མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ06ཚེས14ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས།

2022-12-25 20:06:11   |   4467

རྩོམ་སྒྲིག  སངས་དོན།      ཡོངས་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།    ལོ་ཙཱ།  བན་དེ་སྐྱབས།  



ཟླ12པའི་ཚེས23ཉིན་ནས་ཚེས24ཉིན་བར་དུ། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་སྟེང་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་དུ། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་སྟེང་ཕེབས་ནས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན། རྒྱལ་ཁབ་སྟོབས་ལྡན་ཅན་དུ་གཏོང་བར་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་། ཞིང་ལས་སྟོབས་ལྡན་ཅན་དུ་བཏང་བ་ཡིན་ན་གཞི་ནས་རྒྱལ་ཁབ་སྟོབས་ལྡན་ཅན་དུ་གཏོང་ཐུབ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མེད་ན་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཆ་ཚང་མེད། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ནི་ཁྱོན་ཡོངས་ཀྱི་རང་བཞིན་ལྡན་པ་ཞིག་གཏན་ནས་མིན་པས། ངར་ཤུགས་གཅིག་སྒྲིལ་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་ལྟེ་བར་འཛིན་པའི“ཞིང་གསུམ”ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ལིས་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིན་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་གྱི་རྨང་གཞི་ཡིན་པས། མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ཚང་མ་ཞིང་ལས་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་ཁྱད་ཆོས་མཚོན་པར་བྱེད་པ་དང་རང་རྒྱལ་གྱི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱེད་པ། མི་མང་བ་དང་ཞིང་ས་ཉུང་བའི་ཐོན་ཁུངས་ཀྱི་ཁྱད་ཆོས་དངོས་ནས་རྐང་ཚུགས་པར་བྱེད་པ། ཞིང་ལས་དཔལ་ཡོན་གྱི་ལོ་རྒྱུས་ནང་སྙིང་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དུས་རབས་ཀྱི་བླང་བྱའི་སྟེང་རྐང་ཚུགས་པར་བྱས་ཏེ། རང་ཉིད་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་ལས་ཕྱི་རྒྱལ་གྱི་དེང་རབས་ཅན་གྱི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་ཀྱི་རྣམ་པ་སྟབས་བདེའི་ངང་འདྲ་བཤུས་བྱེད་མི་རུང་། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཟས་ཕོར་ལག་ཏུ་བརྟན་པོར་འཛིན་པ་དང་། རིམ་གཉིས་བདག་གཉེར་སྒྲིག་སྲོལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཐཱན་ཉུང་གི་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། ཞིང་ལས་དཔལ་ཡོན་འཛིན་སྤེལ་བཅས་བྱས་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དེང་སྐབས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་དམིགས་འབེན་ལ་དམ་དུ་དམིགས་ནས། “ཞིང་གསུམ”ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་བསྐྲུན་རྒྱུའི་འཆར་འགོད་བཟོ་བ་བཅས་བྱེད་དགོས། གོམ་པ་རིམ་བགྲོད་དང་ཏན་ཏན་ཏིག་ཏིག་གིས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་གང་མང་བསྒྲུབ་དགོས། ཡུལ་བབ་དང་བསྟུན་པ་དང་ཕན་འབྲས་དངོས་གཙིགས་ཆེར་འཛིན་པ། ཐོན་ཁུངས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་དུས་རིམ་དངོས་ནས་རྐང་ཚུགས་པར་བྱེད་པ། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་གཏོང་བའི་དགོས་གལ་ཆེ་ཤོས་དང་ཞིང་པས་བསམ་འཆར་མང་པོ་འདོན་པའི་དོན་དངོས་གནད་དོན་ཐག་གཅོད་བྱེད་པ་ལས། དོན་དངོས་དང་འབྲེལ་མེད་ཀྱི་ཕྱི་ཚུལ་བཟོ་སྐྲུན་