དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་ཐོན་པ།

2025-05-26 09:24:48   |   65

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ2པའི་ཚེས5ཉིན་ནས་ཟླ3པའི་ཚེས31ཉིན་བར། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡིས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་། ཞིང་ཨུའི་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་སྤྱི་བདེ་ཐིང་སོགས་སྡེ་ཚན10དང་མཉམ་འབྲེལ་ཐོག“གཙང་སེལ་བྱ་སྤྱོད2025”ཞེས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། དེའི་རིང་ཁྲིམས་འགལ་གྱོད་གཞི་སྣ་ཚོགས་ཀྱི་གྲངས་འབོར་དུས་མཚུངས་ལས75.6%ཆག་ཅིང་། བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

བྱ་སྤྱོད་སྤེལ་རིང་། ཞིང་ཆེན་ཡོངས་ཀྱིས་ཁྲིམས་འཛིན་རླངས་འཁོར་ཐེངས་གྲངས995དང་། ཁྲིམས་འཛིན་མི་སྣ་མི་ཐེངས3258ལྟ་སྐུལ་ཞིབ་བཤེར་བྱ་ཡུལ9888ལ་བཏང་། དེའི་ནང་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ39དང་། མི་ཐབས་གསོ་སྤེལ་བྱ་ཡུལ47དང་། གཉེར་སྐྱོང་བེད་སྤྱོད་བྱ་ཡུལ1134དང་། སྐུར་སྐྱེལ་ཁེ་ལས143དང་། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་ཡུལ8385དང་། ས་ཆ་གཞན་དག140བཅས་ཡོད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲིད་འཛིན་གྱོད་གཞི11ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་ཉེས་གསོག་མི་སྣ10ལ་རྡུང་རྡེག་དང་ཐག་གཅོད་བྱས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང37(མགོ་གྲངས)དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྤྱི་རྒྱ3.5ཅན་གྱི་ཐོན་རྫས3དང་། ཁྲིམས་འགལ་རྔོན་ཆས21བཅས་རྩད་ཆོད། དངུལ་ཆད་སྒོར་ཁྲི0.45བཅད།

བྱ་སྤྱོད་སྤེལ་རིང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་ནགས་ཚལ་དང་རྩྭ་ཐང་དང་། སྤྱི་བདེ། ཞིང་ལས་དང་གྲོང་གསེབ། ཁྲོམ་རའི་ལྟ་སྐུལ་དོ་དམ། འགག་སྒོ། སྲིད་ཁྲིམས། དྲ་རྒྱའི་སྐྱེལ་འདྲེན། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཁྲིམས་འཛིན་བྱས་ཏེ་ཕྱོགས་མང་པོའི་ཐོག་ནས་སྲུང་སྐྱོང་མ་ལག་བཙུགས་ཤིང་། དྲ་ཐོག་དང་དྲ་ཕྱི་གཉིས་ཀར་འབྲེལ་ཐག་ཧྲིལ་པོ་དང་གཅིག་ཀྱང་ལུས་པ་མེད་པའི་དོ་དམ་ཚོད་འཛིན་བྱས་པ་དང་། ཁྲིམས་འགལ་ངང་རྔོན་རྒྱག་པ་དང་། གསོ་སྤེལ། ཉོ་ཚོང་། སྐྱེལ་འདྲེན་སོགས་བྱེད་པའི་ལྷུ་ཚིགས་ལ་ཆེད་དོན་བཅོས་སྒྲིག་བྱས་ལ། ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་དྲ་རྒྱའི་ལས་སྟེགས་སོགས་གཙོ་གནད་ཁུལ་ལ་དམིགས་ནས་སྐོར་ཞིབ་ཐེངས་མང་དང་འཕྲལ་སྒྲུབ་ཞིབ་བཤེར་བྱས་ཤིང་། སྡེ་ཚན་མང་པོའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བརྒྱུད་ནས་འབྱུང་རྩ་ནས་སྲུང་སྐྱོང་དང་འཁོར་རྒྱུག་ལྟ་སྐུལ་དོ་དམ་ཕྱོགས་གཉིས་ནས་ཤུགས་བརྒྱབ།

ཕྱོགས་མང་ཞུགས་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་མཚོ་སྔོན་ཞིང་ཆེན་གྱི2025ལོའི་ལོ་འཁོར་གྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀའི་གཙོ་གནད་ནང་བཅུག སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྐོར་ཞིབ་བྱེད་སྒོ་སྤེལ་བ་དང་། རྩི་ཤིང་གླིང་དང་སྐྱེ་ཁམས་སློབ་གྲྭ་སོགས་ཀྱི་འཐབ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“བདུན་སྐྱོད”དྲིལ་བསྒྲགས་བྱས་པ་དང་། ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས28གཉེར་ལ། དྲིལ་སྒྲོག་དཔྱད་ཡིག་ཁྲི4.7སྤྲད་པ་བཅས་མི་ཐེངས་ཁྲི70ལྷག་ཙམ་ལ་ཁྱབ་པར་བྱས་པས་སྤྱི་དམངས་ཀྱི་སྲུང་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།


མཉམ་སྤྱོད།