མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྤྱི་བདེ་ཅུ་ཡི་བརྡ་ཁྱབ་གསར་པ།

2024-01-26 11:31:04   |   939

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོའི་དགུན་དུས་གནམ་གཤིས་དང་དར་ངོས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ། དར་ངོས་གས་པ་དང་། གནམ་གཤིས་ངན་པ། རླུང་ཆེན་ལྡང་བ་སོགས་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད། མ་ཟད2023ལོའི་ཟླ11པ་ནས་བཟུང་མཚོ་སྔོན་པོའི་གནམ་གཤིས་སྤྱིའི་ཆ་ནས་དེ་སྔ་ལས་ཅུང་མཐོ་བ་དང་། མཚོ་ངོས་སུ་དར་འཁྱགས་པ་སྲབ་པས། དར་ངོས་སུ་ཐོན་པའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་སྔར་ལས་མང་དུ་ཕྱིན་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་དང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་རྒྱུན་གཏན་གནས་སྐོར་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། བརྡ་ཁྱབ་སྤེལ་བ་གཤམ་གསལ་ལྟར།

གཅིག ཉིན་འདི་ནས་བཟུང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་དར་ངོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག

གཉིས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་དར་ངོས་སུ་མི་སྣ་དང་རླངས་འཁོར་སོགས་བརྒལ་མི་ཆོག

གསུམ། སྤྱི་བསྒྲགས་ལས་འགལ་ནས་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྤྱི་བདེ་ཅུ་ཡི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་རྒྱུ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྤྱི་བདེ་ཅུ་ཡི་རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཉེན་ཁ་མི་འབྱུང་བར་བྱེད་དགོས་པའི་དྲན་སྐུལ་བྱས་པ་ཡིན། གལ་ཏེ་ཉེན་ཁ་བྱུང་ན། དུས་ཐོག་ཏུ110དང119ལ་རོགས་སྐྱོར་ཁ་པར་གཏོང་རོགས།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྤྱི་བདེ་ཅུ།
2024ལོའི་ཟླ1ཚེས23ཉིན།


མཉམ་སྤྱོད།