དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱང་ཁོ་རེ་ཡའི་མཐར་སྐྲོད་དམག་གྲུ་གསར་པ་ཆུ་ནང་དུ་འཛུལ་སྐབས་“ལས་འཛོལ་ཚབས་ཆེན”བྱུང་བ།

2025-05-22 09:00:57   |   435

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས22ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡས་ཚེས21ཉིན་གསར་དུ་བསྐྲུན་པའི་ཏུན5000རིམ་པའི་མཐར་སྐྲོད་དམག་གྲུ་ཆུ་ནང་དུ་འཛུལ་བའི་མཛད་སྒོ་སྤེལ་སྐབས“ལས་འཛོལ་ཚབས་ཆེན”བྱུང་།

བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཆུ་འཛུལ་མཛད་སྒོར་ལྟ་སྦྱོང་གནང་སྐབས་སྐྱོན་བརྗོད་ནན་མོ་གནང་བ་དང་། འདི་ནི“ཡོད་མི་རུང་ལ་དང་ལེན་བྱེད་ཐབས་བྲལ་བའི་ལས་འཛོལ་ཚབས་ཆེན་དང་ཉེས་གསོག་བྱ་སྤྱོད་ཅིག་རེད”ཅེས་བཤད།


མཉམ་སྤྱོད།