དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་དབུས་མཐོ་སྒང་གི་མཁའ་དབྱིངས་ནས་སྐྱེ་ཁམས་འགྱུར་ལྡོག་ལ་ལྟ་བ།

2024-09-23 10:08:55   |   503

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གངས་རིའི་འདབས་ཀྱི་ཆུ་བོ་དྭངས་མོ་ཤར་ཕྱོགས་སུ་བབས་ཏེ་སྐྱེ་དངོས་མཐའ་དག་རླན་པར་བྱེད་ཅིང་། ཐང་སྟོང་དུ་རི་དྭགས་གཙོད་རྣམས་ལམ་ཐག་རིང་བའི་གནས་སྤོའི་ལམ་དུ་ཞུགས་ཏེ་རྒྱུད་སྤེལ་ཞིང་འཚོ་བ་དང་། གཙང་ཆུའི་ནང་དུ་མཚོ་སྔོན་པོའི་གསེར་ཉས་རང་དབང་གི་གཤོག་རྩལ་ངོམས་བཞིན་འབད་བརྩོན་ཆེན་པོས་ཚང་དུ་ལོག་བཞིན་ཡོད། ད་སྐབས། མདོ་དབུས་མཐོ་སྒང་དུ་ཡོད་པའི་མཚོ་སྔོན་གྱི་སྐྱེ་ཁམས་མ་ལག་གི་འཐུས་ཚབ་རང་བཞིན་དང་གདོད་མའི་རང་བཞིན་ལ་ཆུ་ཚད་མཐོན་པོའི་སྲུང་སྐྱོབ་ཐོབ་ཡོད་ཅིང་། ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་རི་སྔོ་ཆུ་དྭངས་སྲུང་བཞིན་ཡོད། 

མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་སྒལ་ཚིགས་དང་ཡ་གླིང་གི་ཆུ་ལྕོག་ཡིན་ལ། ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། 

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ནི2023ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་མགོ་ཚུགས་པ་དང་། ལས་རིགས་ནང་ཁུལ་གྱི་ཆེད་མཁས་པས་བཤད་རྒྱུར། སྲུང་སྐྱོབ་བཅའ་ཁྲིམས་འདི་གཏན་འབེབས་དང་ལག་བསྟར་བྱས་པ་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན། སྤྱི་ཚོགས་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བཅས་ཀྱི་ཐད་དུ་དོན་སྙིང་གལ་ཆེན་ལྡན་པ་རེད། 

གཙོད་ཀྱི་གླུ།

ལོ་རེའི་ཟླ5བ་ནས8པའི་བར་དུ། མངལ་སྦྲུམ་པའི་གཙོད་མ་རྣམས་གནས་སྤོའི་ལམ་དུ་ཞུགས་ཏེ། ལེ་བར་སྟོང་ཕྲག་གི་ཕ་རོལ་ན་ཡོད་པའི་ངེས་གཏན་གྱི་གཙོད་ཕྲུག་བཙའ་སར་ཕྱིན་ནས་གཙོད་ཕྲུག་བཙའ་བ་རེད། 

