མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་བོད་སྨན་ཁང་གི་སྨན་སྦྱིན་བརྡ་ཐོ།

2023-11-24 14:29:01   |   1951

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་བྱང་ཁུལ་བོད་སྨན་ཁང་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


རྒྱ་ཆེའི་མང་ཚོགས་རྣམ་པ།

མཚོ་བྱང་ཁུལ་བོད་སྨན་ཁང་གི་དཔྱད་བཅོས་ཚན་ཁག་གིས་རང་སྨན་ཁང་གི་ཏང་ཀྲི་པུའི་བཀོད་སྒྲིག་འོག་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་དང་ལུས་ཁམས་བདེ་ཐང་ཡོང་ཆེད། སྤྱི་ལོ2023ལོའི་ཟླ11པའི་ཚེས29ཉིན་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་སྡེ་བའི་འཕྲོད་བསྟེན་ཁང་ནས་སྨན་སྦྱིན་གཏོང་རྒྱུ་ཡིན་པས། དེ་གའི་མང་ཚོགས་རྣམས་དུས་ལྟར་ཕེབས་ནས་བདེ་ཐང་སྐོར་གྱི་བློ་འདྲི་དང་གསོ་བཅོས་བྱ་རྒྱུ་མཁྱེན།།
     ས་གནས།  རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་སྡེ་བའི་འཕྲོད་བསྟེན་ཁང་།

     དུས་ཚོད།  2023ལོའི་ཟླ11པའི་ཚེས29ཉིན།

     འབྲེལ་གཏུག་ཁ་པར། 13897010944

ཆེད་མཁས་སྨན་པ་ངོ་སྤྲོད།

1~4.jpg

སྐལ་བཟང་དོན་འགྲུབ།  

བོད་རིགས། སློབ་ཆེན་དངོས་གཞི། སྨན་པ་འབུམ་རམས་གཞོན་པ། སྤྱི་ལོ2002ལོར་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་མཐར་ཕྱིན། སྤྱི་ལོ2008ལོར་རབ་འབྱམས་སྨན་པའི་ཐོབ་ཐང་བླངས། 2018ལོར་སྨན་པ་འབུམ་རམས་གཞོན་པའི་ཐོབ་ཐང་བླངས། ནད་ཐོག་ལག་ལེན་གྱི་ལས་ཀར་ཞུགས་ནས་མི་ལོ20ལྷག་འདས། དེ་མིན་སྔ་རྗེས་སུ་ལྷ་ས་སྨན་རྩིས་ཁང་དང་ཀོང་ཀྲུག་དཔའ་ཏུའུ་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། རྨ་ལྷོ་སོག་རྫོང་སྨན་པ་ཐུབ་བརྟན་བསྟན་རྒྱས་དང་ཀྲུང་ལུགས་སྨན་པ་ཀྲུའུ་ཧེ་ལེན་སོགས་ཀྱི་མདུན་ནས་གསོ་རིག་གཞུང་དང་ལག་ལེན་གྱི་མན་ངག་མི་ཉུང་བར་གསན་མྱོང་། དེ་བས་ཁོང་ནད་དང་དཔྱད་བཅོས་གང་ལའང་ལག་ལེན་གྱི་མྱོང་བ་ཟབ་མོ་ཡོད། ནད་ཐོག་ཏུ་ཕོ་རུབ་དང་ཕོ་སྨུག རྒྱུ་མའི་ནད་རིགས། ཁྲག་རླུང་གི་ནད། དྲེག་གྲུམ། བད་ཁྲག ངན་ཁྲག་རྒྱས་པ། གཟའ་ནད། རྩ་དཀར་གྱི་ནད། མཁལ་འགྲམས་སོགས་ནད་གཞི་གསོ་བཅོས་བྱེད་པར་མཁས་ཤིང་། ལག་ལེན་བཅོ་བརྒྱད་ལས་མེ་བཙའ་དང་གཏར་ཁ། མེ་བུམ། མེ་དུགས། ཧོར་མེ། སྐམ་ཁབ། ཆིས་ཧོང་ཁབ་སོགས་དཔྱད་བཅོས་དུ་མར་བྱང་ཆ་ལྡན། དེ་མིན་བྱུགས་སྨན་དུ་མའི་སྦྱོར་སྡེབ་ལའང་མཁས་པའོ།

2~3.jpg

གཡང་ཐེན་ཞང་།

 ཕོ། རྒྱ་རིགས། དངོས་གཞི་མཐར་ཕྱིན། ཚན་ཁག་ཀྲུའུ་རིན། སྨན་པ་བཀའ་བཅུ་བ། སྒྲ་བརྒལ་དང་སྙིང་འཕར་རླབས་རིས་ཀྱི་ལས་དོན་གཉེར་ནས་མི་ལོ་༡༩ལྷག་འགོར་ཡོད། བརྟག་བཅོས་ཀྱི་ཁྱབ་ཁོངས་ནི། མཆིན་མཁྲིས་མཆེར་གཤེར་གཅིན་ཟགས་མ་ལག མོ་ནད། སྙིང་ཁམས། དབང་བོ་ཆུང་ངའི་ནད་ཀྱི་སྒྲ་བརྒལ་བརྟག་དཔྱད་དང་སྙིང་རིས་བརྟག་དཔྱད་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ཁ་པར་ཨང་གྲངས། 13619700694

