དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱལ་སྲུང་སློབ་གསོ་བཅའ་ཁྲིམས།(གཉིས)

2024-09-20 15:52:38   |   767

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ལེའུ་བཞི་པ། རྒྱལ་སྲུང་སློབ་གསོའི་འགན་སྲུང་།

དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲུང་སློབ་གསོ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་དང་དེ་བཞིན་ལོ་འཁོར་གྱི་འཆར་གཞིའི་ནང་དུ་འཇུག་དགོས་པ་དང་། རྒྱལ་སྲུང་སློབ་གསོའི་འགྲོ་གྲོན་དེ་སྔོན་རྩིས་ནང་འཇུག་དགོས།

རྒྱལ་ཁབ་ལས་ཁུངས་དང་བྱ་ལས་རྩ་འཛུགས། མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་ཀྱིས་རྒྱལ་སྲུང་སློབ་གསོ་སྤེལ་བར་མཁོ་བའི་འགྲོ་གྲོན་ནི་ལས་ཁུངས་དེ་གའི་སྔོན་རྩིས་འགྲོ་གྲོན་ནས་འགྲོ་སྒོ་གཏོང་དགོས།

ཁེ་ལས་ཀྱིས་རྒྱལ་སྲུང་སློབ་གསོ་སྤེལ་བར་མཁོ་བའི་འགྲོ་གྲོན་ནི་ལས་ཁུངས་དེ་གའི་ལས་བཟོ་པའི་སློབ་གསོའི་འགྲོ་གྲོན་ནས་འགྲོ་སྒོ་གཏོང་དགོས།

སློབ་གྲྭས་སློབ་མ་སྒྲིག་འཛུགས་བྱས་ཏེ་དམག་དོན་སྦྱོང་བརྡར་བྱེད་པར་མཁོ་བའི་འགྲོ་གྲོན་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་དགུ་པ། རྒྱལ་ཁབ་ཀྱིས་ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་རྒྱུ་ནོར་ཞལ་འདེབས་སུ་ཕུལ་ནས་རྒྱལ་སྲུང་སློབ་གསོ་སྤེལ་ལ་རོགས་དངུལ་སྤྲོད་པར་བསྔགས་སྐུལ་བྱེད་དགོས།

ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་རྒྱལ་སྲུང་སློབ་གསོར་ཞལ་འདེབས་ཕུལ་བའི་རོགས་དངུལ་རྣམས་རྒྱལ་སྲུང་སློབ་གསོའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རྩ་འཛུགས་ཀྱིས་ཁྲིམས་ལྟར་དོ་དམ་བྱེད་དགོས།

ཁེ་ལས་དང་བྱ་ལས་རྩ་འཛུགས། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་བསྡུ་ཉར་བྱས་པའི་རྒྱལ་སྲུང་སློབ་གསོའི་དོན་སྙིང་ལྡན་པའི་དངོས་རྫས་རྣམས་རྒྱལ་སྲུང་སློབ་གསོའི་ཐད་སྤྱོད་པར་མཁོ་འདོན་ནམ་ལེགས་སྐྱེས་སུ་འབུལ་བར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱེད་དགོས། བེད་སྤྱོད་བྱེད་པར་མཁོ་འདོན་བྱས་པའི་དངོས་རྫས་རྣམས་བེད་སྤྱོད་བྱེད་མཁན་ལས་ཁུངས་ཀྱིས་ཉར་ཚགས་དོ་དམ་བྱེད་དགོས་པ་དང་། བེད་སྤྱོད་བྱས་ཚར་མཚམས་དུས་ཐོག་ཏུ་ཕྱིར་སྤྲོད་བྱེད་དགོས།

དོན་ཚན་སུམ་ཅུ་པ། རྒྱལ་སྲུང་སློབ་གསོའི་འགྲོ་གྲོན་དང་ཁེ་ལས་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་རྒྱལ་སྲུང་སློབ་གསོར་ཞལ་འདེབས་ཕུལ་བའི་རྒྱུ་ནོར་རྣམས་ངེས་པར་དུ་རྒྱལ་སྲུང་སློབ་གསོའི་བྱ་གཞག་ཐོག་སྤྱོད་དགོས་པ་ལས། ལས་ཁུངས་དང་མི་སྒེར་སུ་ཞིག་གིས་བཙན་བཟུང་དང་། གཞན་སྤྱོད། བཀག་ཉར་བཅས་བྱས་མི་ཆོག

དོན་ཚན་སོ་གཅིག་པ། གཤམ་གསལ་གྱི་ཆ་རྐྱེན་འཛོམས་པའི་གནས་ཡུལ་དུ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་དམག་དོན་ལས་ཁུངས་དང་ལྷན་དུ་རྒྱལ་སྲུང་སློབ་གསོའི་རྟེན་གཞིའི་མིང་བཏགས་ཆོག་པ་སྟེ།

(གཅིག)རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་ནང་དོན་གསལ་པོ་ཡོད་པ།

