དེ་རིང་ནི2025ལོའི་ཟླ06པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྒེར་གྱི་ཚོང་ཁང་ཕྱེ་ནས་གློག་སྤྱོད་པར་རིན་མེད་ཀྱིས་གློག་མཐུད་ཆོག་པ།

2025-06-10 14:54:04   |   39

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མི་དམངས་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


 ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་ནུས་ཁུངས་ཅུའི་འབྲེལ་ཡོད་འགན་འཁུར་བས་རང་རྒྱལ་གྱིས་བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། དམངས་གཉེར་ཁེ་ལས་ཀྱིས་གློག་སྤྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་ཅིང་། རྒྱལ་ཁབ་ནུས་ཁུངས་ཅུའི་ཅུ་ཀྲང་གཞོན་པ་སུང་ཧུང་ཁུན་གྱིས་རང་རྒྱལ་གྱིས་དམངས་གཉེར་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུར་དམིགས་ཏེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་དམའ་གནོན་ཁེ་ལས་ཆུང་བའི“སྒོ་འགྲམ་མི་ཡོང་བ་དང་། ཞིབ་མཆན་མི་དགོས་པ། མ་འཇོག་མེད་པའི”ཞབས་ཞུའི་རྨང་གཞིའི་ཐོག ཞབས་ཞུའི་ཁྱབ་ཁོངས་སྔར་ལས་རྒྱ་སྐྱེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་། སྒེར་གྱི་བཟོ་ཚོང་དུད་ཚང་གིས་ཚོང་ཁང་ཕྱེ་བ་དང་ཞིང་པས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བ་སོགས་ཀྱིས་གློག་སྤྱོད་རེ་ཞུ་བྱེད་དགོས་པ་ཚང་མར་རིན་མི་དགོས་པར་གློག་མཐུད་ཆོག་པ་རེད། ཚོད་རྩིས་རགས་ཙམ་བྱས་པ་བརྒྱུད། སྔོན་དཔག་བྱས་ན་ལོ་ལྔའི་ནང་ཕན་པ་ཐོབ་མཁན་དུད་ཚང་ཁྲི150ཡས་མས་གསར་དུ་འཕར་ཐུབ་རྒྱུ་རེད།


མཉམ་སྤྱོད།