དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འདས་པའི་ལོ་ངོ15ཡི་རིང་ལ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཡོད།

2024-09-05 14:55:58   |   220

རྩོམ་སྒྲིག  དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས།  རིན་ཆེན་ཚེ་རིང་།


5.jpg

ཚན་ཞིབ་བརྒྱུད་གསར་རྟོགས་བྱུང་བ་ལྟར་ན། ཡ་གླིང་གི་ཆུ་ལྕོག་ཏུ་ངོས་འཛིན་པའི་མདོ་དབུས་མཐོ་སྒང་ཇེ་དྲོ་དང་ཇེ་རླན། ཇེ་ལྗང་བཅས་སུ་འགྲོ་བཞིན་ཡོད་པ་རེད། འདས་པའི་ལོ་ངོ15ཡི་རིང་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བཞིན་པའི་རྣམ་པ་མངོན་ཡོད་ལ། རབ་འབྲིང་བཟང་གསུམ་གྱི་རྩྭ་ས་དང་ནགས་ཚལ་གྱི་རྒྱ་ཁྱོན་སྡུར་ཚད་སོ་སོ6%དང12%ཀྱིས་ཇེ་མཐོར་ཕྱིན་ཡོད། ཆུ་ཁུངས་སྐྱིལ་གསོག་དང་ས་རྒྱུ་རྒྱུན་སྲུང་། རླུང་འགོག་བྱེ་བརྟན་བཅས་ཀྱི་ཞབས་ཕྱིའི་བྱེད་ནུས་སོ་སོ1%དང2% 70%བཅས་ཀྱིས་ཇེ་མཐོར་ཕྱིན་ཏེ། སྐྱེ་ཁམས་མ་ལག་གི་ཞབས་ཕྱིའི་བྱེད་ནུས་བསྟུད་མར་མཐོར་འདེགས་བཏང་ཡོད། དུས་མཚུངས་སུ། མདོ་དབུས་མཐོ་སྒང་གི་ལོ་རེའི་ཐཱན་ཁེ་ལྷག་ཏུན་ཁྲི6500ལས་བརྒལ་ནས། རྒྱལ་ཡོངས་ཀྱི་ཐཱན་སྙོམ་སྒྲིག་ལ་བྱས་རྗེས་བཞག་ཡོད། 

མདོ་དབུས་མཐོ་སྒང་རིམ་བཞིན་ཇེ་ལྗང་དུ་གྱུར་པའི་དུས་མཚུངས་སུ། མཁའ་དབུགས་དྲོད་ཚད་ཇེ་མཐོར་ཕྱིན་པ་ལས་བསྐྱེད་པའི་ཡ་གླིང་ཆུ་ལྕོག་གི་དོ་མཉམ་ཤོར་བ་ཡིས་མངོན་མེད་ཉེན་ཁ་ཁ་ཤས་ཀྱང་འབྱུང་བར་བྱེད་བཞིན་ཡོད། ཚན་ཞིབ་བརྒྱུད་གསར་རྟོགས་བྱུང་བ་ལྟར་ན། ཡ་གླིང་ཆུ་ལྕོག་དེ་ཚོད་དཔག་བྱས་པ་ལྟར་ན་དུས་རབས་འདིའི་ནང་དུ་དྲོ་རླན་ཚད་ལས་བརྒལ་བའི་རིམ་པ་རུ་བསླེབ་རྒྱུ་ཡིན་པ་དང་། དུས་རབས་འདིའི་དུས་མཇུག་ལ་ས་ཁུལ་ཁ་ཤས་ཀྱི་འཁྱགས་ཀླུང་ཕྱེད་ཀ་ལས་བརྒལ་བ་ཞུ་ནས་མཚེའུའི་ཆུ་ཕུང་སྨི10རྒྱས་རྒྱུ་རེད། ཡ་གླིང་ཆུ་ལྕོག་གི་སྤྱིའི་ཆུ་འདོན་བྱེད་ནུས་ཇེ་ལེགས་སུ་གཏོང་དགོས་ན་སྔར་བས་ནུས་ལྡན་གྱི་ཆུ་ཁུངས་རྒྱུན་མཐུད་དོ་དམ་བྱེད་ཐབས་ལག་བསྟར་བྱ་དགོས། 

ངོ་སྤྲོད་བྱས་པ་ལྟར་ན། ལོ་ངོ་བདུན་གྱི་རིང་ལ། ཚན་ཞིབ་མི་སྣས་དངོས་རིགས་གསར་བ3000ལྷག་རྙེད་པ་དང་། རྩ་མེད་དུ་གྱུར་པར་ངོས་བཟུང་བའམ་ལོ་ངོ་མང་པོར་མཐོང་མ་མྱོང་བའི་དངོས་རིགས་སྐོར་ཞིག་རྙེད། ཚན་ཞིབ་རུ་ཁག་གིས་ད་དུང་མདོ་དབུས་མཐོ་སྒང་གི་ཆེས་སྔ་མོའི་མིའི་རིགས་ཀྱི་བྱེད་སྒོ་ནི་ཕལ་ཆེར་ལོ་ཁྲི19ཡི་གོང་དུ་བྱུང་བའི་ལྟ་བ་བཏོན་ཏེ། མི་རིགས་ཀྱི་བྱེད་སྒོ་མདོ་དབུས་མཐོ་སྒང་ལ་འཕྲོད་བསྟུན་བྱས་ཚུལ་ཐད་བདེན་དཔང་གསར་བ་འདོན་སྤྲོད་བྱས།

2017ལོའི་མདོ་དབུས་མཐོ་སྒང་གི་ཚན་ཞིབ་ཐེངས་གཉིས་པ་སྤེལ་མགོ་བརྩམས་པ་ནས་བཟུང་། ཡ་གླིང་ཆུ་ལྕོག་གི་འགྱུར་ལྡོག་དང་ཤུགས་རྐྱེན་སོགས་ཀྱི་བརྗོད་བྱ་དང་འབྲེལ་ནས། མདོ་དབུས་མཐོ་སྒང་གི་ཡུལ་ཁོངས་ཧྲིལ་བོར་ཁྱབ་པའི་ཚན་ཞིབ་རྒྱུན་མཐུད་ངང་སྤེལ་བ་ཡིས་མདོ་དབུས་མཐོ་སྒང་གི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། སའི་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྐུལ་འདེད་བྱེད་པའི་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད།


མཉམ་སྤྱོད།