མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

སློབ་གྲྭ་ཆུང་འབྲིང་གི་དགུན་གནང་གཏོང་བའི་དུས་ཚོད།

2023-12-20 09:53:11   |   3102

 རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


༡༡.jpg

ཟླ12ཚེས18ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས《2023ལོའི་སློབ་གྲྭ་ཆུང་འབྲིང(བྱིས་གཉོར་ཁང)གི་དགུན་གནང་དང་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》བཏང་སྟེ། ད་ལོའི་འོས་འགན་སློབ་གསོའི་སློབ་གྲྭའི་དགུན་གནང་གཏོང་བའི་དུས་ཚོད་རྩ་དོན་ཐོག་ཟླ1པའི་ཚེས20ཉིན་ལས་སྔ་མི་རུང་ཞིང་། མཐོ་འབྲིང་དང་དམའ་འབྲིང་གི་དགུན་གནང་དུས་ཚོད་རྩ་དོན་ཐོག་ཟླ1པའི་ཚེས27ཉིན་ལས་སྔ་མི་རུང་བ་གཏན་འཁེལ་བྱས་འདུག 

《བརྡ་ཐོའི》ནང་ས་གནས་ཁག་གི་སློབ་གྲྭ་ཆུང་འབྲིང་ཁག་གིས་རྒྱལ་ཁབ་ཀྱི་སློབ་ཚན་ཇུས་གཞི་ལག་བསྟར་ནན་མོ་བྱས་ཏེ། འོས་འགན་སློབ་གསོའི་སློབ་ཁྲིད་དུས་ཡུན་གཟའ་འཁོར19ལས་ཉུང་མི་རུང་བ་དང་། མཐོ་འབྲིང་དང་དམའ་འབྲིང་གི་སློབ་ཁྲིད་དུས་ཡུན་གཟའ་འཁོར20ལས་ཉུང་མི་རུང་བའི་བླང་བྱ་དོན་འཁྱོལ་བྱས་ནས་བསླབ་ཚན་སོ་སོའི་སློབ་ཁྲིད་ནང་དོན་ཚང་མ་ལེགས་པར་འགྲུབ་དགོས། 2024ལོའི་དཔྱིད་ཀའི་སློབ་དུས་ཀྱི་སློབ་གྲྭ་ཆུང་འབྲིང(བྱིས་གཉོར་ཁང)གི་སློབ་མགོ་ཚུགས་པའི་དུས་ཚོད་ཟླ3པའི་ཚེས1ཉིན་ལས་འཕྱི་མི་རུང་ལ། ས་གནས་ཁག་གིས་སློབ་མགོ་ཚུགས་པའི་དུས་ཚོད་རང་དགར་གྱིས་ཕྱིར་འགྱངས་བྱེད་མི་རུང་། མཐོ་འབྲིང་དང་དམའ་འབྲིང་གི་མཐར་ཕྱིན་ལོ་རིམ་ཕུད། དགུན་གནང་གི་རིང་ལ་ལོ་རིམ་གཞན་དག་སྒྲིག་འཛུགས་ཐོག་གཅིག་སྡུད་ཟུར་ཁྲིད་བྱེད་མི་རུང་། མཐོ་འབྲིང་གི་མཐར་ཕྱིན་ལོ་རིམ་གྱི་གཅིག་སྡུད་ཟུར་ཁྲིད་དུས་ཚོད་དེ་དགུན་གནང་གི་གསུམ་ཆ་གཅིག་ལས་བརྒལ་མི་ཆོག་པ་མ་ཟད་གྲོན་དངུལ་ཡང་བསྡུ་མི་ཆོག་པའི་བླང་བྱ་བཏོན་ཡོད། 

