དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི2024ལོའི་དུས་ཆེན་དང་གུང་གསེང་ཁ་ཤས་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།

2023-10-25 17:29:48   |   2080

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུ་ཨུ་སོ་སོ། ཐད་གཏོགས་ལས་ཁུངས་སོ་སོར། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ད་ལྟ2024ལོའི་ལོ་སར་དང་དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ཀྱི་གུང་གསེང་ལེགས་སྒྲིག་བྱས་པའི་ཞིབ་ཕྲའི་བཀོད་སྒྲིག་བརྡ་ཐོ་གཤམ་གསལ་ལྟར། 

གཅིག ལོ་སར་དུས་ཆེན། ཟླ1པོའི་ཚེས1ཉིན་ནས་གཟའ་མཇུག་དང་མཐུད་དེ་གུང་གསེང་གཏོང་རྒྱུ། 

གཉིས། དཔྱིད་གསར་དུས་ཆེན། ཟླ2པའི་ཚེས10ཉིན་ནས་ཚེས17ཉིན་བར་ཁྱོན་ཉིན8ལ་གུང་གསེང་གཏོང་རྒྱུ། ཟླ2པའི་ཚེས4ཉིན(གཟའ་ཉི་མ)དང་ཟླ2པའི་ཚེས18ཉིན(གཟའ་ཉི་མ)ལས་ཚོགས་ལ་ཞུགས་དགོས། ལས་ཁུངས་སོ་སོས་གླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་གཏོང་བ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ལས་བཟོ་པ་གནམ་གང(ཟླ2པའི་ཚེས9ཉིན)ལ་ངལ་གསོ་བཀོད་སྒྲིག་བྱེད་པར་སྐུལ་ལྕག་བྱ་དགོས།

གསུམ། དྭངས་གསལ་དུས་ཆེན། ཟླ4པའི་ཚེས4ཉིན་ནས་ཚེས6ཉིན་བར་ཁྱོན་ཉིན3ལ་གུང་གསེང་གཏོང་རྒྱུ་དང་། ཟླ4པའི་ཚེས7ཉིན(གཟའ་ཉི་མ)ལས་ཚོགས་ལ་ཞུགས་དགོས།

བཞི། ངལ་རྩོལ་དུས་ཆེན། ཟླ5པའི་ཚེས1ཉིན་ནས་ཚེས5ཉིན་བར་ཁྱོན་ཉིན5ལ་གུང་གསེང་གཏོང་རྒྱུ་དང་། ཟླ4པའི་ཚེས28ཉིན(གཟའ་ཉི་མ)དང་ཟླ5པའི་ཚེས11ཉིན(གཟའ་སྤེན་པ)ལས་ཚོགས་ལ་ཞུགས་དགོས། 

ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ6པའི་ཚེས10ཉིན་ནས་གཟའ་མཇུག་དང་མཐུད་དེ་གུང་གསེང་གཏོང་རྒྱུ།

དྲུག ཟླ་མཆོད་དུས་ཆེན། ཟླ9པའི་ཚེས15ཉིན་ནས་ཚེས17ཉིན་བར་ཁྱོན་ཉིན3ལ་གུང་གསེང་གཏོང་རྒྱུ་དང་། ཟླ9པའི་ཚེས14ཉིན(གཟའ་སྤེན་པ)ལས་ཚོགས་ལ་ཞུགས་དགོས། 

བདུན། རྒྱལ་སྟོན་དུས་ཆེན། ཟླ10པའི་ཚེས1ཉིན་ནས་ཚེས7ཉིན་བར་ཁྱོན་ཉིན7ལ་གུང་གསེང་གཏོང་རྒྱུ་དང་། ཟླ9པའི་ཚེས29ཉིན(གཟའ་ཉི་མ)དང་ཟླ10པའི་ཚེས12ཉིན(གཟའ་སྤེན་པ)ལས་ཚོགས་ལ་ཞུགས་དགོས། 

དུས་ཆེན་དང་གུང་གསེང་རིང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་རེས་དང་བདེ་འཇགས། སྲུང་སྐྱོབ། རིམས་ནད་འགོག་སྡོམ་སོགས་ཀྱི་བྱ་བ་བཀོད་སྒྲིག་ཡག་པོ་བྱས་ནས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་དང་འཕྲད་སྐབས་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པར་མ་ཟད། ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་ཀྱིས་འཆམ་མཐུན་དང་དུས་བདེ་ངང་དུས་ཆེན་གྱི་གུང་གསེང་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་།
2023ལོའི་ཟླ10པའི་ཚེས25ཉིན།


མཉམ་སྤྱོད།