མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

པྲོག་གསར་གློ་ཚད་འགོས་མཁན་སྨན་ཁང་ནས་ཕྱིར་བུད་རྗེས་དོ་སྣང་བྱེད་དགོས་པའི་སྐོར།

2022-12-23 17:47:17   |   287

རྩོམ་སྒྲིག   སངས་དོན།                                 དུས་ཚོད། 2022-12-17:50  


པྲོག་གསར་གློ་ཚད་འགོས་པའི་མི(ནད་རྟགས་གཏན་ཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་འདུས)སྨན་ཁང་ནས་བུད་རྗེས་བདེ་ཐང་དོ་དམ་ཇི་ལྟར་བྱ་དགོས། དོ་སྣང་བྱེད་དགོས་ས་གང་དག་ཡོད།

《པྲོག་གསར་གློ་ཚད་ནད་དུག་འགོག་སྡོམ་ཇུས་གཞི》(པར་གཞི་དགུ་པ)ཡི་བླང་བྱ་གཞིར་བཟུང་སྟེ། པྲོག་གསར་གློ་ཚད་འགོས་པའི་ནད་པ་ཡོད་ཚད་སྨན་ཁང་ནས་འབུད་པ་ཐམས་ཅད་ལ“ཉིན་བདུན་གྱི་ཁྱིམ་སྡོད་བདེ་ཐང་བཤེར་འཇལ་བྱེད་དགོས”།

གཅིག མི་སྒེར་གྱི་འགོག་སྲུང་ཐད་ནས་བཤད་ན། གཤམ་གསལ་གྱི་གྲོས་གཞི་འགའ་བསྒྲུབ་དགོས་ཏེ།

1.རང་ཉིད་ཀྱི་བདེ་ཐང་ལ་བཤེར་འཇལ་ཡག་པོ་བྱེད་པ། ཉིན་རེའི་ནངས་དགོང་གཉིས་ཀར་ལུས་དྲོད་ཐེངས་རེ་འཇལ་བ་དང་ནད་རྟགས་ལ་བཤེར་འཇལ་ཡག་པོ་བྱེད་པ་དང་འབྲེལ་དུས་ཐོག་ཏུ་སྡེ་ཁུལ་ལ་སྙན་སེང་ཞུ་དགོས། གལ་ཏེ་ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ལུས་ཤུགས་ཟད་པ། མིད་པ་ན་བ། དྲི(རོ)ཚོར་ཉམས་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་མོར་སྡེ་ཁུལ་གྱི་ལས་དོན་མི་སྣར་སྙན་སེང་ཞུ་དགོས་པ་མ་ཟད། སྡེ་ཁུལ་གྱི་ལས་དོན་མི་སྣ་དང་མཉམ་དུ་འགོག་སྲུང་ཡག་པོ་བྱེད་པ་དང་། སྨན་སྤྱོད་འགོག་སྲུང་ཁ་ཐུམ་བརྒྱབ་པའི་གནས་ཚུལ་འོག120ཆེད་སྤྱོད་རླངས་འཁོར་གྱིས་ཐག་ཉེ་སའི་ཚ་རྒྱས་སྒོ་བརྟན་དུ་སྨན་བཅོས་བྱེད་པར་བསྐྱལ་དགོས་པ་དང་ཆབས་ཅིག་རང་རྟོགས་ཀྱིས་ཉིང་སྐྱུར་བཤེར་འཇལ་བྱེད་དུ་འཇུག་དགོས།

2.ཁྱིམ་ནས་སྒོ་ཕྱི་རུ་མི་འགྲོ་བ། ཁྱིམ་སྡོད་བདེ་ཐང་བཤེར་འཇལ་བྱེད་པའི་རིང་སྒོ་ཕྱིར་འགྲོ་མི་རུང་། སྨན་བཅོས་སོགས་དམིགས་བསལ་གནས་ཚུལ་གྱི་རྐྱེན་གྱིས་སྒོ་ཕྱིར་འགྲོ་དགོས་དུས། རང་ཉིད་ལ་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་སྨན་སྤྱོད་འགོག་སྲུང་ཁ་ཐུམ་བརྒྱབ་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་འདུག་མི་རུང་བའི་གྲོས་མགོ་འདོན་དགོས།

