དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས་བཅུ་བདུན་པའི་མཚོ་འགག་གླེང་སྟེགས་ཟླ6པའི་ཟླ་དཀྱིལ་དུ་ཧྥུའུ་ཅན་དུ་འཚོག་རྒྱུ་རེད།

2025-06-09 15:42:59   |   125

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།   ཞིན་ཧྭ་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ6པའི་ཚེས9ཉིན་གྱི་གློག་འཕྲིན། ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས་སྐབས་བཅུ་བདུན་པའི་མཚོ་འགག་གླེང་སྟེགས་ཟླ6པའི་ཟླ་དཀྱིལ་དུ་ཧྥུའུ་ཅན་དུ་འཚོག་རྒྱུ་ཡིན་པ་དང་། ཚེས15ཉིན་གྱི་སྔ་དྲོ་གླེང་སྟེགས་ཚོགས་ཆེན་འཚོག་རྒྱུ་ཡིན་པ་དང་བྱེད་སྒོ་སྤེལ་ཡུན་གཟའ་འཁོར་གཅིག་ཡིན་ཞེས་བཤད་པ་རེད། གླེང་སྟེགས་ཀྱི་ཚོགས་ར་གཙོ་བོ་ཞ་མོན་དུ་བཙུགས་པ་དང་ཧྥུའུ་ཅན་གྱི་འབྲེལ་ཡོད་ཆུས་དང་གྲོང་ཁྱེར་དང་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུའང་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་རེད།

ཁོང་གིས་བཤད་རྒྱུར། སྐབས་འདིའི་གླེང་སྟེགས་ཐོག“དམངས་ཁྲོད་རང་བཞིན་དང་། མི་སེར་རང་བཞིན། རྒྱ་ཁྱབ་རང་བཞིན”བཅས་ཀྱི་ངེས་གནས་མཐའ་འཁྱོངས་བྱས་ཏེ། “དམངས་ཁྲོད་སྤེལ་རེས་རྒྱ་ཆེར་གཏོང་བ་དང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི”བརྗོད་དོན་གཙོ་བོ་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་སྤེལ་རེས་དང་། གཞོན་ནུའི་སྤེལ་རེས། རིག་གནས་སྤེལ་རེས། དཔལ་འབྱོར་སྤེལ་རེས་བཅས་ཁག་བཞི་བཀོད་སྒྲིག་བྱས་ཡོད། མིག་སྔར་གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྐུལ་འདེད་བཏང་བ་དང་འཕེལ་རིམ་བདེ་བླག་བྱུང་ཡོད།


མཉམ་སྤྱོད།