མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས24ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རིམས་ནད་བྱུང་བའི་སྐབས་སུ་ཡང་དག་ལུགས་མཐུན་གྱི་དུག་སེལ་བྱེད་ཐབས།

2022-12-23 17:57:13   |   359

རྩོམ་སྒྲིག    སངས་དོན།       དུས་ཚོད།  2022-12-23    17:59


དུག་སེལ་ནི་ནད་དུག་ཁྱབ་མཆེད་བྱེད་པ་འགོག་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན།

ལུགས་མཐུན་མིན་པའི་དུག་སེལ་བྱེད་སྟངས་ཀྱིས་བདེ་ཐང་ལ་གནོད་སྐྱོན་བཟོ་སྲིད།

ཁྱིམ་ཚང་ལ་ཡང་དག་པའི་དུག་སེལ་བྱེད་པར་ནོར་འཁྲུལ་འདི་དག་བཟོ་མི་རུང་།

གཅིག ཁྱིམ་དུ་ཉིན་རེ་རེར་དུག་སེལ་བྱེད་དགོས་སམ་ཞེ་ན།

ངེས་པ་མེད། ཁྱིམ་ཚང་གི་འགོག་སྲུང་ནི་གཙང་སྦྲ་གཙོ་བོ་བྱེད་པ་དང་དུག་སེལ་རམ་འདེགས་སུ་འཛིན་དགོས། གལ་ཏེ་གནས་སའི་གཞིས་ཁུལ་དུ་པྲོག་གསར་ནད་དུག་འགོས་ཡོད་པའི་མི་མེད་པ་དང་། ཁྱིམ་དུ་མི་གཞན་ཡོང་མྱོང་མེད་པ། ནད་རྟགས་དང་འདྲ་བའི་རིགས་ཀྱང་མེད་ན། རྒྱུན་ལྡན་གྱི་གཙང་སྦྲ་ཡག་པོ་བྱས་ན་ཆོག་པ་ལས་ཉིན་རེ་རེར་དུག་སེལ་བྱེད་དགོས་དོན་མེད། ལུགས་མཐུན་མིན་པའི་དུག་སེལ་བྱེད་སྟངས་ཀྱིས་ནད་དུག་གསོད་པའི་ནུས་པ་མི་ཐོན་པར་མ་ཟད། དེ་ལས་ལྡོག་སྟེ་ལུས་ཕུང་དང་ཁོར་ཡུག་ལ་གནོད་འཚེ་གཏོང་སྲིད།

གཉིས། དུག་སེལ་སྨན་རྫས་ཀྱི་གར་ཚད་ཇི་ལྟར་མཐོ་ན་དེ་ལྟར་བཟང་ངམ་ཞེ་ན།

དེ་འདྲ་མ་ཡིན། དུག་སེལ་སྨན་རྫས་ཀྱི་གར་ཚད་མཐོ་དྲགས་པའམ་ཡང་ན་དམའ་དྲགས་པ་གང་ཡིན་རུང་དུག་སེལ་གྱི་ཕན་འབྲས་ཐོན་མི་ཐུབ། ཚོང་རར་འཚོང་བའི་དུག་སེལ་སྨན་རྫས་ནི་གསལ་བཤད་ཡི་གེའི་ཤོག་བྱང་ལྟར་གསལ་བོར་སེམས་ལ་ངེས་རྗེས་བེད་སྤྱོད་བྱེད་དགོས་པ་དང་། དུག་སེལ་བྱེད་པར་ཆང་བཅུད་བཀོལ་ན་གར་ཚད75%ཅན་འདེམས་འོས། ཕན་ནུས་ཆེ་བའི་དུག་སེལ་གཤེར་ཁུ་ལ་སྤྱིར་བཏང་དུ་ཟུག་གཟེར་རང་བཞིན་དྲག་པོ་ལྡན་ཞིང་། གར་ཚད་མཐོ་དྲགས་ན་མིའི་ཁ་ནང་དང་དབུགས་ལམ། གློ་བ་སོགས་ལ་ཟུག་གཟེར་སློང་སྲིད་ལ། ཐ་ན་དབང་བོ་དང་ཕུང་གྲུབ་ལ་གནོད་འཚེ་ཐེབས་པའི་ཉེན་ཁ་ཡོད།

གསུམ།  དུག་སེལ་སྨན་རྫས་མི་འདྲ་བ་བསྲེས་སྤྱོད་བྱེད་ཆོག་གམ་ཞེ་ན།

མི་ཆོག དུག་སེལ་རྫས་གཉིས་སམ་ཡང་ན་དེའི་ཡན་མཉམ་བསྲེས་བྱས་ནས་བཀོལ་ན། རྫས་འགྱུར་འགྱུར་ལྡོག་འབྱུང་ཧ་ཅང་སླ་བས་གནོད་འཚེ་ཐེབས་སྲིད། 84དུག་སེལ་གཤེར་ཁུ་དང་ཆང་བཅུད་མཉམ་བསྲེས་བྱས་རྗེས་བྱུང་བའི་ཁིལ་དབུགས་ཀྱིས་དབུགས་ལམ་ལ་ཟུག་གཟེར་སློང་ཞིང་གནོད་སྐྱོན་ཐེབས་ལ། གར་ཚད་མཐོ་དྲགས་ན་མིའང་གསོད་ཐུབ། 84དུག་སེལ་གཤེར་ཁུ་དང་གསང་སྤྱོད་གཙང་སྨན་མཉམ་བསྲེས་བྱས་ན་དུག་ལྡན་རླུང་གཟུགས་འབྱུང་ཞིང་། མིའི་མིད་པ་དང་དབུགས་ལམ། གློ་བ་བཅས་ལ་ཟུག་གཟེར་བསླངས་ནས་དུག་ཕོག་སྲིད།