གཉེར་མི་རུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་ནི། ཐོག་མཐའ་བར་གསུམ་དུ་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་དོན་ཆེན་ཞིག་ཡིན། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གཅིག་གི་ཐོན་ནུས་མཐོར་གཏོང་འགུལ་སྐྱོད་ལག་བསྟར་བྱས་ནས་ལག་བསྟར་ཇུས་གཞི་མགྱོགས་མྱུར་ངང་བཟོ་དགོས། རྨོ་ཞིང་དང་ས་བོན་གྱི་རྩ་གནད་གཉིས་དམ་འཛིན་བྱས་ཏེ། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་ཚད་མཐའ་བརྟན་སྲུང་མཐའ་གཅིག་ཏུ་བྱས་ནས། བརྟན་འཇགས་ཀྱི་གཞི་རྩའི་ཞིང་ས་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་ཞིང་སར་བསྐྲུན་ནས་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་འགུལ་སྐྱོད་ལ་ཕན་འབྲས་ཐོན་པར་བྱས་ཏེ། ས་བོན་གཙོ་བོ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཙོ་ཐོན་ཁུལ་གྱི་ཁེ་ཕན་ཁ་གསབ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པར་ཐོན་ཚད་འཕར་བར་བྱེད་པ་དང་གྱོང་གུད་ཇེ་ཆུང་དུ་གཏོང་བ་ཕྱོགས་གཉིས་ལ་དུས་གཅིག་ཏུ་ཤུགས་བསྣན་ནས། ཟས་རིགས་གྲོན་ཆུང་གི་བྱ་སྤྱོད་ཁག་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས་སྣེ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་བཙུགས་ཏེ་ཐབས་ལམ་མང་པོ་བརྒྱུད་དེ་ཟས་རིགས་ཀྱི་འབྱུང་ཁུངས་གསར་སྤེལ་བྱེད་དགོས། དཔྱད་ཞིབ་ནན་མོ་བྱས་ནས་ས་གནས་ཁག་གིས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་འགན་འཁྲི་དངོས་འཁུར་རྒྱུར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ནང་དུ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། མི་ཤུགས་གཏོང་འཇོག་དང་དངོས་ཤུགས་བཀོད་སྒྲིག ནོར་ཤུགས་འགན་ལེན་བཅས་ཚང་མ་གྲོང་གསེབ་དར་སྤེལ་གྱི་ཕྱོགས་སུ་བསྒྱུར་དགོས། ཐོན་ལས་དང་འཇོན་ཐང་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་རྒྱས་ལྔ”ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་སྐུལ་འདེད། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ་བཅས་བྱེད་དགོས། ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། ཐོན་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས། “ཁྱད་ལྡན་ཐོན་རྫས་དང་དམིགས་བསལ་ཐོན་རྫས”ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་། ཞིང་ལས་དང་ཞིང་སྡེའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་པ། ཞིང་ལས་ཀྱི་ནུས་པ་སྣ་མང་གསར་སྤེལ་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱེད་པ། རུ་འདྲེན་སྟོབས་ཅན་དང་འབྲེལ་ཐག་གསབ་སྣོན། ལས་རྣམ་གསར་པ། སྤུས་རྟགས་བསྐྲུན་པ་བཅས་བྱས་ནས། གྲོང་གསེབ་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོའི་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཁྲོམ་རའི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་ཚད་མཐའི་ལས་འགན་ཡིན་པས། མུ་མཐུད་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ཏན་ཏིག་ངང་འཁུར་ནས། དབུལ་ཐར་མི་འབོར་དང་དབུལ་ཐར་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་ལ་འབྲེལ་མཐུད་ཡག་པོ་བྱེད་པ་དང་དེ་འབྲེལ་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྡེ་བ་ཡོངས་དང་གྲོང་ཚོ་ཧྲིལ་བོ་ཡང་བསྐྱར་དབུལ་པོ་རུ་འགྱུར་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལས་འགན་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བའི་ཐབས་ལམ་རྒྱ་ཆེར་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