དེ་རིང་ནི2025ལོའི་ཟླ08པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མཚོ་སྔོན་པོ་དྲ་བ་རྟགས་མའི”དྲ་ལམ་སྒྱུར་རྩོམ་འགྲན་བསྡུར་སྐབས་གཉིས་པ་སྤེལ་བའི་གསལ་བརྡ།

2025-08-07 14:40:27   |   416

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་ཇེ་རྒྱས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ”གཙོ་གནད་དུ་བཟུང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་། མི་རིགས་ཁག་བར་གྱི་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཆེས་ཆེར་བསྐྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ངེད་དྲ་བས་ཆེད་དུ“མཚོ་སྔོན་པོ་དྲ་བ་རྟགས་མའི”དྲ་ལམ་སྒྱུར་རྩོམ་འགྲན་བསྡུར་སྐབས་གཉིས་པ་སྤེལ་བ་ཡིན། ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་ལོ་ཙཱ་སྦྲེལ་ཟམ་དང་སྦྲེལ་ཐག་ཏུ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་ལོ་ཙཱར་དགའ་མོས་ཡོད་མཁན་ཚོར་སྣེ་ཁྲིད་སྒོས། ལོ་ཙཱའི་ཐབས་རྩལ་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་པར་བྱེད་པ་དང་། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་འགུག་ཤུགས་ཁྱད་པར་བ་མངོན་པར་མཚོན་པ་དེ་ཡིན།

གཅིག འགྲན་བསྡུར་གྱི་བརྗོད་གཞི།

“ལོ་ཙཱའི་དཔལ•ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་པ”

གཉིས། རྩ་འཛུགས་ལས་ཁུངས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།

གསུམ། འགྲན་བསྡུར་དུས་ཚོད།

སྤྱི་ལོ2025ལོའི་ཟླ8ཚེས7ཉིན་ནས་ཟླ10ཚེས31བར།

བཞི། འགྲན་ཞུགས་ཁྱབ་ཁོངས།

སྤྱི་ཚོགས་ལས་རིགས་ཁག་གི་སྐད་གཉིས་ལོ་ཙཱར་མོས་པ་ཡོད་མཁན་ཚང་མ་ཞུགས་ཆོག(ལོ་ཚོད་དང་ལས་རིགས་ལ་ཚད་བཀག་མེད)

ལྔ། བྱེད་སྒོའི་ནང་དོན་དང་བརྒྱུད་རིམ།

༡ ལོ་ཙཱའི་འགྲན་བསྡུར་གྱི་དུས་མཚམས།(ཟླ8པའི་ཚེས7ཉིན་ནས་ཟླ10པའི་ཚེས31ཉིན་བར)

༢ གཙོ་སྒྲུབ་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་བསྒྱུར་བྱའི་རྩོམ་ཡིག་གསུམ(སྒྲུང་ཐུང་གཅིག་དང་ལྷུག་རྩོམ་གཅིག སྙན་ངག་གཅིག མ་ཡིག་དངོས་གཤམ་གྱི་བཤེར་རིས་བརྒྱུད་ནས་གཟིགས་རོགས)ལས་གཅིག་བདམས་ཏེ་བསྒྱུར་དགོས། (འགྲན་ཞུགས་པ་གཅིག་གིས་བསྒྱུར་བྱ་གཅིག་མ་གཏོགས་བདམས་མི་ཆོག)

༣ འགྲན་ཞུགས་བརྩམས་ཆོས་ལ་མི་གཞན་གྱིས་བསྒྱུར་ཟིན་པའི་བརྩམས་ཆོས་རྐུ་བཤུ་དང་། མི་གཞན་གྱིས་ཚབ་སྒྱུར། འཕྲུལ་ཆས་ལོ་ཙཱ་སྤྱད་མི་ཆོག གལ་སྲིད་ཤེས་རྟོགས་བྱུང་ཚེ་འགྲན་བསྡུར་གྱི་ཐོབ་ཐང་མེད་པར་བཟོ་ངེས་ཡིན།