(གཉིས།)དོ་དམ་ལས་ཁུངས་དང་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་ཡོད་པ།

(གསུམ།)དེ་མཚུངས་ཀྱི་རྒྱལ་སྲུང་སློབ་གསོའི་སྒྲིག་བཀོད་ཡོད་པ།

(བཞི།)དགོས་ངེས་ཀྱི་གྲོན་དངུལ་ཐད་ཀྱི་འགན་ལེན་ཡོད་པ།

(ལྔ།)སྤྱི་ཚོགས་ཀྱི་སློབ་གསོའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ།

རྒྱལ་སྲུང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། རྒྱལ་སྲུང་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

རིམ་པ་སོ་སོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྒྱལ་སྲུང་སློབ་གསོའི་རྟེན་གཞིའི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། དེའི་ནུས་པ་འདོན་སྤེལ་བྱེད་པར་དགོས་ངེས་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས།

རྒྱལ་སྲུང་སློབ་གསོའི་རྟེན་གཞིའི་མིང་བཏགས་ཡུལ་ལ་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་མ་འཛོམས་ན། མིང་འདོགས་མཁན་ལས་ཁུངས་ཀྱིས་མིང་བཏགས་ཕྱིར་འཐེན་བྱེད་དགོས།

དོན་ཚན་སོ་གཉིས་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱལ་སྲུང་སློབ་གསོའི་དོན་སྙིང་ལྡན་པའི་རིག་གནས་ཤུལ་དངོས་ལ་བརྟག་དཔྱད་དང་ཐོ་འགོད། སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་སོ་གསུམ་པ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སྤེལ་བར་གཅིག་གྱུར་གྱི་རྒྱལ་སྲུང་སློབ་གསོའི་རྩ་གནད་བེད་སྤྱོད་བྱེད་དགོས། རྒྱལ་སྲུང་སློབ་གསོའི་རྩ་གནད་ནི་ཀྲུང་དབྱང་གི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་སྒྲིག་འཛུགས་བྱས་ནས་གཏན་འབེབས་བྱེད་དགོས།

རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་སློབ་གསོ་བྱ་ཡུལ་ལ་སྤྱད་ཆོག་པའི་རྒྱལ་སྲུང་སློབ་གསོའི་སློབ་དེབ་ནི་རྒྱལ་སྲུང་སློབ་གསོའི་རྩ་གནད་ལྟར་འབྲེལ་ཡོད་སྡེ་ཁག་གམ་ས་གནས་ཀྱིས་སྡེ་ཁག་དེ་ག་དང་ས་ཁུལ་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རྩོམ་སྒྲིག་དང་ཞིབ་བཤེར་གཏན་འབེབས་བྱེད་དགོས།

དོན་ཚན་སོ་བཞི་པ། རིམ་པ་སོ་སོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་སྲུང་སློབ་གསོའི་དགེ་རྒན་འདེམས་སྒྲུག་དང་གསོ་སྦྱོང་། དོ་དམ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས། རྒྱལ་སྲུང་སློབ་གསོའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

རྒྱལ་སྲུང་སློབ་གསོའི་དགེ་རྒན་ནི་རྒྱལ་སྲུང་སློབ་གསོའི་བྱ་གཞག་ལ་དགའ་ཞེན་ཆེ་བ་དང་། རྒྱལ་སྲུང་སྐོར་གྱི་རིགས་པའི་གཞུང་ལུགས་དང་ཤེས་བྱ། དགོས་ངེས་ཀྱི་དམག་དོན་ནུས་རྩལ་ཆེན་པོ་ལྡན་པའི་མི་སྣའི་ཁྲོད་ནས་འདེམས་སྒྲུག་བྱ་རྒྱུ་དང་། ཆ་རྐྱེན་འདྲ་མཚུངས་འོག་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དམིགས་བསལ་གྱིས་སྔོན་ལ་བསྡུ་ལེན་དང་གདན་ཞུ་བྱེད་དགོས།

དོན་ཚན་སོ་ལྔ་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དགོས་མཁོར་གཞིགས་ནས། འབྲེལ་ཡོད་གཏན་འབེབས་ལྟར་སྒྲིག་འཛུགས་ཡོད་པའི་རྒྱལ་སྲུང་སློབ་གསོའི་བྱེད་སྒོར་དམག་དོན་དགེ་རྒན་བདམས་མངག་བྱ་རྒྱུ་དང་། དགོས་ངེས་ཀྱི་དམག་དོན་སྦྱོང་བརྡར་བྱེད་ས་དང་སྒྲིག་བཀོད། ཡོ་བྱད། སྟབས་བདེའི་ཆ་རྐྱེན་གཞན་དག་བཅས་མཁོ་འདོན་བྱེད་དགོས།

ཆོག་མཆན་ཐོབ་ཟིན་པའི་དམག་སྒར་དེ་དམག་དཔུང་གི་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ཡོངས་ལ་སྒོ་འབྱེད་དགོས།