དགུན་གནང་མ་བཏང་གོང་། སློབ་གྲྭ་ཆུང་འབྲིང(བྱིས་གཉོར་ཁང)ཁག་གིས་སློབ་གྲྭའི་འཛུགས་སྐྲུན་དང་། སློབ་ཁང་། ཉལ་ཁང་། ཚོད་ལྟ་ཁང་། གསོལ་ཁང་། ལུས་རྩལ་ཐང་། རླངས་འཁོར་འཇོག་ས། ར་སྐོར་དང་སློབ་གྲྭའི་མཐའ་འཁོར་སོགས་གཙོར་བཟུང་སྟེ། འབྲེལ་ཡོད་བདེ་འཇགས་སྒྲིག་བཀོད་དང་མེ་ཟོན་སྒྲིག་བཀོད། སོལ་རླངས་སྦུག་ལམ། དམིགས་བསལ་སྒྲིག་ཆས་སོགས་ཀྱི་བདེ་འཇགས་ཉེན་ཟོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ནས་དཔྱིད་དུས་ཀྱི་སློབ་མགོ་མ་ཚུགས་པའི་གོང་ལ་དག་ཐེར་དོན་འཁྱོལ་བྱེད་དགོས། དགུན་གནང་དང་ལུགས་རྙིང་ལོ་སར་སྐབས་སུ་སློབ་མའི་བྱེད་སྒོའི་ཁྱད་ཆོས་ལ་དམིགས་ནས་དགུན་གནང་མ་བཏང་གོང་བདེ་འཇགས་དང་ཁྲིམས་སྐྱོང་སློབ་གསོའི་བྱ་འགུལ་བཀོད་སྒྲིག་བྱས་ཏེ། འགྲིམ་འགྲུལ་བདེ་འཇགས་དང་། ལུས་རྩལ་བདེ་འཇགས། ཤོག་སྦག་སྤར་བའི་བདེ་འཇགས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། གློག་འཕྲིན་གཡོ་བསླུ་སྔོན་འགོག སློབ་གྲྭའི་བརྙས་བཅོས་འགོག་པ། གནོད་འཚེ་འགོག་ཟོན། ཟས་དུག་སྔོན་འགོག  དྲ་རྒྱར་མགོ་འཁོར་བ་སྔོན་འགོག་སོགས་གཙོ་གནད་དུ་བཟུང་ནས་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སློབ་མའི་ཁྲིམས་སྐྱོང་བྱང་ཚད་དང་ཉེན་གཡོལ་རང་སྐྱོབ་། ཕན་ཚུན་རོགས་སྐྱོབ་ཀྱི་ནུས་པ་མཐོ་རུ་གཏང་དགོས།

སློབ་གྲྭ་ཁག་གིས་དགུན་གནང་གི་ལས་བྱ་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ། དཔེ་དེབ་ཀྱི་ལས་བྱའི་སྡོམ་འབོར་ཚོད་འཛིན་ནན་མོ་བྱ་དགོས་པ་དང་། རྩད་ཞིབ་རང་བཞིན་དང་ལག་ལེན་རང་བཞིན་གྱི་ལུས་རྩལ་དང་སྒྱུ་རྩལ། ངལ་རྩོལ་ལས་ཀ་བཅས་བཀོད་སྒྲིག་ལ་རྟིང་བསྐུལ་བྱ་དགོས། དགུན་གནང་གི་དཔེ་ཀློག་བྱེད་སྒོ་སྤེལ་ནས་སློབ་མའི་དགའ་ཕྱོགས་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་རྒྱུར་ཁྲིད་སྟོན། དགེ་རྒན་གྱིས་མཛུབ་ཁྲིད་དང་རོགས་སྐྱོར་ཡག་པོ་བྱ་རྒྱུར་སྐུལ་ལྕག་བཅས་བྱས་ནས་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ཇེ་བཟང་དུ་གཏོང་བར་རོགས་རམ་བྱེད་དགོས། ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་ཡང་དག་ཅིག་བསྐྱེད་པར་ཁྲིད་སྟོན་བྱས་ཏེ། “གཉིས་འཕྲི”སྲིད་ཇུས་ཀྱི་དོན་སྙིང་གལ་ཆེན་ཤེས་རྟོགས་བྱེད་དགོས་པ་དང་། སློབ་ཕྱིའི་གསོ་སྦྱོང་ལ་ཚུལ་མཐུན་གྱིས་ལྟ་སྟངས་བཟུང་ནས་རྨོངས་འགྲན་དང་གཞན་གྱི་ངག་སྒྲོས་ལ་མི་ཉན་པར་ཕ་མ་དང་བུ་ཕྲུག་གི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་བདེ་སྐྱིད་འཆམ་མཐུན་གྱི་ཁྱིམ་གཞིས་ཤིག་བསྐྲུན་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད་དོ།


མཉམ་སྤྱོད།