དེ་རིང་ནི2025ལོའི་ཟླ06པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ས་ཁུལ་འདི་དག་གི་འཕྲལ་སྡོམ་གེགས་སེལ་ལས་དོན་ལ་སྒོར་ཁྲི4500ཡི་རྒྱབ་སྐྱོར་བྱས་པ།

2025-06-06 09:46:49   |   266

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ6པའི་ཚེས5ཉིན་འབྱོར་བའི་གློག་འཕྲིན། ད་ལོ་ནས་བཟུང་། རང་རྒྱལ་གྱི་གནམ་གཤིས་ལ་ཐན་ཞོད་གཉིས་ཀ་རེས་མོས་བྱུང་བའི་སྣང་ཚུལ་མངོན་ཡོད། ས་ཆ་འགའ་ཤས་ལ་ཐན་ཞོད་གང་རུང་བྱུང་བ་དང་ས་ཁུལ་ཁག་གཅིག་ཏུ་ས་གཤིས་ཀྱི་གནོད་འཚེ་ཐོན་ཡོད། ཚེས5ཉིན། གསར་འགོད་པས་ནོར་སྲིད་པུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི4500སྔོན་སྤྲོད་བྱས་ནས་ས་གནས་ཀྱིས་འཕྲལ་སྡོམ་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། དེའི་ནང་། སྒོར་ཁྲི1500ཡུན་ནན་གྱི་འབྲུབ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱད་པ་དང་། སྒོར་ཁྲི1000བོད་ལྗོངས་སྟེང་ཆེན་གྱི་རི་ཉིལ་བའི་ཉེན་སེལ་རོགས་སྐྱོབ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། སྒོར་ཁྲི2000ཀན་སུའུ་དང་ཉིང་ཞ་ཡི་ཐན་འགོག་དང་གནོད་འཚེ་ཉུང་གཏོང་ལ་རྒྱབ་སྐྱོར་བྱེད་པར་སྤྱད་དེ་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་དང་། གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་རེད།


མཉམ་སྤྱོད།