3~3.jpg

གདུགས་དཀར་ཚེ་རིང་།  

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་མཐར་ཕྱིན། ཚན་ཁག་ཀྲུའུ་རིན། བོད་ལུགས་གསོ་རིག་ལས་དོན་གཉེར་ནས་མི་ལོ10ལྷག་འགོར་ཡོད། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་སྨན་རྩིས་ཁང་སྦྱོང་བྱེད་ཚན་ཁག་དང་ལྷོ་ཁ་སྨན་རྩིས་ཁང་སྨན་ལུམས་ཚན་ཁག་དང་དཔྱད་བཅོས་ཚན་ཁག་དུ་ཟབ་སྦྱོང་བྱས་མྱོང་། ནད་བརྟག་སྨན་བཅོས་བྱེད་ཁོངས། བོད་ཕྱི་ཟུང་འབྲེལ་གྱི་ལམ་ནས་ཁྲག་ཤེད་མཐོ་བ་དང་སྙིང་རླུང་། གཞང་འབྲུམ། ཕོ་བ་སྨུག་པོ་དང་ཕོ་རུབ། གཟའ་ནད། བད་ཁྲག་འཕེལ་བ། མཁལ་འགྲམས།དྲེག་གྲུམ་སོགས་རྒྱུན་མཐོང་གི་ནད་ལ་གསོ་བཅོས་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས། ལྷག་པར་དུ་དཔྱད་བཅོས་ལག་ལེན་གཏར་ཁ་དང་མེ་བཙའ། རྭ་འཇིབ། བྱུག་དུགས། སྦྱོངས་བཤལ། ལུམས་བཅོས་སོགས་ལ་ཁྱད་ལྡན་གྱི་བྱ་ཐབས་ལྡན། ཁ་པར་ཨང་གྲངས།13897010944

4~1.jpg

ཚེ་བརྟན་མགོན།

 མཚོ་བྱང་ཁུལ་བོད་སྨན་ཁང་གི་སྨན་པ་བཀའ་བཅུ་བ། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་ནས་མཐར་ཕྱིན། ནད་ཐོག་ལག་ལེན་གྱི་བྱ་བར་ཞུགས་ནས་ལོ་ངོ་བརྒྱད་ལྷག་འགོར་ཡོད། ཁོང་ནད་རྒྱུན་མཐོང་ནད་རིགས་དང་སྙིང་རླུང་། མཁལ་འགྲམས། གྲུམ་བུ། རྩ་དཀར། དྲེག་ནད། མགོ་གཟེར། ཕོ་སྨུག་སོགས་ལ་བོད་ཕྱི་ཟུང་འབྲེལ་སྒོས་གསོ་བཅོས་བྱེད་བཞིན་ཡོད། ཁ་པར་ཨང་གྲངས། 15695307977

5.jpg

སྒྲོལ་མ་སྐྱིད།

 སོག་རིགས། ལན་ཀྲོའུ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། དངོས་གཞིའི་བསླབ་གནས། ནད་སྐྱོང་ལས་དོན་གཉེར་ནས་ལོ་ངོ་བཅུ་གཅིག་ལྷག་འགོར། ལྷག་པར་དུ་བོད་ལུགས་གསོ་རིག་གི་དཔྱད་བཅོས་ཚྭ་དུགས་དང་རྡོ་དུགས། བཅིངས་ལུམས། བདུད་རྩི་ཞབས་ཁྲུས། སྣུམ་བྱུག་སོགས་རྒྱུན་བཀོད་ཀྱི་དཔྱད་བཅོས་ལག་ལེན་ལ་ཉམས་མྱོང་ཕུན་ཚོགས་ལྡན་པ་མ་ཟད། ནད་ཐོག་མྱུར་སྐྱོབ་འཕྲུལ་ཆས་ལག་ལེན་བཀོད་སྤྱོད་དང་ནད་སྐྱོང་བདེ་ཐང་ཤེས་བྱའི་མཛུབ་སྟོན་ཕྱོགས་ལ་ཡང་ཁྱད་ལྡན་གྱི་ཉམས་མྱོང་ལྡན།

22.jpg

བུན་ཁྲིན་སྐྱིད།

 མོ། བོད་རིགས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ནས་མཐར་ཕྱིན། དངོས་གཞིའི་བསླབ་གནས། གཙོ་གཉེར་སྨན་ཞབས། ནད་སྐྱོང་ལས་ཀར་ཞུགས་ནས་ལོ་ངོ་དགུ་ལྷག་འགོར། ཚྭ་དུགས། རྡོ་དུགས། བདུད་རྩི་ཞབས་ཁྲུས། སྣུམ་བྱུག། བཅིངས་ལུམས་བཅས་ཀྱི་ལག་ལེན་དང་ནད་སྐྱོང་བརྒྱུད་རིམ། སྙིང་པར་ལྟ་ཞིབ་དཔྱད་ཆས། མྱུར་སྐྱོབ་སྒྲིག་ཆས་ཁག་གི་གཞི་རྩའི་ཤེས་བྱ་བྱང་ཆ་ལྡན་པ་མ་ཟད། ལྷག་པར་དུ་བཅོས་རྡུགས་ནད་ཀྱི་ནད་སྐྱོང་སེམས་ཁམས་མཛུབ་སྟོན་དང་། བདེ་ཐང་སློབ་གསོ་བཅས་ཕྱོགས་ཡོངས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན།


མཉམ་སྤྱོད།