་དང་བཅོས་སྒྱུར་གཉིས་ཀྱི་སྐུལ་འདེད་ལ་བརྟེན་ནས་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། འཛམ་གླིང་གི་ཞིང་ལས་ཚན་རྩལ་གྱི་མདུན་གྲལ་དུ་བསྐྱོད་པར་དམ་པོར་དམིགས་པ་དང་། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གྱི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་བ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མྱུར་དུ་མངོན་འགྱུར་བྱེད་དགོས། གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ནས། རང་ཐག་རང་གཅོད་དང་ཆུ་ཚད་དམའ་བའི་བསྐྱར་ཟློས། ཚུལ་སྒྱུར་བྱེད་ཚད་མཐོན་པོ་མེད་པ་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཞིང་ལས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་མཁྲེགས་གཏོར་གྱིས་སྣེ་ཁྲིད་བྱེད་པ་དང་། ཐོན་ལས་ཀྱི་དགོས་མཁོ་ཆེན་པོ་ཕྱོགས་སྟོན་དུ་འཛིན་པ། གཞི་རྩའི་ལག་རྩལ་དང་ལྟེ་བའི་སོན་ཁུངས། འགག་རྩའི་ཞིང་ལས་འཕྲུལ་ཆས་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་པ། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གྱི་ལེགས་ཆ་གསར་པ་འདོན་སྤེལ་བྱེད་པ། རིམ་པ་ཁག་དང་རིགས་ཁག་གི་ལེགས་ཆའི་ཚན་ཞིབ་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཟུགས་གནས་བབ་ལ་ཤུགས་སྣོན་པ་བཅས་བྱས་ནས། སྐས་རིམ་གསལ་པོ་དང་ལས་བགོས་མཉམ་རོགས། འགྲན་རྩོད་འོས་འཚམ་བཅས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་མ་ལག་ཅིག་བསྐྲུན་དགོས། རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གྱི་འཐབ་ཇུས་སྟོབས་ཤུགས་བསྐྲུན་ནས། ཞིང་ལས་ཁྱབ་ཁོངས་ཀྱི་གསར་གཏོད་སྟེགས་བུ་གལ་ཆེན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེ་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ངེས་པར་དུ་ཞིང་པ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་བྱེད་པའི་གཙོ་ཐིག་འདི་མུ་མཐུད་ནས་ལེགས་པར་འཛིན་དགོས་པ་དང་། ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་གཞི་རྩ་ཤུགས་ཆེར་གཏོང་བ་དང་། ཞིང་པའི་ཐུན་མོང་ཁོངས་མིའི་དབང་ཆ་འགན་སྲུང་དང་མངོན་འགྱུར་བྱ་རྒྱུ་དེ་ཐོན་ཁུངས་སྐུལ་སློང་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དང་གཅིག་གྱུར་ཡོང་བར་བྱེད་པ། གྲོང་གསེབ་ཐུན་མོང་གི་ཐོན་ཁུངས་རྒྱུ་ནོར་གྱི་དབང་ཆ་ལོགས་སུ་འབྱེད་པ་དང་དབང་ཆ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཞིང་པ་རྣམས་ལ་བཅོས་སྒྱུར་བྱེད་པའི་དུས་སྐབས་སུ་གྲུབ་འབྲས་སྔར་ལས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་དགོས། འགན་གཙང་ལེན་གྱི་དུས་ཡུན་ད་དུང་ལོ་ངོ་སུམ་ཅུའི་ཡུན་ལ་ཇེ་རིང་དུ་གཏོང་བའི་བྱ་བ་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབ་ནས། ཞིང་ཁྱིམ་མང་ཆེ་བའི་སྔར་ཡོད་འགན་གཙང་ལེན་དབང་ཆ་བརྟན་པོ་དང་བདེ་བླག་ངང་དུས་འགྱངས་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་སུ་གཏོང་བ་དང་། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་གྲུབ་ཆ་གཙོ་བོ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་ཁྱིམ་ཆུང་གྲས་ལ་ཞབས་ཞུ་ཡག་པོ་དང་སྐུལ་ཁྲིད་ཡག་པོ་བྱེད་དགོས། ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་ལས་དོན་ལ་གཟབ་ནན་གྱིས་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཁྲོམ་རར་ཞུགས་པའི་ཚོད་ལྟའི་ལས་དོན་གཏིང་ཟབ་ཏུ་གཏོང་བ། ས་ཆའི་གནས་ཐང་འཕར་བའི་ཡོང་འབབ་བགོ་བཤའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་ཞིང་སྡེའི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་སུ་འཁོར་སྐྱོད་བྱེད་པར་འགོག་རྐྱེན་བཟོ་བའི་ལམ་ལུགས་ཀྱི་བཀག་རྒྱ་མེད་པར་བཟོ་བ་དང་། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་ཞབས་ཞུའི་རིགས་སྔར་ལས་མང་པོ་ཞིང་སྡེར་བསྐྱོད་པར་སྐུལ་འདེད་བཏང་སྟེ། ཐོག་མར་རྫོང་ཁོངས་ནང་གྲོང་ཁྱེར་དང་ཞིང་སྡེ་སྣེ་གཉིས་ཅན་གྱི་གྲུབ་ཚུལ་མེད་པར་བཟོ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་རྒྱུ་ནི་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པ་དང་། གནས་སྡོད་དང་བྱ་གཞག་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་ཞིང་སྡེ་བསྐྲུན་རྒྱུ་ནི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་ཀྱི་དགོས་ངེས་ཀྱི་དོན་སྙིང་ཡིན། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། གྲོང་ཚོ་ཕྱི་ནང་གཉིས་ཀ་ནས་མཐོར་འདེགས་འབྱུང་བར་སྐུལ་འདེད་གཏོང་དགོས། “ཞིང་སྡེར་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་བྱེད་པའི”དམིགས་འབེན་ལ་དམིགས་ཏེ། ཞིང་སྡེ་འཛུགས་སྐྲུན་གྱི་འགུལ་སྐྱོད་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་རིམས་འགོག་དང་རྒན་གསོ། སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་ཆ་ཚང་ཚད་དང་སྤྱི་པའི་ཞབས་ཞུ་སྟབས་བདེ་ཚད། མིའི་འཚོ་སྡོད་ཁོར་ཡུག་སྐྱིད་ཚད་བཅས་ཇེ་མཐོར་བཏང་སྟེ། ཞིང་པས་རང་ས་ཆ་ནས་དེང་རབས་ཀྱི་དཔལ་ཡོན་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་ཞིང་སྡེ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་སྡེར་གསོན་ཤུགས་ཀྱིས་ཁེངས་བར་བྱེད་པ་དང་བརྟན་བརླིང་ཡིན་ལ་གོ་རིམ་ལྡན་པར་བྱེད་དགོས། ཞིང་སྡེའི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་པ། གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་པས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། བྱ་བ་དངོས་དང་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་བཀོལ་བ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ། རང་རྟོགས་ངང་སྡེ་སྲོལ་དམངས་ཆིངས་བརྩི་སྲུང་བྱེད་པ་བཅས་ཀྱི་ཐད་ནས་ཁྲིད་སྟོན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།  རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྫོང་ཏང་ཨུའི་ཧྲུའུ་ཅིས“འཐབ་ཕྱོགས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡག་པོ་ཞིག་བྱེད་དགོས། ཞིང་འབྲེལ་ལས་བྱེད་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཞིང་གསུམ”གྱི་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཀྱི་ཐད་ནས་ཉམས་སད་ཐེག་ཐུབ་པ་དང་དུས་རབས་གསར་པའི་བླང་བྱ་དང་འཚམ་པ། ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་མགོ་ཁྲིད་བྱེད་པའི་ནུས་པ་ཡོད་པ་བཅས་ཀྱི། “ཞིང་གསུམ”ལས་བྱེད་པའི་དཔུང་སྡེ་ཞིག་བསྐྲུན་དགོས། ས་གནས་རང་གི་གསོ་སྐྱོང་དང་ཕྱི་རོལ་གྱི་ནང་འདྲེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིང་ལས་གཉེར་སྐྱོང་ཚོགས་པ་གསར་པའི་སྣེ་ཁྲིད་པ་གསོ་སྦྱོང་བྱ་རྒྱུར་གཙོ་གནད་དུ་བཟུང་ནས་ཤུགས་བསྣན་ཏེ། ཞིང་པའི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། ཞིང་སྡེའི་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཤེས་ལྡན་པ་ཁག་གཅིག་ནང་འདྲེན་བྱས་ཏེ། སློབ་ཆེན་མཐར་ཕྱིན་སློབ་མ་ཡུལ་ཚོ་རུ་བསྐྱོད་པ་དང་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པ། ཞིང་པ་ཞོར་ལས་པ་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པ། ཁེ་ལས་པ་ཕྱིར་ཞིང་སྡེར་ལོག་ཐུབ་