༤ ཟླ11པའི་ཟླ་སྟོད་དུ་ཆེད་ལས་དཔྱད་འདེམས་མི་སྣ་རྩ་འཛུགས་བྱས་ཏེ། འགྲན་ཞུགས་བརྩམས་ཆོས་དག་སྐོང་མིང་གི་ལམ་ནས་ལེགས་འདེམས་བྱས་ཏེ་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་མཚོ་སྔོན་པོ་དྲ་བ་དང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་བརྒྱུད་མཇུག་འབྲས་ཁྱབ་བསྒྲགས་བྱ་རྒྱུ།

༥ དཔྱད་འདེམས་མཇུག་སྒྲིལ་རྗེས། བདམས་ཐོན་བྱུང་བའི་སྒྱུར་རྩོམ་དག་མཚོ་སྔོན་པོ་དྲ་བའི་སྟེང་དགོད་རྒྱུ་ཡིན་ལ། དུས་ཐོག་ཏུ་བྱ་དགའ་ཐོབ་མཁན་གདན་ཞུ་བྱས་ཏེ་ལོ་ཙཱའི་ཉམས་མྱོང་སྐོར་ནས་གླེང་མོལ་བྱ་རྒྱུ་ཡིན།

དྲུག བྱ་དགའི་རྣམ་གྲངས།

(གཅིག) སྙན་ངག་ཚན་སྐོར།

ཨང་དང་པོ་གཅིག མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར3000བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གཉིས་པ་གཉིས། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར2000རེ་བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གསུམ་པ་གསུམ། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར1000རེ་བཅས་གནང་རྒྱུ་ཡིན།

(གཉིས) སྒྲུང་ཐུང་ཚན་སྐོར།

ཨང་དང་པོ་གཅིག མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར3000བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གཉིས་པ་གཉིས། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར2000རེ་བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གསུམ་པ་གསུམ། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར1000རེ་བཅས་གནང་རྒྱུ་ཡིན།

(གསུམ) ལྷུག་རྩོམ་ཚན་སྐོར།

ཨང་དང་པོ་གཅིག མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར3000བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གཉིས་པ་གཉིས། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར2000རེ་བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གསུམ་པ་གསུམ། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར1000རེ་བཅས་གནང་རྒྱུ་ཡིན།

བདུན། སྒྱུར་རྩོམ་སྐུར་སྟངས།

བརྩམས་ཆོས་ཡོངས་གློག་རྡུལ་རྩོམ་ཡིག་གི་ལམ་ནས་སྐུར་དགོས་ཤིང་། བསྐུར་དུས་ངེས་པར་དུpdfདངwordགཉིས་ཀ་ཡོད་དགོས། ཡིག་སྒམ་གྱི་བརྗོད་བྱང་དུ“མཚོ་སྔོན་པོ་རྟགས་མའི་དྲ་ལམ་སྒྱུར་རྩོམ་བརྩམས་ཆོས”ཞེས་གསལ་འགོད་བྱེད་དགོས་པ་མ་ཟད། རྩོམ་གྱི་མཇུག་ཏུ་སྒྱུར་མཁན་གྱི་མིང་དང་ཐོབ་ཐང་ལག་ཁྱེར་ཨང་གྲངས། ཁ་པར་ཨང་གྲངས། སྡོད་གནས། རང་ཉིད་ཀྱི་ངོ་སྤྲོད་ཐུང་ངུ་། རང་ཉིད་ཀྱི་ལོ་ཙཱ་བྱེད་སྟངས་གསལ་བཤད་བཅས་བསྐུར་དགོས། འབྱོར་བའི་རྩོམ་ཡིག་གཅིག་ཀྱང་ཕྱིར་མི་སློག་པས། རང་ཉིད་ནས་མ་ཡིག་གཅིག་ཉར་འཇོག་གནང་རོགས།

འབྲེལ་གཏུག་ཁ་པར། 

18689185044 17697651013

ཡིག་སྒམ། amdotibet@126.com

མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།

སྤྱི་ལོ2025ལོའི་ཟླ8ཚེས7ཉིན།

སྒྱུར་རྩོམ་མ་ཡིག་ཕབ་ལེན་བཤེར་ཨང་།

图片1.png


མཉམ་སྤྱོད།