བཞི། ལག་པ་འཁྲུད་མི་དགོས་པའི་དུག་སེལ་གཤེར་ཁུ་ཡིས་རྒྱུག་ཆུའི་ཚབ་བྱས་ནས་ལག་པ་འཁྲུད་ཆོག་གམ་ཞེ་ན།

ཡོངས་སུ་ཚབ་བྱེད་མི་ཐུབ། ལག་པ་འཁྲུད་མི་དགོས་པའི་དུག་སེལ་གཤེར་ཁུའི་ནང་དུ་འབུ་ཕྲ་གསོད་པའི་གྲུབ་ཆ་འདུས་ཡོད་ལ། དུག་སེལ་གྱི་ཕན་འབྲས་ངེས་ཅན་ཞིག་ཡོད། འོན་ཀྱང་དུག་སེལ་གྱི་གྲུབ་ཆ་ལ་ཟུག་གཟེར་རང་བཞིན་ངེས་ཅན་ཞིག་ཡོད་པས་སྐྱི་པགས་ལ་ཚོར་ལོག་གི་སྣང་ཚུལ་འབྱུང་སྲིད། གལ་ཏེ་ཆ་རྐྱེན་འཛོམས་ན། གང་ནུས་ཀྱིས་རྒྱུག་ཆུས་ལག་པ་འཁྲུད་པ་དང་། གཞོགས་འདེགས་སུ་འདག་རྫས་དང་ལག་འཁྲུད་གཤེར་ཁུ་བཀོལ་ཏེ། ནན་ཏན་གྱིས་མཛུབ་རྩེ་དང་ལག་མཐིལ། མཁྲིག་མའི་གནས་སོ་སོར་གཙང་སྦྲ་བྱེད་དགོས།

ལྔ།  བཟའ་བཏུང་ཡོ་བྱད་ཆུ་ཁོལ་ཁྲོད་བཞག་ན་དུག་སེལ་བྱེད་ཐུབ་བམ་ཞེ་ན།

དུས་ཡུན་ལ་ཁག་ཐེག་བྱས་ན་ད་གཟོད་ནུས་པ་ཡོད། ཁྱིམ་སྤྱོད་བཟའ་བཏུང་ཡོ་བྱད་སོགས་ཆུ་ཁོལ་མས་སྐར་མ་བཅུ་ལ་དུག་སེལ་བྱས་ཆོག བཟའ་བཏུང་ཡོ་བྱད་ངེས་པར་དུ་ཡོངས་སུ་ཆུ་ནང་དུ་སྦངས་དགོས། བཟའ་བཏུང་ཡོ་བྱད་གཙང་འཁྲུད་དང་དུག་སེལ་བྱས་རྗེས། ཉར་ཚགས་བྱེད་སྐབས་སྐམ་པོ་ཡོང་བར་མཉམ་འཇོག་དགོས།

དྲུག དུག་སེལ་སྨན་རྫས་བཀོལ་ཚར་རྗེས་གང་འདོད་དུ་འཇོག་ཆོག་གམ་ཞེ་ན།

དེ་ལྟར་བྱེད་མི་ཆོག རྫས་འགྱུར་དུག་སེལ་སྨན་རྫས་མང་ཆེ་བ་འབར་སླ་བ་དང་གས་སླ་བ། རུལ་སླ་བའི་དངོས་རྫས་ཡིན་པས། ཉར་ཚགས་དང་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ་བདེ་འཇགས་ལ་མཉམ་འཇོག་བྱེད་དགོས། ཉི་འོད་དང་ཚ་དྲོད་ལ་གཡོལ་ཐུབ་པའི་གྲིབ་བསིལ་དུ་བཞག་ནས་བྱིས་པ་ཚོས་རེག་མི་ཐུབ་པ་བྱེད་དགོས། དུག་སེལ་བྱེད་སྤྱད་ཀྱི་ཕྱིས་རས་སམ་དངོས་རྫས་གཞན་དག་བེད་སྤྱོད་བྱས་ཚར་རྗེས་ཆུ་གཙང་མས་བཀྲུས་ནས་རླུང་རྒྱུ་སར་སྐམ་དགོས། དུག་སེལ་སྨན་རྫས་ཉོ་ཐེངས་རེར་མང་པོ་ཉོ་མི་རུང་། དུག་སེལ་སྨན་རྫས་འཇོག་པའི་སྣོད་ཆས་ལ་ངེས་པར་དུ་ཁ་གཅོད་རྒྱག་དགོས། ཤེལ་དམ་རྐྱང་པའི་ཐུམ་སྒྲིལ་དེ་ཧའོ་ཧྲེང500ལས་བརྒལ་མི་རུང་།


མཉམ་སྤྱོད།