1.jpg

2.jpg

ཁོ་ཚོས་ཚེ་སྲོག་གསར་བ་ཞིག་བསུ་བ་ཁོ་ནའི་ཆེད་དུ། རི་མཐོན་པོ་དང་ཆུ་ཆེན་པོ་བརྒལ་ཏེ་རང་བྱུང་གི་འགྲན་རྩོད་མང་པོར་གདོང་གཏོད་དགོས་ཤིང་། གཙོད་མས་བདེ་བླག་ངང་གཙོད་ཕྲུག་བཙས་རྗེས། ཉམས་ཆུང་ན་ཡང་སྙིང་རུས་ཆེ་བའི་ཚེ་སྲོག་དེ་ཡིས་ངོ་མཚར་མཛེས་སྡུག་གི་ས་གཞི་འདིའི་སྟེང་ནས་ཁོ་རང་ཉིད་ཀྱི་འགྲུལ་བཞུད་མགོ་རྩོམ་དགོས་པ་རེད། གཙོད་ཕྲུག་ཆུང་ཆུང་རྣམས་ཨ་མའི་ལྟ་སྐྱོང་འོག་རིམ་བཞིན་འཚར་ལོངས་བྱུང་སྟེ། གདུག་རྩུབ་ཆེ་བའི་ཁོར་ཡུག་ཁྲོད་འཚོ་གནས་བྱེད་སྟངས་སློབ་དགོས། གཙོད་མ་རྣམས་ཀྱིས་ཀྱང་གཙོད་ཕྲུག་དག་ལ་བློ་གྲོས་དང་སྙིང་སྟོབས་ཀྱི་ལམ་སྟོན་བྱ་དགོས།  གཙོད་ཀྱི་རྨིག་སྒྲ་རྩྭ་ཐང་དུ་མཆེད་དེ་རྒྱང་རིང་གི་གངས་རིར་བྲག་ཅ་འཁོར་བ་ནི་ཉམས་པ་མེད་པའི་ཚེ་སྲོག་གི་འགྲེལ་བཤད་ལེགས་ཤོས་ཡིན་ལ། གཙོད་ཀྱི་གོམ་པ་རེ་རེ་ཡིས་ས་གཞི་འདིའི་དབུགས་ཀྱི་རྒྱུ་བ་རེ་རེ་དང་འགྲོགས་ནས། རང་བྱུང་ཁམས་ཆེན་མོ་དང་མཉམ་དུ་ཚེ་སྲོག་གི་འཁོར་བའི་གར་ལ་རོལ་ཞིང་མདོ་དབུས་མཐོ་སྒང་གི་ཚེ་སྲོག་གི་རོལ་དབྱངས་རྩོམ་པ་དང་འདྲ། 

图片3.jpg

ཉི་མ་རྫོང་མཚོ་མོ་དོ་སྲུང་ས་ཚིགས་སུ་ཡོད་པའི་གཙོད་དཀར་པོའི་གཙོད་ཕྲུག

图片4.jpg

ཨ་ཆེན་གངས་རྒྱབ་གཙོད་གནས་མཚེའུ་རུ་གཙོད་འགའ་རྒྱུ་བཞིན་པ།

图片5.jpg

ཨ་ཆེན་གངས་རྒྱབ་གཙོད་གནས་མཚེའུ་རུ་གཙོད་ཁྱུ་ཞིག་རྒྱུ་བཞིན་པ།

ཆུ་བོའི་གར།

འཁྱགས་ཀླུང་ཞུ་བ་ལས་བྱུང་བའི་ཆུ་བོ་ནི་བསྐལ་བའི་ཕོ་ཉ་ཞིག་དང་འདྲ་བར། མཐོ་ཞིང་བརྗིད་པའི་གངས་རིའི་རྩེ་མོ་ནས་ལྷུང་ལྷུང་བཞུར་ཏེ། བྲག་རི་དང་ལུང་བ་བརྒྱུད་ནས་ལོ་ངོ་སྟོང་ཕྲག་གི་རྒས་ཉམས་དང་འགྱུར་ལྡོག་ཞིབ་བརྗོད་བྱེད་བཞིན་ཡོད། 

图片6.jpg

འདི་ནི་ཆུ་བོའི་བཞུར་རྒྱུག་ཁོ་ན་མ་ཡིན་པར། དུས་ཚོད་ཀྱི་སྐད་གདངས་དམའ་མོའང་ཡིན་ཏེ། ཆུ་ཡི་ཐིགས་པ་རེ་རེ་ཡིས་ལོ་ཟླའི་རྗེས་ཤུལ་བཏེགས་ཏེ། འདས་སོང་དང་འབྱུང་འགྱུར་གྱི་གཏམ་རྒྱུད་རྗོད་བཞིན་ཡོད། འཁྱགས་ཀླུང་གི་བཞུར་ཆུ་ནི་ཚེ་སྲོག་གི་ཆུ་མགོ་དང་འདྲ་བར་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་མཐའ་དག་གསོ་བཞིན་ཡོད་དེ། མཐའ་ཡས་པའི་རྩྭ་ཐང་ནས་སྔོ་ལྗང་གི་ནགས་ཚལ་དང་། ལང་ལོང་རྒྱུག་པའི་ཆུ་བོ་ནས་དབེན་ཞིང་ཟབ་པའི་མཚེའུ་སོགས་ཐམས་ཅད་ཀྱིས་འཁྱགས་ཀླུང་གི་བཞུར་ཆུའི་གནང་སྦྱིན་ལ་ལོངས་སུ་སྤྱོད་བཞིན་ཡོད། འཁྱགས་ཀླུང་གི་བཞུར་ཆུས་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་སྦྲུམ་པར་མ་ཟད། ཉེ་འཁོར་གྱི་མི་དུང་ཕྱུར་མང་པོའི་འཚོ་ཚིས་དང་བདེ་སྐྱིད་ལའང་འབྲེལ་བ་ཡོད་པས། ངོ་མཚར་མཛེས་སྡུག་ལྡན་པའི་ས་གཞི་འདིའི་མེད་དུ་མི་རུང་བའི་ཚེ་སྲོག་གི་འབྱུང་ཁུངས་སུ་གྱུར་ཡོད། 

