མཚོ་གཟིགས་སྒར་འདེབས་རྟེན་གཞི། (ལམ་ཐག་ཧྲིལ་པོར་སྤྱི་ལེ10ཡོད།) མིང་ཐོ་འགོད་པའི་དུས་ཚོད་ནི། དེ་རིང་ནས2023ལོའི་ཟླ10ཚེས19ཉིན་གྱི་ཆུ་ཚོད18:00བར། འབྲེལ་གཏུག་བྱ་ཡུལ། ཆིའུ་ཧྲི་ཆིང་། 13897305555 མ་ཧུང་ཅོན། 15352975493

བཞི། རྩ་འཛུགས་སྡེ་ཚན།

གཙོ་གཉེར་སྡེ་ཚན། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ་བཅས་ཡིན།

འགན་སྒྲུབ་སྡེ་ཚན། འཇུ་ལག་རྫོང་མི་དམངས་སྲིད་གཞུང་དང་། མདོ་ལ་རྫོང་མི་དམངས་སྲིད་གཞུང་། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། མདའ་བཞི་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་དང་། མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས། ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་བཅས་ཡིན།

གཞོགས་འདེགས་སྡེ་ཚན། འཇུ་ལག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་།མདོ་ལ་རྫོང་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་དང་། རྐང་ཚ་རྫོང་ རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་དང་། མདའ་བཞི་རྫོང་ རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་དང་། ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས། མཚོ་སྔོན་ཞིང་ཆེན་རི་འཛེག་མཐུན་ཚོགས་བཅས་ཡིན།


ཀྲུང་གུང་མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་།
མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།
2023ལོའི་ཟླ10པའི་ཚེས9ཉིན།


མཉམ་སྤྱོད།