དེ་རིང་ནི2025ལོའི་ཟླ08པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་མཚོ་བྱང་ཁུལ་ཝང་ལོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་གྱི“མི་རིགས་མཐུན་སྒྲིལ་རྟགས་མའི”སྐོར་བྲོ་འགྲན་སྡུར་གྱི་ཉམས་སྣང་།

2025-08-05 14:50:44   |   156

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


སྙན་པའི་དབྱངས་ལ་བརྒྱུས་པའི་གར་སྟབས་དང་། ལྷེམ་ལྷེམ་དགུང་ལ་མཆེད་པའི་མེ་ཕུང་དང་། འཛུམ་དཀར་སོ་ཕྲེང་མངོན་པའི་ལྟད་མོ་བ……..ཟླ8པའི་ཚེས4ཉིན་གྱི་དགོང་མོར། ནུབ་མཚོ་ལུས་རྩལ་ར་བ་ནི་གླུ་གར་གྱི་རྒྱ་མཚོ་སྟེ། 2025ལོའི་མཚོ་བྱང་ཁུལ་ཝང་ལོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་གྱི“མི་རིགས་མཐུན་སྒྲིལ་རྟགས་མའི”སྐོར་བྲོ་དེ་གར་འཁྲབ་སྟོན་བྱས། རྫོང་བཞིའི་འཐུས་ཚབ་རུ་ཁག་གི་དཔུང་ཤུགས་དང་། ཁུལ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྒེག་པའི་ཉམས། ཁུལ་སློབ་གསོ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་བདེ་ལྕག་གི་སྟངས་སྟབས་བཅས་དང་། ས་ཐག་རིང་པོ་ནས་ཡོང་བའི་མགོ་ལོག་ཁུལ་གྱི་འཐུས་ཚབ་རུ་ཁག་བཅས་ཁྱོན་རུ་ཁག7ཡོད་པ་ནི་ཁ་དོག་མི་འདྲ་བའི་ཆུ་ཕྲན་བདུན་དང་འདྲ་བར་ལུས་རྩལ་ར་བར་མཉམ་དུ་འདུས་ཏེ་གླུ་གར་གྱི་རྒྱ་མཚོ་འཁྱིལ།

1.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཆན་གོ་ཆིང་། དེ་བཞིན་ཁྱིམ་དུ་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་བཅས་དང་། གདན་ཞུས་ལྟར་ཝང་ལོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་མཁན་མགོ་ཁྲིད་སྐུ་མགྲོན་ཁག་གཅིག་བཅས་ཀྱིས་མཚོ་བྱང་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དགའ་སྤྲོའི་ངང་འཁྲབ་སྟོན་ལ་བལྟས།

དགོང་མོའི་ཆུ་ཚོད6:30སྟེང་འཁྲབ་སྟོན་གྱི་སྟ་གོན་བྱས། ཁུལ་སྤྱི་བདེ་ཅུའི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་སྐྱ་མི་རུ་འབྲིང་གི་ཉེན་རྟོག་པ་ཚོས་ལག་ཏུ་རྒྱལ་དར་བསྒྲེངས་ནས་བང་གིས་རྒྱུག རྟ་རྩལ་འཁྲབ་སྟོན་རུ་ཁག་གིས་མིག་དབང་འཕྲོག་པའི་རྟ་རྩལ་འཁྲབ་སྟོན་བྱས།

འཇུ་རེས་རུ་ཁག་དང་། རྐང་འཁོར་རུ་ཁག རྔ་མོང་། བོད་ལུག འབྲི་དཀར་སོགས་འགྲེམ་སྟོན་རུ་ཁག་རེ་རེས་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་ཕྱོགས་ཡོངས་ནས་གཏོད་པའི་འཕེལ་རིམ་ནང་འབད་བརྩོན་ཆེན་པོ་བྱས་པ་དང་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་ཡོད།

དེ་རྗེས། སྐོར་བྲོའི་འགྲན་བསྡུར་ཆེ་མོ་དངོས་སུ་མགོ་བརྩམས། འཁྲབ་སྟོན་པ་སྟོང་ཕྲག་གིས་ལག་ཏུ་ལྷད་མེད་ཀྱི་ཁ་བཏགས་བཟུང་སྟེ་སྐོར་བྲོ་འཁྲབ།

འགྲན་བསྡུར་ནང་ཞུགས་མཁན་རྐང་ཚ་རྫོང་གི་འཐུས་ཚབ་རུ་ཁག་གི་རུ་མི་བཀྲ་ཤིས་མཚོས་དགའ་སྤྲོའི་ངང“གཅེན་གཅུང་མིང་སྲིང་མང་པོ་དང་མཉམ་དུ་སྐོར་བྲོ་འཁྲབ་པ་ནི་ལོངས་སྤྱོད་ཅིག་རེད། འདི་ནི་ངའི་མི་ཚེའི་ཆེས་བརྗེད་དཀའ་བའི་སྐོར་བྲོའི་འཁྲབ་སྟོན་ཞིག་རེད”ཅེས་བཤད།

གར་གྱི་སྟངས་སྟབས་ལས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དང་། མཚོ་བྱང་གི་རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་རོགས་རམ་དང་། མཛའ་མཐུན་མཉམ་གནས། སེམས་ཤུགས་གཅིག་སྒྲིལ་བྱེད་པའི་ཉམས་སྣང་མངོན།

12.jpg

སྐར་འོད་ལམ་ལམ་འོག་ཏུ་མི་སྟོང་གི་སྐོར་བྲོ་འཁྲབ་པ་དང་བསྟུན་ནས་ལུས་རྩལ་ར་བའི་ནང་དུ་དགོད་སྒྲས་ཁྱབ།

13.jpg

ཛ་དྲག་གི་འགྲན་བསྡུར་བརྒྱུད། རྐང་ཚ་རྫོང་གི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མདའ་བཞི་རྫོང་དང་མདོ་ལ་རྫོང་གི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ། འཇུ་ལག་རྫོང་དང་ཁུལ་སྲིད་ཁྲིམས་ཁོངས་གཏོགས། ཁུལ་སློབ་གསོ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།

ས་རུབ་པ་དང་བསྟུན་ནས། དགོང་མོའི་ཆུ་ཚོད8:30སྟེང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་སྔར་བཞིན་དགའ་སྤྲོའི་ཁྲོད་དུ་གཡེང་ཡོད། “དེ་རིང་གི་སྐོར་བྲོ་འཁྲབ་སྟོན་དེ་ངོ་མཚར་ཆེ་བ་ལ། འཁྲབ་སྟོན་གྱི་གཞི་ཁྱོན་ཆེ་བ་དང་ས་གནས་ཀྱི་ཁྱད་ཆོས་དེ་བས་ལྡན”ཞེས་ནུབ་མཚོ་གྲོང་རྡལ་གྱི་གྲོང་མི་སྒྲོལ་མ་འཚོས་དགའ་སྤྲོའི་ངང་བཤད།


མཉམ་སྤྱོད།