ལེའུ་ལྔ་པ། ཁྲིམས་ལུགས་འགན་འཁྲི།དོན་ཚན་སོ་དྲུག་པ། རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས་བྱ་ལས་རྩ་འཛུགས། དེ་བཞིན་སྤྱི་ཚོགས་ཀྱི་རྩ་འཛུགས་དང་རྩ་འཛུགས་གཞན་དག་བཅས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་མ་སྤེལ་ན། འབྲེལ་ཡོད་སྡེ་ཁག་གམ་གོང་རིམ་ལས་ཁུངས་ཀྱིས་དེར་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས་པ་མ་ཟད་དུས་བཀག་ནང་ཡོ་བསྲང་བྱེད་པའི་འགན་འཁྲི་དཀྲི་དགོས། ཡོ་བསྲང་མ་བྱས་པས་ཤུགས་རྐྱེན་ངན་པ་བཟོས་ན། འགན་འཁྲི་ཡོད་པའི་མགོ་ཁྲིད་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་པའི་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་དགོས།དོན་ཚན་སོ་བདུན་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་རྒྱལ་སྲུང་སློབ་གསོའི་འགྲོ་གྲོན་ནམ་ཡང་ན་ཁེ་ལས་བྱ་ལས་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་རོགས་དངུལ་སྤྲད་པའི་རྒྱལ་སྲུང་སློབ་གསོའི་རྒྱུ་ནོར་བཙན་བཟུང་དང་གཞན་སྤྱོད། འཕྲི་འཐེན་བཅས་བྱས་ན། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་དུས་བཀག་ནང་ཕྱིར་སློག་བྱེད་པའི་འགན་འཁྲི་དཀྲི་དགོས་ལ། འགན་འཁྲི་ཡོད་པའི་མགོ་ཁྲིད་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་པའི་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་དགོས། ཆད་པ་སྤྱད་ན་མི་འཐུས་པའི་མི་སྣ་དག་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་ཆད་པ་གཅོད་དགོས།དོན་ཚན་སོ་བརྒྱད་པ། རྒྱལ་སྲུང་སློབ་གསོའི་རྟེན་གཞིའི་སྒྲིག་བཀོད་བཙན་བཟུང་དང་གཏོར་བཤིག་བཏང་བ་དང་། འགྲེམས་སྟོན་དངོས་རྫས་དང་ཡོ་བྱད་ལ་གཏོར་བརླག་བཏང་ན། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་དེར་སྐྱོན་བརྗོད་དང་སློབ་གསོ་གཏོང་བ་དང་འབྲེལ་དུས་བཅད་ནང་ཡོ་བསྲང་བྱེད་པའི་འགན་འཁྲི་དཀྲི་རྒྱུ་དང་། འབྲེལ་ཡོད་འགན་འཁྲི་ཡོད་པའི་མི་སྣས་ཁྲིམས་ལྟར་དེ་མཚུངས་ཀྱི་དམངས་དོན་འགན་འཁྲི་འཁུར་དགོས། བདེ་འཇགས་དོ་དམ་བཅོས་སྐྱོང་དང་འགལ་བའི་བྱ་སྤྱོད་རིགས་ལ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།དོན་ཚན་སོ་དགུ་པ། བསྙད་རྐོ་ཟིང་སློང་བྱས་ནས་རྒྱལ་སྲུང་སློབ་གསོའི་ལས་དོན་དང་བྱེད་སྒོའི་སྒྲིག་ལམ་དཀྲུག་པའམ་ཡང་ན་རྒྱལ་སྲུང་སློབ་གསོའི་མིང་གཡར་ནས་རྒྱུ་དངུལ་ཁ་བསླུས་བརྒྱབ་ན། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་དེར་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས་པ་མ་ཟད་བཀག་འགོག་བྱ་རྒྱུ་དང་། མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་བཟོས་པའམ་ཡང་ན་གནོད་སྐྱོན་གཞན་དག་བཟོས་པ་ཡིན་ན། ཁྲིམས་ལྟར་དེ་མཚུངས་ཀྱི་དམངས་དོན་འགན་འཁྲི་འཁུར་དགོས། བདེ་འཇགས་དོ་དམ་བཅོས་སྐྱོང་དང་འགལ་བའི་བྱ་སྤྱོད་རིགས་ལ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།དོན་ཚན་བཞི་བཅུ་པ། རྒྱལ་སྲུང་སློབ་གསོའི་འགན་འཁུར་བའི་གཞུང་ཞབས་པས་འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ན། ཁྲིམས་ལྟར་ཆད་པ་གཅོད་དགོས།དོན་ཚན་ཞེ་གཅིག་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ནག་ཉེས་སུ་གྲུབ་པར་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་གཉིས་པ། བཅའ་ཁྲིམས་འདི2024ལོའི་ཟླ9པའི་ཚེས21ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན།།(རྫོགས།)


མཉམ་སྤྱོད།