3.ཉིང་སྐྱུར་བརྟག་འཇལ་བྱེད་པ། འགོག་སྡོམ་གྱི་བླང་བྱ་གཞིར་བཟུང་ནས། སྨན་ཁང་ནས་བུད་རྗེས་ཀྱི་ཉིན་གསུམ་པ་དང་བདུན་པར་ཉིང་སྐྱུར་བརྟག་འཇལ་ཐེངས་རེ་བྱེད་དགོས།

4. འཕྲོད་བསྟེན་རིམས་འགོག་གི་བླང་བྱ།

(1)ཉིན་རེར་སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་མ་མཐར་ཡང་ཐེངས་གཉིས་ཡོད་དགོས་པ་དང་ཐེངས་རེར་སྐར་མ30ཡིན་དགོས།

(2)ཉིན་རེར་གསང་སྤྱོད་ཁང་དང་ཁྲུས་ཁང་སོགས་མཉམ་སྤྱོད་ཁོར་ཡུག་གི་ཕྱི་ངོས་ལ་དུག་སེལ་བྱེད་དགོས་པ་དང་། ཁིལ་ལྡན་དུག་སེལ་གཤེར་ཁུ་དང་ཆང་བཅུད་རིགས་ཀྱི་དུག་སེལ་ལག་རས་ཀྱིས་ཉིན་རེར་དུག་སེལ་ཐེངས1ནས2རེར་བྱེད་དགོས།

(3)འཚོ་བའི་ཁྲོད་ལག་པ་ཡང་ཡང་འཁྲུད་པ་དང་། དབུགས་ལམ་གྱི་ནད་རྟགས་བྱུང་སྐབས་གློ་ལུ་བའི་གུས་སྲོལ་ལ་མཉམ་འཇོག་དགོས།

5.དགོས་ངེས་ཀྱི་རིམས་འགོག་མཁོ་ཆས་སྒྲིག་སྦྱོར་བྱེད་པ། ལུས་དྲོད་འཇལ་ཆས་དང་ཤོག་ཕྱིས། སྨན་སྤྱོད་འགོག་སྲུང་ཁ་ཐུམ། ཐེངས་གཅིག་ཅན་གྱི་ལག་ཤུབས། དུག་སེལ་སྨན་རྫས་སོགས་མཁོ་ཆས་དང་དུག་སེལ་ཐོན་རྫས། དེ་བཞིན་ཁ་གཅོད་ཡོད་པའི་གད་སྙིགས་བླུག་སྣོད་སྒྲིག་སྦྱོར་བྱེད་དགོས།

གཉིས། ཁྱིམ་ཚང་གི་འགོག་སྲུང་ཐད་ནས་བཤད་ན། ཁྱིམ་ཚང་གི་ཁོངས་མིའི་འཚོ་བར་དོ་སྣང་བྱེད་དགོས་པའི་དོན་ཚན་འགའ་ཡོད་དེ།

1.ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་སྨན་ཁང་ནས་བུད་པའི་ནད་པར་ཁེར་རྐྱང་གི་གསང་སྤྱོད་སྤྱོད་དུ་འཇུག་པ་ལས་ཁྱིམ་མི་གཞན་དག་དང་མཉམ་དུ་གསང་སྤྱོད་མཉམ་སྤྱོད་བྱེད་དུ་འཇུག་མི་རུང་།

2.ཁྱིམ་ཚང་ནང་གི་ཁོངས་མི་གཞན་དག་གིས་སྨན་ཁང་ནས་བུད་པའི་ནད་པ་དང་འཚོ་བའི་མཁོ་ཆས་མཉམ་སྤྱོད་མི་བྱེད་པ་དང་། འབྲེལ་འདྲིས་ཟབ་མོ་མི་བྱེད་པ། ཟ་མ་ཟ་སྐབས་ཟ་མ་བགོ་བའི་ལམ་ལུགས་དར་སྤེལ་བཏང་སྟེ་དུས་ཚོད་བགོས་ནས་ཟ་མ་ཟ་དགོས།

3.ཁྱིམ་ཚང་གི་ཁོངས་མིས《སྤྱི་དམངས་ཀྱི་རིམས་འགོག་གཞི་རྩའི་བྱ་སྤྱོད་ཚད་གཞི》ལ་བརྩི་སྲུང་བྱས་ནས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་དོ་ཁུར་བྱེད་དགོས།