པ་བཅས་ལ་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱས་ནས། ཁོ་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་རོགས་བྱས་ཏེ། ཁོ་ཚོ་ས་དེ་ནས་གནས་ཐུབ་པ་དང་ལས་སྐྲུན་བྱེད་ཐུབ་པར་རོགས་རམ་བྱེད་དགོས། གྲོང་སྡེའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་གྲོང་སྡེ་རིམ་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་མགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་མ་ལག་ཚང་བའི་སྒོ་ནས་རྒྱས་བཤད་གཏིང་ཟབ་གནང་བ་དང་། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་གྱི་དམིགས་འབེན་ལས་འགན་དང་འཐབ་ཇུས་ཀྱི་གཙོ་གནད། གཙོ་རྒོལ་བྱེད་ཕྱོགས་བཅས་ཁ་གསལ་བཟོས་ཡོད་པས། དེར་ཁྲིད་སྟོན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན།  ང་ཚོས་དེར་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཚོགས་འདུའི་བརྗོད་བྱ་གཙོ་བོ་དང་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།

ཧུའུ་ཁྲུན་ཧྭ་ཡིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི “ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། “ཞིང་གསུམ”བྱ་བའི་གཞི་རྩའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་པ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། འཚོ་གནས་ལ་འཚམ་པ་དང་ལས་སྐྲུན་བྱེད་པར་འཚམ་པའི་ཞིང་སྡེ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་པའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བའི་ཐབས་ལམ་རྒྱ་བསྐྱེད་པ། ཞིང་སྡེའི་བཅོས་སྐྱོང་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། རིམ་པ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཁག་གི་དོན་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། ཞིང་ལས་དང་ཞིང་སྡེའི་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། ཞིང་པའི་བསམ་འདུན་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བཅས་བྱས་ནས། བྱ་བའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མིག་སྔར། ཞིང་སྡེའི་རིམས་ནད་འགོག་སྡོམ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས་པ་དང་། ས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། ཕྱིར་ཕ་ཡུལ་དུ་ལོག་པའི་ཞོར་ལས་པ་དང་། ཆེད་ལས་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་རིམས་འགོག་ཞབས་ཞུར་ཤུགས་སྣོན་པ། གྲོང་གསེབ་ཀྱི་ལོ་ལོན་རྒན་པ་དང་དབང་པོ་སྐྱོན་ཅན། བྱིས་པ། ནད་པ། སྦྲུམ་མ་བཅས་གཙོ་གནད་མི་ཚོགས་ཀྱི་སྨན་བཅོས་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ནས། ཞིང་སྡེའི་ཡུལ་མིའི་ལུས་ཕུང་བདེ་ཐང་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།

ཚོགས་ཐོག་ནས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་་གཏོང་བའི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་པའི་སྐོར་གྱི་བསམ་འཆར་གྱི་གྲོས་བསྡུར་མ་ཡིག)》ལ་གྲོས་བསྡུར་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁ་ཤས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས།

ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་། ཞིང་ལས་དང་ཞིང་སྡེ་ལས་དོན་གྱི་ལས་བགོས་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་ཁེ་ལས། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས། ཐེངས་འདིའི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ནས་ཡན་ལག་ཚོགས་ར་བཙུགས།


མཉམ་སྤྱོད།