དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གཟུགས་མེད་ཤུལ་བཞག་རིག་གནས་ལས་གླིང་སྒྲུང་གི་ཤེས་བྱ་ཐོར་བུ།

2024-09-24 10:22:12   |   424

རྩོམ་སྒྲིག ཁྱུང་ཐར་རྒྱལ། ཡོང་ཁུངས། 《གླིང་སྒྲུང་ཤེས་བྱ》བཤེར་འབེབས། རིན་ཆེན་ཚེ་རིང་།


1 གླིང་གི་དཔའ་ཐུལ་སུམ་ཅུ།

 གསེར་བའི་ཉི་འབུམ་དར་ཡག འོམ་བུ་ཨ་ནུ་དཔའ་སེང་། དམུ་སྤྱང་རིན་ཆེན་དར་ལུ། འབུམ་པའི་རྒྱ་ཞལ་དཀར། ཡ་མེད་སེང་སྟག་ཨ་དོམ། ཚ་རྒྱལ་འདན་མ་བྱང་ཁྲ། སྟག་རོང་དཔོན་པོ་གཟིགས་འཕེན། སྒ་བདེ་ཆོས་སྐྱོང་བར་ནག ཆོས་ལུ་བུ་ཡི་དར་འཕེན། སྟག་རོང་ཉ་ཚ་ཨ་བརྟན། ཨ་ཁུ་སྤྱི་དཔོན་རྒྱལ་པོ། སེང་བློན་ག་མ་རི་སྐྱེས། མ་བཞི་དཔོན་པོ་ཁྲོ་ཐུང་། ལྷ་བུ་ནམ་མཁའ་སེན་ཞལ། སྣང་ཆུང་གཡུ་ཡི་མེ་ཏོག རོང་ཚ་གོང་གི་དམར་ལེབ། མུ་པའི་ཤེལ་དཀར་རྒྱང་གྲགས། འོམ་བུ་སྤྱང་ཁྲི་རིན་ཆེན། བཅོ་ལྔའི་དཔའ་གསལ་ཟླ་བ། གུང་པ་བུ་ཡི་སྐྱ་ཁྲ། ལྕགས་ནག་དཔོན་པོ་སེང་སེང་། གཡུ་ཡག་མགོན་པོ་སྟོང་ཐུབ། གདོང་བཙན་སྣང་ངུ་ཨ་དཔལ། རྒོད་པོ་ཉི་མ་ལྷུན་གྲུབ། སྐྱ་ལོ་བུ་ཡག་འབྲུག་རྒྱལ། གསེར་བའི་བུ་ཆུང་ཐར་ཡག ཨ་འབར་བུ་ཡི་འཕེན་སྟག མི་ཆེན་རྒྱལ་བའི་ལྷུན་གྲུབ། གླིང་ཆེན་ཐར་བའི་བསོད་ནམས། རྒྱ་དཔོན་གསེར་གྱི་ཨརྒྷཾ། སྟོང་དཔོན་གྲ་རྩེ་ཤེས་མཆོག  སྐྱ་ལོའི་སྟོན་པ་རྒྱལ་མཚན། འདན་མ་གུ་རུ་རྒྱལ་མཚན། དཀར་རུ་ཉི་མ་རྒྱལ་མཚན། ནག་རུ་ཐར་པ་རྒྱལ་མཚན། ཨ་གེ་ཚངས་པའི་ངོ་ལུག གཟུ་ཆེན་ཝེར་མ་ལྷ་དར། དབང་བཅད་དབང་པོ་དར་འཕེན། 

2 ཡང་ཐུལ་དམ་པའི་མི་བདུན།

 འབུམ་པའི་རྒྱ་ཚ་ཞལ་དཀར། ཡ་མེད་སེང་སྟག་ཨ་དོམ། ཚ་རྒྱལ་འདན་མ་བྱང་ཁྲ། སྟག་རོང་དཔོན་པོ་གཟིག་འཕེན། སྒ་བདེ་ཆོས་སྐྱོང་བེར་ནག ཆོས་ལུ་བུ་ཡི་དར་འཕེན། སྟག་རོང་ཉ་ཚ་ཨ་བརྟན།

