དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིའི་ཐབས་ཀྱིས་དོན་ལྔ་སྣོད་དྲུག་བཟོས་ཏེ་སྨན་རྫས་གསར་བ་ལ་ཚོད་ལྟ་བྱེད་པར་སྤྱད།

2025-06-05 09:09:11   |   140

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཐེན་ཅིན་གྱི་སྔོན་ཐོན་སྨན་སྤྱོད་རྒྱུ་ཆ་དང་སྨན་བཅོས་ཡོ་བྱད་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་དུ། ཆ་སྙོམས་ན་ཚོད་ལོ30མི་ལོངས་པའི་ཚན་ཞིབ་རུ་ཁག་ཅིག་གིས་ཕྲ་ཕུང་གསོ་སྐྱོང་དང་པར་འདེབས་ལག་རྩལ་ལ་བརྟེན་ནས། མཆིན་པ་དང་སྙིང་སོགས་དོན་སྣོད་གསོ་སྐྱོང་སྣོད་ཀྱི་ཁྲོད་འཚར་སྐྱེ་བྱུང་དུ་བཅུག་སྟེ། མིའི་རིགས་ཀྱི་བདེ་ཐང་ལ་ཐབས་ལམ་གསར་བ་འཚོལ་ཞིབ་བྱས། 

图片1.png

ཀྲུང་གོའི་གསོ་རིག་ཚན་རིག་སློབ་གླིང་གི་སྐྱེ་དངོས་གསོ་རིག་བཟོ་སྐྲུན་ཞིབ་འཇུག་སུའོ་ཡི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་འདི་རུ། ཚན་ཞིབ་རུ་ཁག་གིས་མཆིན་པ་དང་སྙིང་། མཁལ་མ། གློ་བ། སྐྱི་ལྤགས་སོགས་སྐྱེ་དངོས་ཀྱི་དོན་སྣོད་རིགས་ལྔ་བཟོས་ཤིང་། མིག་སྔར་དོན་སྣོད་འདི་དག་སྨན་རྫས་ཞིབ་འཇུག་གསར་བཟོའི་ཁྱབ་ཁོངས་སུ་སྤྱོད་བཞིན་ཡོད། ཚན་ཞིབ་མི་སྣས་བྲེལ་གཤིས་མཆིན་པ་ཉམས་པ་ལ་ཕན་སྨན་རྫས་ཤིག་དཔེ་གཞིར་བཟུང་སྟེ། “མི་ཐབས་མཆིན་པ”ཡི་བདེ་འཇགས་རང་བཞིན་ལ་ཚོད་ལྟ་བྱས།

图片2.png

སྨན་རྫས་གསར་བ་ཞིག་ཚོད་ལྟ་ཁང་ནས་ནད་ཐོག་ལག་ལེན་དུ་སྐྱོད་པ་ལ་ཚོད་ལྟ་འབོར་ཆེན་བརྒྱུད་དགོས། སྔོན་ཆད། ནད་ཐོག་ཞིབ་འཇུག་གི་ཚོད་ལྟ་ནི་གཙོ་བོ་སྲོག་ཆགས་ཀྱི་ལུས་ལ་བྱེད་པ་ཡིན་ཞིང་། དེར་དུས་ཡུན་ཟླ་བ་འགའ་ནས་ལོ་འགའ་འགོར་བ་རེད། ད་ལོར། ཚན་ཞིབ་རུ་ཁག་གིས་མི་ཐབས་དོན་སྣོད་སྤྱད་དེ་དཀའ་ངལ་འདི་ཐག་གཅོད་བྱས་ཤིང་། སྨན་རྫས་ཞིབ་འཇུག་གསར་བཟོའི་དུས་ཡུན་ཆེས་ཆེར་ཇེ་ཐུང་དུ་བཏང་། 

ཀྲུང་གོའི་གསོ་རིག་ཚན་རིག་སློབ་གླིང་གི་སྐྱེ་དངོས་བཟོ་སྐྲུན་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣ་ཏིང་པོ་ཡིས་བཤད་རྒྱུར། མི་ཐབས་དོན་སྣོད་དེ་བཟོ་སྐྲུན་བྱེད་པ་ནས་སྨན་རྫས་ཚགས་འདེམ་ལ་སྤྱོད་པའི་བར་གཞི་རྩའི་ཆ་ནས་དུས་ཚོད72ནང་ཡོངས་འགྲུབ་བྱེད་ཐུབ་ཅིང་། ངས་བསམས་ན་ཆེས་གལ་ཆེ་བ་ནི་སྲོག་ཆགས་དང་མི་གཉིས་ལ་ཁྱད་པར་ངེས་ཅན་ཡོད་ཤ་སྟག་ཡིན་པས། ང་ཚོས་བཟོས་པའི་མི་ཐབས་དོན་སྣོད་ཀྱིས་ཚད་ངེས་ཅན་ཞིག་ནས་ཚོད་ལྟའི་ཕན་ནུས་དེ་དོན་དངོས་ཀྱི་གསོ་བཅོས་ཕན་ནུས་དང་འདྲ་བར་བྱེད་ཐུབ་སྙམ། 

མི་ཐབས་དོན་སྣོད་ཀྱིས་སྨན་རྫས་ཞིབ་འཇུག་གསར་བཟོའི་ཕན་ནུས་ཇེ་མཐོར་བཏང་བར་མ་ཟད། དེ་བས་ཀྱང་ནད་པར་སྨན་བཅོས་བྱེད་པའི་མཐའ་མཇུག་གི་དམིགས་འབེན་རྒྱུན་འཛིན་བྱས་ཡོད་ལ། ཚན་ཞིབ་མི་སྣའི་ཆེས་མཐའ་མཇུག་གི་དམིགས་འབེན་ནི་མི་ཐབས་དོན་སྣོད་དེ་མིའི་དོན་སྣོད་དངོས་ཀྱི་ཚབ་ཏུ་སྤོས་འཛུགས་བྱས་ཏེ། ནད་པ་སྔར་ལས་མང་པོ་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། མིག་སྔར་ཁོ་ཚོས་ནད་ཐོག་སྨན་པ་དང་མཉམ་འབྲེལ་སྒོས་མི་ཐབས་དོན་སྣོད་ཀྱི་ཁྲག་རྩའི་དྲ་བ་འཛུགས་གྲུབ་སོགས་ལག་རྩལ་གནད་དོན་ཐག་གཅོད་པར་འབད་བཞིན་ཡོད་པ་རེད།


མཉམ་སྤྱོད།