དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལས་རྩི་ཤིང་གི་སྐོར།

2024-11-13 16:19:24   |   313

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གྲོག་ཤིང་རྩི་ཤིང་། 

གྲོག་ཤིང་རྩི་ཤིང་ནི་རང་བྱུང་ཆ་རྐྱེན་ལ་ཚོར་སྐྱེན་ཅུང་ཆེ་ཞིང་། སྐྱེ་ཁམས་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་ཏུ་རྒྱུན་པར་རིགས་མི་འདྲ་བའི་གྲོག་ཤིང་རྩི་ཤིང་སྐྱེ་བས། དེ་ནི་འཚོ་བའི་ཆ་རྐྱེན་གཅིག་མཚུངས་འོག་གི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྟོན་རྩི་ཤིང་ཞིག་ཏུ་བརྩིས་ཆོག རང་རྒྱལ་དུ་གྲོག་ཤིང་རྩི་ཤིང་ཧ་ཅང་མང་ལ་རིགས་མི་འདྲ་བ2200ལྷག་ཡོད་པས། འཛམ་གླིང་ཧྲིལ་བོའི9.1%ལྷག་ཟིན། ཐོག་མའི་བསྡོམས་རྩིས་ལྟར་ན། མཚོ་སྔོན་དུ་གྲོག་ཤིང་རྩི་ཤིང་གི་ཚན50ལྷག་དང་ཁོངས140ལྷག རིགས300ལྷག་ཡོད།

图片1.jpg

图片2.jpg

图片3.jpg

རེ་རལ་རྩི་ཤིང་།

རེ་རལ་རྩི་ཤིང་ནི་ཕྱི་རོལ་གྱི་རང་བྱུང་ཆ་རྐྱེན་ལ་ཚོར་རྐྱེན་རང་བཞིན་ཧ་ཅང་མཐོ་བའི་རྩི་ཤིང་ཞིག་ཡིན་ལ། དེ་ཡོད་མེད་ཀྱིས་གནས་དེ་གའི་ཁོར་ཡུག་ལ་སྦགས་བཙོག་ཐེབས་ཡོད་མེད་ཤེས་ཐུབ། རེ་རལ་རྩི་ཤིང་རིགས་མི་འདྲ་བས་འཚོ་གནས་ཁོར་ཡུག་ལ་བཏོན་པའི་ཆ་རྐྱེན་མི་འདྲ། རང་རྒྱལ་དུ་རེ་རལ་རྩི་ཤིང་རིགས2000ལྷག་ཡོད་ལ། དེའི་ཁྲོད་ཀྱི་རེ་རལ་རྩི་ཤིང100ལྷག་སྨན་རྫས་དང་བཟའ་བཏུང་དུ་སྤྱད་ཆོག ད་དུང་རེ་རལ་རྩི་ཤིང་མང་པོའི་ཕྱི་རྣམ་ཧ་ཅང་མཛེས་སྟབས། མིག་གི་ལོངས་སྤྱོད་ཆེན་པོ་ཞིག་ཀྱང་ཡིན། ཐོག་མའི་བསྡོམས་རྩིས་ལྟར་ན། མཚོ་སྔོན་དུ་རེ་རལ་རྩི་ཤིང་གི་ཚན12དང་ཁོངས20 རིགས60ལྷག་ཡོད། 

图片4.jpg

图片5.jpg

图片6.jpg

སོན་མངོན་རྩི་ཤིང་། 

སོན་མངོན་རྩི་ཤིང་གི་མངལ་འབྲུ་དང་ས་བོན་ཡོད་ཚད་རྗེན་པ་ཡིན་ལ། མངལ་འབྲུའི་ཐོག་ཏུ་ཟེའུ་འབྲུ་མེད་པ་དང་ས་བོན་ལ་ཕྱི་ཤུན་མེད། རང་རྒྱལ་དུ་སོན་མངོན་རྩི་ཤིང་ཁོངས60དང་རིགས700ལ་ཉེ་བ་ཡོད། འོན་ཀྱང་དེ་དག་ནི་བར་ཐོན་དུས་རིམ་ནས་བཟུང་གྲངས་ཀ་དང་ཁྱབ་རྒྱ་གང་ཅིའི་ཐད་དུ་འཚར་སྐྱེའི་ཡང་རྩེར་ཐོན་ཡོད། ཐོག་མའི་བསྡོམས་རྩིས་ལྟར་ན། མཚོ་སྔོན་དུ་སོན་མངོན་རྩི་ཤིང་གི་ཚན3དང་ཁོངས6 རིགས40ཡོད་ལ། སོན་མངོན་རྩི་ཤིང་ནི་མཚོ་སྔོན་གྱི་གདོད་མའི་ཁབ་ལོ་ནགས་གྲུབ་པའི་ཁྱུ་ཚོགས་ཡིན་པར་མ་ཟད། མཐོ་སྒང་གི་ཆེས་གལ་ཆེ་ཞིང་རིན་ཐང་ལྡན་པའི་ནགས་ཤིང་ཡང་ཡིན།

图片7.jpg

图片8.jpg

图片9.jpg

སོན་བཏུམ་རྩི་ཤིང་།

སོན་བཏུམ་རྩི་ཤིང་ནི་སའི་གོ་ལའི་ཐོག་ཁྱབ་རྒྱ་ཆེས་ཆེ་ཞིང་རིགས་སྣ་ཆེས་མང་བའི་རྩི་ཤིང་ཡིན་ལ། སོན་བཏུམ་རྩི་ཤིང་ལ་མེ་ཏོག་མངོན་པའི་རྩི་ཤིང་དང་མེ་ཏོག་ཡོད་པའི་རྩི་ཤིང་ཞེས་ཀྱང་འབོད། དེ་ཚོར་ངེས་པ་དོན་གྱི་མེ་ཏོག་ཡོད་པར་མ་ཟད། མེ་ཏོག་དེ་དག་ནི་ཁོ་ཚོས་རིགས་རྒྱུད་སྤེལ་བའི་དབང་བོ་གཙོ་བོ་ཡིན། རང་རྒྱལ་དུ་ཁོངས2700དང་། རིགས30000ཡོད་ལ། ཐོག་མའི་བསྡོམས་རྩིས་ལྟར་ན། མཚོ་སྔོན་དུ་སོན་བཏུམ་རྩི་ཤིང་གི་ཚན93དང་ཁོངས560 རིགས3270ལྷག་ཡོད། 

图片10.jpg

图片11.jpg

图片12.jpg

图片13.jpg


མཉམ་སྤྱོད།