དེ་རིང་ནི2025ལོའི་ཟླ08པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཚོ་བྱང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསོལ་སྟོན་བཤམས།

2025-08-08 10:07:53   |   34

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ་བརྒྱད་པའི་མཚོ་བྱང་ནི་སྔོ་ལྗང་རྩྭ་ཐང་གདན་ལ་བཏིངས་ཤིང་སྙན་པའི་རྫི་གླུ་ཀུན་ལ་ཁྱབ་ཡོད། ཟླ8པའི་ཚེས5ཉིན། ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་གློག་འོད་རབ་ཏུ་འཚེར་ཞིང་མི་ཚོགས་ཀྱིས་ཁེངས་ཡོད་ལ། གནས་དེ་རུ2025ལོའི་མཚོ་བྱང་ཁུལ་གྱི་ཝང་ལོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་ལས་གཟུགས་འདས་ཤུལ་བཞག་རིག་གནས་འཁྲབ་སྟོན་བྱས་ཏེ་ཡུལ་དངོས་ཀྱི་ལྟད་མོ་བར་མི་སེམས་འགུལ་བའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས།

1.jpg

2.jpg

3.jpg

འཁྲབ་སྟོན་ཁྱོན《ཕ་ཡུལ་གྱི་སྐད་སྒྲ》《ཕ་ཡུལ་གྱི་བརྩེ་བ》《ཕ་ཡུལ་གྱི་དྲན་གདུང》བཅས་ལེའུ་ཆེན་པོ་གསུམ་དུ་དབྱེ་ཡོད་ལ། སྙན་ཞིང་འཇེབས་པའི་སོག་རིགས་ཀྱི་དམངས་ཁྲོད་བསྟོད་ཚིག《རྩྭ་ཐང་གི་བསྟོད་པ》དང་ལྷན་དུ་འཁྲབ་སྟོན་དངོས་སུ་མགོ་བརྩམས།

4.jpg

5.jpg

6.jpg

ཐེངས་འདིར་མཚོ་བྱང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་རྐང་ཚའི་དམངས་གླུ་དང་ཨ་རིག་གླུ་ཤགས། ཧུའེ་རིགས་ཀྱི་གསོལ་སྟོན་གླུ་གཞས། གླིང་སྒྲུང་སོགས་འགྲེམས་འཁྲབ་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་ལོ་རྒྱུས་ཁྲོད་དུ་གསོན་པར་བྱས་པ་དང་དེང་རབས་འཚོ་བའི་ཁྲོད་འཕེལ་བར་བྱས་ཏེ། མཚོ་བྱང་གི་རིག་གནས་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འགུལ་ནུས་ཆེན་པོ་བསྣན་ཡོད།

7.jpg

8.jpg

9.jpg

10.jpg

11.jpg

12.jpg

13.jpg


མཉམ་སྤྱོད།