དེ་རིང་ནི2025ལོའི་ཟླ08པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2025ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་བ།

2025-08-09 12:06:37   |   151

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ8པའི་ཚེས8ཉིན།  མཚོ་བྱང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུ། རྐང་ཚ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ། རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུ། ཀྲུང་གུང་མཚོ་འཁྱིལ་ཡུལ་ཚོ་ཨུ་ཡོན་ལྷན་ཁང་། མཚོ་འཁྱིལ་ཡུལ་ཚོ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་སུ་བསྒྲུབས་པའི2025ལོའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་དང་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི"འཆར་ཡན་གྱི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས"ཞེས་པའི་རིག་གནས་ཟླ་བའི་མུ་འབྲེལ་བྱེད་སྒོ་སྐབས་དགུ་པ་མཚོ་འཁྱིལ་ཡུལ་ཚོའི་བྲ་སོག་སྡེ་བ་རུ་གཟབ་རྒྱས་ངང་སྤེལ།

བྱེད་སྒོའི་སྟེང་དུ་། མཚོ་འཁྱིལ་ཡུལ་ཚོའི་སྡེ་བ་སོ་སོའི་རིག་རྩལ་འཁྲབ་སྟོན་དང་། བོད་ཟས་གཡོས་སྦྱོར། ནོར་ལུག་འགྲན་སྟོན། ལུག་རྒྱུད་འགྲན་པ། བལ་འབྲེག་འགྲན་པ། མཚན་མོའི་སྐོར་བྲོ། རུ་སྤོར་བ། གོས་ཚགས་རྟ་ཞོན། ཁལ་འགེལ་བ། སྦྲ་ཕུབ་པ། འབྲི་མོ་བཞོ་བ། འོ་མ་དཀྲུག་པ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་མང་པོ་ཡོད་ལ། འགྲན་བསྡུར་རྣམ་གྲངས་ཕལ་ཆེ་བ་ནི་འཚོ་བ་དང་ཤིན་ཏུ་ཐག་ཉེ་བས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད། 

ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི། མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ལ་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་མུ་མཐུད་དུ་འབད་འབུངས་ལྷོད་མེད་བྱེད་པར་སྣེ་ཁྲིད་བྱ་རྒྱུ་སོགས་རེད། 

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྐང་ཚར་ཕེབས་པའི་རྗེས་སུ། རྐང་ཚའི་འཛིན་མའི་ཁྱོན་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། ཁྱད་པར་དུ་མཚོ་འཁྱིལ་ཡུལ་ཚོ་ལ་གྲུབ་འབྲས་གཡར་དུ་ཟ་བ་ཐོབ་ཏེ། སྲིད་འབྱོར་རིག་གསུམ་སྔར་ལས་འཕེལ་རྒྱས་བྱུང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་བླ་ལྷག་ཏུ་འཕེལ་རྒྱས་བྱུང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དགེ་མཚན་དུ་བསྒྱུར་པ། གྲོང་གསེབ་དར་སྤེལ་ལ་ཤུགས་བསྣན་པ་སོགས་ཀྱི་ཐད་ནས་ཀུན་ལ་ངོམ་རིན་ཡོད་པའི་གཡུར་ཟའི་གྲུབ་འབྲས་མང་པོ་བླངས་ཡོད།


མཉམ་སྤྱོད།