4.སེམས་ཁམས་ལྷོད་ལ་བབས་ནས་ཆུ་མང་ཙམ་འཐུང་རྒྱུར་དོ་སྣང་བྱེད་དགོས་པ་དང་། འཚོ་བཅུད་ལ་དོ་སྣང་བྱེད་པ། བཟའ་བཏུང་དོ་སྙོམས། རྩོལ་མལ་ཆོས་ཉིད་དང་མཐུན་པ། ཁང་པའི་ནང་དུ་འགུལ་སྐྱོད་འོས་འཚམ་བཅས་བྱས་ནས་ནད་འགོག་ནུས་པ་མཐོ་རུ་གཏོང་དགོས།

གཞན་ཡང་འདི་གའི་སྨན་ཁང་ནས་ཕྱིར་བུད་པའི་ནད་པར་དྲན་སྐུལ་བྱེད་དགོས་པ་ནི། མིག་སྔར་སྨན་ཁང་ནས་བུད་པའི་ནད་པར་རིམས་འགོག་ནུས་པ་ངེས་ཅན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཡང་བསྐྱར་འགོས་པའི་སྲིད་ཕྱོད་ཅུང་དམའ་རུང་ད་དུང་ཉེན་ཁ་ཡོད། དེར་བརྟེན། རིམས་འགོག་ཐད་ད་དུང་གོང་ནས་བཤད་པའི《སྤྱི་དམངས་ཀྱི་རིམས་འགོག་གཞི་རྩའི་བྱ་སྤྱོད་ཀྱི་ཚད་གཞི》བརྩི་སྲུང་ནན་མོ་བྱས་ཏེ། ལག་པ་འཁྲུད་པ་དང་ཚན་རིག་དང་མཐུན་པའི་ཁ་ཐུམ་རྒྱག་པ། གློ་ལུ་རྒྱག་པའི་གུས་སྲོལ་ལ་དོ་སྣང་བྱེད་པ། འདུ་འཛོམས་ཉུང་བ། ཚད་ལྡན་ངང་ཟ་མ་ཟ་བ། རྒྱུན་དུ་རླུང་རྒྱུ་བ། གཙང་སྦྲ་དུག་སེལ་ཡག་པོ་བྱེད་པ། གསང་སྤྱོད་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་གོམས་སུ་འཇུག་པ། ཉིང་སྐྱུར་བཤེར་འཇལ། འགོག་ཁབ་རྒྱག་པ། ཅི་ནུས་ཀྱིས་ཡང་བསྐྱར་ནད་འགོས་པའི་གོ་སྐབས་ཉུང་དུ་གཏོང་བ་བཅས་བྱེད་དགོས།

གསུམ། སྡེ་ཁུལ་དོ་དམ་གྱི་ངོས་ནས་བརྗོད་ན། 

མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་འཛུགས་དགོས་པ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣས་དུས་ཐོག་ཏུ་དྲག་སྐྱེད་བྱུང་བའམ་ཡང་ན་སྲིབ་གཤིས་སུ་གྱུར་ནས་སྡེ་ཁུལ་དུ་ལོག་པའི་ནད་པའི་ཆ་འཕྲིན་ཁོང་དུ་ཆུད་པ་བྱེད་དགོས་པ་དང་། སྡེ་ཁུལ་དུ་ལོག་སྐབས་དུས་ཐོག་ཏུ་དེ་ལ་འབྲེལ་བ་བྱེད་དགོས་པ་མ་ཟད། ཆ་འཕྲིན་ཞིབ་བསྡུར་བྱས་ཏེ་བདེ་ཐང་བཤེར་འཇལ་བྱེད་རིང་ཉིན་རེ་རེར་བདེ་ཐང་བཤེར་འཇལ་གྱི་ཆ་འཕྲིན་བསྡུ་རུབ་བྱས་ནས། དུས་བཀག་ལྟར་བདེ་ཐང་ཞིབ་བཤེར་མི་སྣའི་དོ་དམ་གནས་ཚུལ་སྙན་སེང་ཞུས་ནས་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་ཆབས་ཅིག་རིམས་འགོག་ལས་དོན་ལ་མཛུབ་ཁྲིད་དང་འཚོ་བའི་ཞབས་ཞུའི་འགན་ལེན་བྱེད་དགོས།


མཉམ་སྤྱོད།