དེ་རིང་ནི2025ལོའི་ཟླ07པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་དུ་གསའ1200ཡས་མས་འདུག

2024-11-27 10:03:23   |   1777

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསའ་ནི་ཡ་གླིང་དབུས་ཤར་ས་ཁུལ་གྱི་མཐོ་རིའི་ཁོར་ཡུག་གི་རྩེ་རིམ་གཟན་འཚོལ་མཁན་དང་སྣེ་ཁྲིད་དངོས་རིགས་ཡིན་ཞིང་། “གངས་རིའི་རྒྱལ་པོ”ཞེས་པའི་མཚན་སྙན་ལྡན། དེ་ནི་མཐོ་རིའི་སྐྱེ་ཁམས་བདེ་འཇགས་ཡིན་མིན་ཚད་འཇལ་པའི་དབུགས་ཤེད་བརྟག་ཆས་དང་འདྲ་ལ། གཙོ་བོ་ཡ་གླིང་དབུས་མའི་རྒྱལ་ཁབ12ལ་ཁྱབ་ཡོད། 

图片1.jpg

གསའ།

ཀྲུང་གོ་ནི་གསའ་ཡི་ཁྱབ་ཁུལ་གཙོ་བོ་ཞིག་ཡིན། འཛམ་གླིང་ཧྲིལ་བོའི་གསའ་འཚོ་སྡོད་ལ་འཚམ་པའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི302ཀྱི་ཁྲོད། ཀྲུང་གོ་རུ་སྤྱི་ལེ་གྲུ་བཞི་མ་ཁྲི182ཡོད་ཅིང་། དེས་འཛམ་གླིང་ཧྲིལ་བོའི་གསའ་འཚོ་སྡོད་བྱེད་གནས་ཀྱི60%ཟིན། 

མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་ས་བབ་མཐོ་བ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་སོགས་གསའ་འཚོ་སྡོད་བྱེད་གནས་གལ་ཆེན་འགའ་ཡོད། མཚོ་སྔོན་གྱི་གསའ་འཚོ་སྡོད་བྱེད་པར་འཚམ་པའི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི47ཡོད་ཅིང་། དེས་རྒྱལ་ཡོངས་ཀྱི22%ཟིན། 

图片2.jpg

གསའ།

ཉེ་བའི་ལོ་འདི་དག་ལ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གསར་བ་འཛུགས་པ་ལ་བརྟེན་ནས། གསའ་ཡིས་སྣེ་ཁྲིད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ། རྟོག་འཇལ་ཞིབ་བཤེར་དང་། སྒེར་གཟུགས་འཁོར་སྐར་རྗེས་འདེད་ཞིབ་འཇུག སྲོག་སྐྱོབ་དང་རོགས་སྐྱོར། འཚོ་སྡོད་བྱེད་གནས་ལ་དཔྱད་འཇོག་བྱེད་པ་སོགས་ཀྱི་ཐད་ཐོད་བརྒལ་གསར་བ་བྱུང་ཞིང་། ཐོག་མའི་ཚོད་རྩིས་ལྟར་ན་མཚོ་སྔོན་དུ་གསའ་ཡི་ཁ་གྲངས1200ཡས་མས་ཡོད་པ་རེད། 

图片4.jpg

དམར་ཕྱིའི་པར་ཆས་ཀྱིས་པར་བླངས་པའི་གསའ།

དེའི་ཁྲོད་གཙང་གསུམ་འབྱུང་ཡུལ་དུ་རྟོག་འཇལ་ས་ཁུལ14དང་། རྟོག་འཇལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ23331ཡོད་ཅིང་། ངོས་འཛིན་བྱས་ཟིན་པའི་གསའ139ཡོད། ཚོད་རྩིས་བྱས་ན་ཉུང་མཐར་ཡང་གཙང་གསུམ་འབྱུང་ཡུལ་ས་ཆར་གསའ952འདུག

མདོ་ལ་རིང་མོའི་ས་ཁུལ་གྱི་རྟོག་འཇལ་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ15044ཡིན་པ་དང། དེར་ཚོད་རྩིས་བྱས་ན་གསའ251ཡོད་པ་རེད།

图片3.jpg

དམར་ཕྱིའི་པར་ཆས་ཀྱིས་པར་བླངས་པའི་གསའ།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བཟུང་ནས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དོ་དམ་ལ་ཤུགས་བསྣན་པས། རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་ཁ་གྲངས་དང་ཁྱབ་ཚུལ་ལ་སླར་སོས་རང་བཞིན་གྱི་འཕེལ་ཕྱོགས་མངོན་ཡོད་ཅིང་། གསའ་སོགས་རྩ་ཆེའི་སྟོངས་ཉེའི་དངོས་རིགས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཕྱོགས་ལ་བྱེད་ཐབས་མང་པོ་སྤྱད་པར་ཕན་འབྲས་མངོན་གསལ་བླངས་ཡོད། 


མཉམ་སྤྱོད།