དེ་རིང་ནི2025ལོའི་ཟླ08པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ཁྱབ་ཁོངས་ཀྱི་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་ཁ་གསབ་ཐོབ་པའི་ཁེ་ལས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

2025-08-07 09:11:55   |   159

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས4ཉིན། མཚོ་བྱང་ཁུལ་གྱིས2025ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འོས་སྦྱོར་ཚོགས་འདུའི་ཐོག་ཞིང་ཕྱུགས་ཁྱབ་ཁོངས་ཀྱི་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་ཁ་གསབ་ཐོབ་པའི་ཁེ་ལས་དང་། མཐུན་ཚོགས། སྡེ་ཚན་བཅས16ཡོངས་བསྒྲགས་བྱས་ཤིང་། བྱ་དགའི་ཁ་གསབ་སྡོམ་འབོར་སྒོར་ཁྲི288.55ཟིན་ཡོད།

ད་ཐེངས་ཀྱི་བྱ་དགའི་ཁ་གསབ་སྤྲོད་པའི་དམིགས་ཡུལ་ནི་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ལས་ཧྲིལ་པོ་དང་། སྤུས་ལེགས་དཀར་ཆུའི་ཐོན་རྫས། ནས་དང་པད་ཁའི་ཞིང་ཞོར་ཐོན་རྫས་ཀྱི་ཞིབ་ཚགས་ལས་སྣོན་བཅས་ཀྱི “གཙོ་བོ་གཅིག་དང་གཞོགས་འདེགས་གཉིས”ཀྱི་ཐོན་ལས་སྦྲེལ་ཐག་རྒྱུན་སྲིང་དང་། ཁ་གསབ། སྦྲེལ་ཐག་ཇེ་ལེགས་སུ་གཏོང་བ་བཅས་མགྱོགས་སུ་བཏང་ནས་མཚོ་བྱང་གི“243”གྱི་འཕེལ་རྒྱས་བཀོད་པ་ལ་ཐོན་ལས་ཀྱི་འདེགས་སྐྱོར་བྱ་རྒྱུ་དེ་རེད། རྒྱབ་སྐྱོར་ཐོབ་མཁན་ལ་འཇུ་ལག་གི་ལེ་དབར་བརྒྱའི་སྦྲང་ལས་ཚད་ཡོད་སྤྱི་གཉེར་དང་། མཚོ་སྔོན་ཅིན་མོན་ཉིའུ་བཟའ་བཅའ་གསར་སྤེལ་ཚད་ཡོད་སྤྱི་གཉེར། མདོ་ལ་རྫོང་ཕྱུགས་ལས་མཐུན་ཚོགས། མཚོ་བྱང་ཁུལ་མཁོ་འཚོང་མཉམ་ལས་ཁང་སོགས་ཚུད་ཡོད།

ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། སྤུས་རྟགས་སྐྱེད་སྲིང་། ཞིབ་འཇུག་གསར་སྤེལ་གསར་གཏོད་སོགས་ལ་དམིགས་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཕྱུགས་ཐོན་ལས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཁྱུ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྦྲེལ་ཐག་ཧྲིལ་པོའི་ཞིང་ཕྱུགས་ཁྱད་ལྡན་ཐོན་ལས་ཀྱི་སྒུལ་ནུས་འཕེལ་རྒྱས་སུ་བཏང་སྟེ། འགྲན་རྩོད་ནུས་པ་དེ་བས་ཆེ་བའི་དེང་རབས་ཞིང་ཕྱུགས་ཐོན་ལས་ཀྱི་མ་ལག་རིམ་བཞིན་བསྐྲུན་རྒྱུ་རེད།


མཉམ་སྤྱོད།