དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟླ1པོ་ནས5པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས2.5%འཕར་བ།

2025-06-09 17:36:07   |   60

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  ཞིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ6པའི་ཚེས9ཉིན་གྱི་གློག་འཕྲིན། ཚེས9ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི17.94ཡིན་ལ། དུས་མཚུངས་ལས2.5%འཕར་བ་དང་འཕར་ཚད་ཟླ་བ་དང་པོ་ནས་བཞི་པའི་བར་བརྒྱ་ཆའི་གྲངས0.1གིས་མགྱོགས་སུ་ཕྱིན་ཡོད་པ་རེད། དེའི་ནང་། ཕྱིར་གཏོང་འཕར་ཚད7.2%ཡིན་པ་དང་ནང་འདྲེན་བྱེད་ཚད3.8%ཆག་ཡོད།

01.jpg

ཟླ5པར། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི3.81ཡིན་ལ། ན་ནིང་གི་དུས་མཚུངས་ལས2.7%འཕར་ཡོད། དེའི་ནང་། ཕྱིར་གཏོང་བྱེད་ཚད6.3%འཕར་བ་དང་ནང་འདྲེན་བྱེད་ཚད2.1%ཆག་ཡོད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་སྡོམ་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལུའེ་ཏ་ལེང་གིས་ད་ལོ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་འོག་དངོས་ཟོག་ཉོ་ཚོང་གི་མཉེན་ཤུགས་ཆེ་ཙམ་རྒྱུན་འཁྱོངས་ཐུབ་ཡོད། ཟླ5པར་སླེབས་སྐབས། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་འཕར་བའི་རྣམ་པ་དང་ལྷག་པར་དུ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་བྱས་རྗེས་འཕར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་དང་། ཟླ་དེར་དུས་མཚུངས་ལས་ལས་ཀའི་ཉིན2ཉུང་བའི་གནས་ཚུལ་འོག་བརྟན་པོའི་ངང་འཕར་ཡོད་པ་རེད།  

ཕྱིར་གཏོང་ཐད་འཕྲུལ་གློག་ཐོན་རྫས་སྔར་བཞིན་རང་རྒྱལ་གྱི་ཕྱིར་གཏོང་གཙོ་ཤུགས་ཡིན། ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱིས་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི6.4ཡིན། དུས་མཚུངས་ལས9.3%འཕར་བ་དེས་ཕྱིར་གཏོང་བསྡུར་ཚད་ཀྱི་བཅུ་ཆ་དྲུག་བཟུང་ཡོད། དེའི་ནང་། བཟོ་ལས་འཕྲུལ་མི་དང་། གློག་སྒུལ་རླངས་འཁོར། འདུས་གྲུབ་གློག་ལམ། ལས་གྲྭའི་འཕྲུལ་ཆས་བཅས་སོ་སོར55.4%དང་།19%དང་། 18.9%དང་། 10.7%བཅས་འཕར་ཡོད།

02.jpg

ནང་འདྲེན་ཚོང་ཟོག་གི་ནས་ཐད་ལྕགས་གཏེར་བྱེ་མ་དང་མ་བཅོས་རྡོ་སྣུམ། རྡོ་སོལ་སོགས་ཚོང་ཟོག་ཆེ་གྲས་གཙོ་བོའི་ནང་འདྲེན་རིན་གོང་ཆག་པ་དང་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱེད་ཚད་འཕར་ཡོད་པ་རེད། 

ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་བྱེད་སྟངས་གཙོ་བོ་ཆ་ནས་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས0.8%འཕར་ཡོད། དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་སྡོམ་འབོར་གྱི64.2%བཟུང་བ་དང་། ལས་སྣོན་ཉོ་ཚོང་དང་ཁྲལ་སྲུང་ཟོག་འགྲེམས་བྱེད་སྟངས་ཐོག་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སོ་སོར6.2%དང5.9%འཕར་ཡོད།

ཟླ་དང་པོ་ནས་ལྔ་པའི་བར་ཕྱི་ཕྱོགས་ཉོ་ཚོང་གི་གཉེར་སྐྱོང་བྱེད་པོ་ཆེ་གྲས་དང་པོ་སྟེ་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི10.25ཡིན། དུས་མཚུངས་ལས7%འཕར་བ་དང་། དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་སྡོམ་འབོར་གྱི57.1%བཟུང་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས2.4མཐོ་རུ་ཕྱིན་ཡོད། དུས་མཚུངས་སུ། ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད2.3%འཕར་བའི་ནང་ཟླ་ལྔ་པར4%འཕར་བ་དང་། ཟླ་རེའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་ཟླ་བ་བཞིར་བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།  

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་མནའ་འབྲེལ། ཨ་རི་བཅས་ནི་རང་རྒྱལ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་ཡིན། ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3.02ཡིན། དུས་མཚུངས་ལས9.1%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་སྡོམ་འབོར་གྱི16.8%བཟུང་ཡོད། ཡོ་རོབ་མནའ་འབྲེལ་དང་ཨ་རིར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སོ་སོར2.9%འཕར་བ་དང8.1%ཆག་ཡོད།

གླེང་རིན་ཡོད་པ་ཞིག་ནི་དུས་མཚུངས་སུ་རང་རྒྱལ་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་ལ་ཁྱོན་སྡོམ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི9.24ཡིན་པ་དང་། དུས་མཚུངས་ལས4.2%འཕར་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར9632.1ཡིན་པ་དང་། 12.4%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།


མཉམ་སྤྱོད།