图片7.jpg

འབྲི་ཆུའི་མགོ་ཁུངས་ཁུལ་གྱི་དུང་གི་མར་དེའུ་འཁྱགས་ཀླུང་།

图片8.jpg

དུང་གི་མར་དེའུ་འཁྱགས་ཀླུང་།

图片9.jpg

དུང་གི་མར་དེའུ་འཁྱགས་ཀླུང་།

ཚེ་སྲོག་གི་གདན།

འཁྱགས་ཀླུང་གི་བཞུར་ཆུའི་རྗེས་ཤུལ་དང་འགྲོགས་ནས། ང་ཚོས་འཚོལ་ཞིབ་ཀྱི་འགྲུལ་བཞུད་མགོ་བརྩམས་ཤིང་། མཐའ་མར་ཚེ་སྲོག་གི་ངོ་མཚར་གསང་བ་ཞིག་རྙེད་བྱུང་སྟེ། དེ་ནི་གདན་དབྱིབས་རྩི་ཤིང་རེད།

图片10.jpg

ཨ་ཆེན་གངས་རྒྱབ་ཀྱི་ཚན་ཞིབ་མཚེའུའི་འགྲམ་གྱི་སྲོ་ལོ་དམར་པོ།

图片11.jpg

ཨ་ཆེན་གངས་རྒྱབ་གཙོད་གནས་མཚེའུའི་འགྲམ་གྱི་བྱི་ཤིང་དཀར་མོ།

图片12.jpg

མཚོ་འཕགས་ལ་སྨི3900ཡོད་པའི་མཐོ་སྒང་གི་གདན་དབྱིབས་རྩི་ཤིང་།

བལྟས་ཚོད་དུ་ཉམས་ཆུང་བའི་ཚེ་སྲོག་འདི་དག་གིས་འགྲན་ཟླ་བྲལ་བའི་སྐྱེ་སྟོབས་ལ་བརྟེན་ནས་ས་རྒྱུ་ཞན་པའི་མཐོ་སྒང་གི་ལུང་སྟོང་འདི་དག་ཏུ་རྩ་བ་ཚུགས་པ་ཡིན་ལ། ཁོ་ཚོ་གྲང་ངར་དང་ཚ་གདུག་ལ་མི་སྐྲག་ཅིང་། བྱེ་རླུང་གི་བཙན་གནོན་ལ་མི་ཞུམ་པར། རང་ཉིད་ལ་བརྟེན་ཏེ་ཉམས་ཆུང་ཡང་སྙིང་རུས་བརྟན་པོས་ཁུ་སིམ་མེར་གནས་འདིའི་རེ་བ་བསྲུངས་ནས་ཡོད་ཅིང་། མཐོ་སྒང་གི་སྐྱེ་དངོས་གཞན་དག་ལ་རྩ་ཆེ་བའི་མགོན་སྐྱོབ་དང་བྱམས་སྐྱོང་གནང་བཞིན་ཡོད། བལྟས་ཚོད་ཀྱིས་ཐང་སྟོང་ཞིག་དང་འདྲ་བའི་ས་འདི་རུ། གདན་དབྱིབས་རྩི་ཤིང་གིས་རང་ཉིད་ཀྱི་ཚེ་སྲོག་སྤྱད་ནས་བཟོད་བསྲན་དང་རེ་སྒུག་གི་སྟོབས་ཤུགས་ལ་འགྲེལ་བཤད་བྱས་ཏེ། ཚེ་སྲོག་གི་ངོ་མཚར་རྩོམ་བཞིན་ཡོད།


མཉམ་སྤྱོད།