དེ་རིང་ནི2025ལོའི་ཟླ08པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་ཆུས་སུ་རི་ཉིལ་ནས་མི14ཉེན་ཁའི་གནས་སུ་གྱར་ཞིང་མི7བསྐྱབས་པ།

2025-08-06 17:06:13   |   63

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ8པའི་ཚེས6ཉིན་གློག་འཕྲིན་འབྱོར་གསལ། ཚེས6ཉིན། གསར་འགོད་པས་ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་ཆུས་འཕྲལ་སྡོམ་དོ་དམ་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ8པའི་ཚེས6ཉིན་གྱི་དུས་ཚོད8:30ཙམ་ལ་ཆར་པ་བསྟུད་མར་བབས་པའི་རྐྱེན་གྱིས་རི་ཉིལ་ནས་ཏ་ཡོན་ཁྲོམ་གཞུང་ཏ་ཡོན་གྲོང་ཚོའི་ཧོང་ཀྲོང་ཁུལ་གྱི་ཁང་པར་གནོད་འཚེ་ཕོག་པ་དང་། ཟླ8པའི་ཚེས6ཉིན་གྱི་དུས་ཚོད12བར། མི14གནོད་འཚེ་ཕོག་པའི་ཡུལ་དུ་ལུས་ཡོད་ལ། མི7བསྐྱབས་ཤིང་ལུས་ཕུང་བདེ་ཐང་ཡིན། གཞན་རྣམས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན།

དོན་རྐྱེན་ཐོན་རྗེས། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། དོན་མཇུག་ལེགས་བསྡུས། ཉེན་ཁ་གྲལ་བཤེར་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་དང་འབྲེལ་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱས་ནས་རོགས་སྐྱོབ་བདེ་འཇགས་འགན་ལེན་བྱས་པ་རེད།

གནོད་འཚེ་ཐག་གཅོད་དང་དོན་མཇུག་ལེགས་བསྡུས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན་ལ། མིག་སྔར་ཉེ་འགྲམ་གྱི་གྲོང་མི་ཚང་མ་ཕྱིར་འཐེན་བྱས་ཡོད།


མཉམ་སྤྱོད།