དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ལོ་ངོ5000ལྷག་ཙམ་གོང་གི་སྔོན་བྱོན་མེས་པོའི་ངོ་གདོང་རྣམ་པ་ཐོག་དང་པོར་སླར་གསོ་བྱས་པ།

2024-09-25 09:50:14   |   436

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལྟའི་བར་དུ་ལོ7000ནས5000ཙམ་ཡོད་པའི་གོང་རོལ་ཏུ། དབྱང་ཧྲོ(仰韶)་ཡི་མེས་པོ་ཚོས་ལུང་གཞུང་དུ་འདུས་སྡོད་གནས་བསྐྲུན་ཡོད་ཅིང་། ཞིང་རྨོ་འདེབས་དང་། གསོ་ཚགས། རྔོན་ལས། རྫ་ཆས་བཟོ་བ་སོགས་ཀྱི་ལས་ཀ་བྱེད་ཀྱིན་ཡོད། ཟླ9པའི་ཚེས24ཉིན་ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་པ་ལྟར་ན། དབྱང་ཧྲོ་གྲོང་ཚོའི་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་ཐེངས་བཞི་པ་བྱས་ནས་སྔོག་འདོན་བྱས་པའི་མི་རུས་ལ་ཚན་རྩལ་དབྱེ་ཞིབ་བྱས་པ་བརྒྱུད་ལོ5000ལྷག་ཙམ་གྱི་གོང་གི་དབྱང་ཧྲོའི་མེས་པོ་ཚོའི་ངོ་གདོང་གི་རྣམ་པ་ཐོག་མར་སླར་གསོ་བྱས།

微信图片1.jpg

“དབྱང་ཧྲོ་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གཙོ་རྐང་ལྟ་བུ་ཡིན་ཞིང་།    དབྱང་ཧྲོའི་མེས་པོ་རྣམས་ནི་ཇི་འདྲ་ཞིག་ཡིན་པ་ལ་ཚང་མས་ཡ་མཚན་ཆེན་པོ་བྱེད་ཀྱིན་ཡོད”ཅེས་ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་དང་། དབྱང་ཧྲོ་གྲོང་ཚོའི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ཐེངས་བཞི་པའི་ཡུལ་དངོས་འགན་འཁུར་བ་ལི་ཧྲི་ཝུའེ་ཡིས་དེ་ལྟར་བཤད། ཁོང་གིས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་དང་དབྱང་ཧྲོ་རིག་གནས་ཞིབ་འཇུག་ལ་སྔར་བས་སྐུལ་འདེད་གཏོང་བ་དང་འབྲེལ་ཡོད་གྲུབ་འབྲས་གཞན་སྒྱུར་དང་བརྒྱུད་སྤེལ་ལ་སྐུལ་འདེད་གཏོང་ཆེད། 2023ལོར་ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་སྤྱི་བདེ་པུའི་གསལ་འབྱེད་ལྟེ་གནས་སོགས་ཚན་པ་དང་མཉམ་འབྲེལ་བྱས་ཏེ་དབྱང་ཧྲོ་གྲོང་ཚོའི་མེས་པོ་རྣམས་ཀྱི་ངོ་གདོང་གི་རྣམ་པ་སླར་གསོ་བྱེད་པའི་ལས་དོན་སྤེལ། ལི་ཧྲི་ཝུའེ་ཡིས་ལག་རྩལ་ཚོགས་པས་མགོ་རུས་སླར་གསོའི་ལག་རྩལ་གང་ལེགས་སྤྱད་པའི་རྨང་གཞིའི་ཐོག་གནའ་བོའིDNAཞིབ་འཇུག་དང་། གཟུགས་གཞི་མིའི་རིགས་རིག་པ་སོགས་རིག་ཚན་མང་པོ་མཉམ་འབྲེལ་བྱས་ཏེ་དབྱང་ཧྲོའི་དུས་སྐབས་དང་ལུང་ཧྲན་དུས་སྐབས་ཀྱི་སྔོན་བྱོན་མེས་པའི་ངོ་གདོང་རྣམ་པར་ལྟོས་བཅས་ཀྱིས་གནད་ལ་འཁེལ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སླར་གསོ་རགས་ཙམ་བྱས་ཡོད་ཅེས་ངོ་སྤྲོད་བྱས། སླར་གསོ་བྱས་པའི་དབྱང་ཧྲོའི་དུས་སྐབས་ཀྱི་མེས་པོ་ནི་ལོ40ཡས་མས་ཀྱི་སྐྱེས་པ་ཞིག་ཡིན་པ་དང་ད་བར་དུ་ལོ5600ཙམ་འགོར་ཡོད། ལུང་ཧྲན་དུས་སྐབས་ཀྱི་མེས་པོ་ནི་ལོ50ཡས་མས་ཀྱི་སྐྱེས་པ་ཞིག་ཡིན་པ་དང་ད་བར་དུ་ལོ4000ཙམ་འགོར་ཡོད།    