3 ཞེ་ཐུལ་ཁྲ་གླག་སྤྱང་གསུམ།

 གསེར་བའི་ཉི་འབུམ་དར་ཡག འོམ་བུ་ཨ་ནུ་དཔའ་སེང་། དམུ་སྤྱང་རིན་ཆེན་དར་ལུ། 

4 གླིང་དཀར་པོའི་མི་ཆེན་རྣམ་གསུམ།

ཡབ་ཆེན་སེང་བློན་ར་སྐྱེས། གུ་རུ་ལྷ་རྩེ་གོང་རྒྱལ། སེང་ཆེན་ཉི་མ་རྒྱལ་པོ།

5 གླིང་མཐོ་བའི་རྒན་པོ་རྣམ་གསུམ།

སྤྱི་དཔོན་རོང་ཚ་ཁྲ་རྒན། མི་རྒོད་ཨ་སྒོམ་སྟག་རྒྱལ། སྐྱ་ལོ་ཕྱུག་གི་གཞི་མ། 

6 གླིང་གི་གཅེས་ཕྲུག་བཅུ་གསུམ།

སྣང་ཆུང་གཡུ་ཡི་མེ་ཏོག རོང་ཚ་གོང་གི་དམར་ལེབ། མུ་པའི་ཤེལ་དཀར་རྒྱང་གྲགས། འོམ་བུ་སྤྱང་ཁྲི་རྔམ་ཆེན། བཅོ་ལྔའི་དཔའ་གསལ་ཟླ་བ། གུང་པ་བུ་ཡི་སྐྱ་ཁྲ། ལྕགས་ནག་དཔོན་པོ་སེང་སེང་། གཡུ་ཡག་མགོན་པོ་སྟོང་ཐུབ། གདོང་བཙན་སྣང་ངུ་ཨ་དཔལ། རྒོད་པོ་ཉི་མ་ལྷུན་གྲུབ། སྐྱལ་ལོའི་བུ་ཡག་འབྲུག་རྒྱས། གསེར་པའི་བུ་ཆུང་ཐར་ཡག ཨ་འབར་བུ་ཡི་འཕེན་སྟག

7 གླིང་གི་ཇ་མ་བཅོ་བརྒྱད།

སྐྱ་ལོའི་སེང་ལྕམ་འབྲུག་མོ། བཻ་སྟོན་བུ་མོ་འབུམ་སྐྱིད། བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ། དར་བཟའ་ཆོས་ཀྱི་སྒྲོལ་མ། ཟི་མ་གཡང་སྨན་རྒྱལ་མོ། སྟོང་ཉིད་མགར་བཟའ་ཆོས་སྒྲོན། ཧོར་གྱི་ཐི་མོ་སྤུན་གསུམ། འཇང་བཟའ་པདྨ་ཆོས་སྒྲོན། མོན་བཟའ་མེ་ཏོག་ལྷ་མཛེས། བལ་མོ་ཀུན་གསལ་སྒྲོན་མ། སྟག་གཟིག་བུ་མོ་པདྨ་མཚོ། སོག་ཉང་ཁྲིའི་བུ་མོ་དར་ལི་སྒྲོན། བྱང་བྱེ་རྒྱལ་སྲས་མོ་ཀརྨ་སྒྲོན། སོག་སྨད་ལྷ་སྲས་ཀུན་དགའ་མཚོ། མི་ཆེན་སྲས་མོ་ཨ་ཀུན་མཚོ། ཨ་ཆུང་ནེའུ་ཆུང་བླ་རྟགས། བྱང་ཤང་པའི་བུ་མོ་མདོ་སྒྲོན་དང་ཆོས་མོ་མཚོ།

8 གླིང་གི་མོ་སྨན་བདུན།

སྐྱ་ལོའི་སེང་ལྕམ་འབྲུག་མོ། སྔོ་ལོ་སྐྱིད་ཀྱི་ནེའུ་ཆུང་། གྲོ་ལོ་པད་དཀར་ལྷ་མཛེས། སྤྱི་དཔོན་བུ་མོ་གཡུ་སྒྲོན། ཚ་ཞང་བུ་མོ་མཛེས་སྒྲོན། ཡ་ཐའི་བུ་མོ་གསེར་མཚོ། ཁྲོ་ཐུང་བུ་མོ་ཁྲོ་མོ་མཚོ།


མཉམ་སྤྱོད།