11.jpg

ལི་ཧྲི་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་རབས་མང་པོ་སོང་བར་བརྟེན།    དབྱང་ཧྲོའི་སྔོན་བྱོན་མེས་པོའི་ངོ་གདོང་རྣམ་པར་དཔྱད་གཞིའི་ཡིག་རིགས་གང་ཡང་མེད། ཞིབ་ཕྲའི་གྲངས་གཞི་ཐོབ་ཆེད། ཚོགས་པས་དབྱང་ཧྲོའི་སྔོན་བྱོན་མེས་པོའི་མགོ་རུས་ཀྱི་གནས་ཐིག་གཏན་འཁེལ་བྱ་ཡུལ་ཁྲི401ལྷག་ཙམ་འཚོལ་བསྡུ་བྱས་པ་དང་། དེ་ནས་རྒྱུད་འཛིན་གྱི་རྒྱབ་ལྗོངས་ཕན་ཚུན་ཐག་ཉེ་ཤོས་ཀྱི་མི་ཚོགས་ལ་ཤ་གནད་ཕུང་གྲུབ་སྦྱར་བ་དང་འབྲེལ།    གཞི་རྒྱུར་དབྱེ་ཞིབ་བྱས་པ་བརྒྱུད་ཤ་མདོག་དང་སྐྲ་སྤུ་ལ་སྔོན་དཔག་བྱས་ནས་མིག་སྔའི་བར་སླར་གསོ་གནད་སྨིན་ཐུབ་ཚད90%ཙམ་ཟིན་ཡོད། དབྱང་ཧྲོ་གྲོང་ཚོའི་རྗེས་ཤུལ་དེ་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་ཧྲེང་ཁྲི་རྫོང་དུ་གནས་པ་དང་།    1921ལོར་རྗེས་ཤུལ་དེ་ཐོག་མར་སྔོག་འདོན་བྱས་པ་དེས་ཀྲུང་གོའི་དེང་རབས་ཀྱི་གནའ་རྫས་དཔྱད་ཞིབ་རིག་པ་བྱུང་བ་མཚོན་པ་དང་དེའི་གསར་རྙེད་གལ་ཆེན་ལ“དབྱང་ཧྲོ་རིག་གནས”ཞེས་མིང་བཏགས་པ་དེ་ནི་ཀྲུང་གོའི་ཉེ་རབས་ཀྱི་གནའ་རྫས་དཔྱད་ཞིབ་རིག་པའི་ལོ་རྒྱུས་ཐོག་གི་གནའ་རྫས་དཔྱད་ཞིབ་རིག་པའི་རིག་གནས་ཀྱི་མིང་དང་པོ་དེ་ཡིན། 2020ལོའི་ཟླ8པར་དབྱང་ཧྲོ་གྲོང་ཚོའི་གནའ་ཤུལ་དུ་གནའ་རྫས་དཔྱད་ཞིབ་དང་སྔོག་འདོན་ཐེངས་བཞི་པ་བྱེད་མགོ་ཚུགས།

22.jpg

ལི་ཧྲི་ཝུའེ་ཡིས“དབྱང་ཧྲོ་གྲོང་ཚོའི་གནའ་ཤུལ་གྱི་སྔོན་བྱོན་མེས་པོའི་ངོ་གདོང་གི་རྣམ་པ་སླར་གསོ་བྱུང་བ་དེས་ང་ཚོར་གནའ་བོའི་སྤྱི་ཚོགས་ཀྱི་སྣ་མང་རིག་གནས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱེད་དུ་འཇུག་ཐུབ་ལ། རིག་དངོས་ཚན་རྩལ་གསར་གཏོད་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན”ཞེས་བཤད། ཁོང་གིས་མིག་སྔར་ཚོགས་པས་ད་དུང་གནའ་བོའིDNAལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་རྒྱུན་མཐུད་རང་བཞིན་གྱི་ཞིབ་འཇུག་བྱས་པ་བརྒྱུད་ཡི་གེ་མ་བྱུང་བའི་སྔོན་གྱི་མི་ཚོགས་ཀྱི་གནས་ཚུལ་སྔར་བས་ཁྱོན་ཡོངས་ནས་གསལ་སྟོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།


མཉམ་སྤྱོད།