དེ་རིང་ནི2025ལོའི་ཟླ08པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

"འཆམ་མཛེས་ཞོན་ཧྭ། པཎ་ཆེན་འཁྲུངས་ཡུལ"ཞེས་པའི་གྲོང་གསེབ་རིག་གནས་རོལ་དབྱངས་དུས་སྟོན་སྐབས་དང་པོ་བིས་མདོ་ཡུལ་ཚོ་རུ་འཚོགས་པ།

2025-08-09 14:06:59   |   356

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ8པའི་ཚེས8ཉིན། "འཆམ་མཛེས་ཞོན་ཧྭ། པཎ་ཆེན་འཁྲུངས་ཡུལ"ཞེས་པའི་གྲོང་གསེབ་རིག་གནས་རོལ་དབྱངས་དུས་སྟོན་སྐབས་དང་པོ་ཞོན་ཧྭ་རྫོང་བིས་མདོ་ཡུལ་ཚོ་རུ་འཚོགས།"འཆམ་མཛེས་ཞོན་ཧྭ། པཎ་ཆེན་འཁྲུངས་ཡུལ"ཞེས་པ་བརྗོད་དོན་ཡིན་པའི་རོལ་དབྱངས་དུས་སྟོན་ལ། ས་གནས་ཀྱི་རོལ་དབྱངས་པ་དང་བོད་འབྲེལ་ས་ཁུལ་གྱི་སྒྱུ་རྩལ་པ་མང་པོ་འདུས་ཤིང་། ཁོ་ཚོས་སྙན་མོ་གླུ་ཡི་འགྱུར་ཁུག་དང་སྒེག་ལྡན་གར་གྱི་སྟངས་སྟབས་ལ་བརྟེན་ནས་གྲོང་གསེབ་ལ་གསོན་ཤུགས་གསར་པ་བསྩལ་པར་མ་ཟད། མི་དམངས་མང་ཚོགས་ལ་རང་བྱུང་དང་རོལ་དབྱངས་གཞི་གཅིག་ཏུ་འདྲེས་པའི་མཛེས་སྡུག་ཁྲོད། གྲོང་གསེབ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མངར་བཅུད་ཉམས་སུ་མྱོང་དུ་བཅུག་ཡོད།

ཐེངས་འདིའི་རོལ་དབྱངས་དུས་སྟོན་ནི་ཀྲུང་གུང་བིས་མདོ་བོད་རིགས་ཡུལ་ཚོ་ཏང་ཨུ་དང་བིས་མདོ་བོད་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་ས་གནས་ཀྱི་ཁེ་ལས་པས་རོགས་སྒྲུབ་བྱས། བྱེད་སྒོའི་དམིགས་ཡུལ་ནི། རོལ་དབྱངས་ཞེས་པའི་ཡུལ་ཁོངས་དང་ལོ་ཚོད་ལ་ཚད་བཀག་མེད་པའི་ཐུན་མོང་གི་སྐད་ཆ་འདི་ཉིད་ལ་བརྟེན་ནས། གྲོང་གསེབ་རིག་གནས་ཀྱི་ནང་བཅུད་སྔོག་པ་དང་། གྲོང་གསེབ་ཀྱི་རིག་གནས་དང་གནས་སྐོར་འདྲེས་སྦྱོར་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་སྟོབས་དང་ལྡན་པའི་སྒུལ་ནུས་སྩོལ་རྒྱུ་དེ་རེད།

གཙོ་སྒྲུབ་ལས་ཁུངས་ཀྱི་འགན་འཁུར་པས་བཤད་པ་ལྟར་ན། གྲོང་གསེབ་རོལ་དབྱང་དུས་སྟོན་ཐོག་མ་ཕུན་སུམ་ཚོགས་པར་སྤེལ་བ་དེས། གྲོང་གསེབ་རིག་གནས་འཛུགས་སྐྲུན་ལ་བརྒྱུད་ལམ་གསར་པ་འཚོལ་ཞིབ་བྱས་ཡོད་ཅིང་། མ་འོངས་པར་ཉམས་མྱོང་སྤྱི་སྡོམ་དང་། རིག་གནས་ཀྱི་ཚོང་རྟགས་འདིའི་འགུག་ཤུགས་མུ་མཐུད་དུ་རྒྱ་ཇེ་ཆེར་བཏང་ནས། མི་སྔར་ལས་མང་པོས་གྲོང་གསེབ་ཀྱི་སྐད་སྒྲ་ཐོས་པ་དང་གྲོང་གསེབ་ལ་སྐྱོད་པ། གྲོང་གསེབ་རྒྱུས་ལོན་བྱེད་པ། གྲོང་གསེབ་ལ་དགའ་བ་བཅས་བྱེད་དུ་འཇུག་ཅིང་། རོལ་དབྱངས་ནི་གྲོང་ཁྱེར་དང་གྲོང་གསེབ་ལྷན་དུ་སྦྲེལ་བའི་ཟམ་པ་ལྟ་བུར་འགྱུར་དུ་བཅུག་སྟེ། གྲོང་གསེབ་དར་སྤེལ་ལ་རིག་གནས་ཀྱི་སྒུལ་ཤུགས་སྩོལ་རྒྱུ་ཡིན་ཟེར།

ཐེངས་འདིའི་རོལ་དབྱངས་སྟོན་ཚོགས་བདེ་བླང་ངང་ལེགས་པར་སྤེལ་བ་ནི། ཏང་གི་རིག་གནས་དམངས་ཕན་སྲིད་ཇུས་གཞི་རིམ་དུ་དངོས་ལ་ཕབ་ཅིང་རྩ་བ་ཚུགས་པའི་མངོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཡིན་ལ། བིས་མདོ་བོད་རིགས་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་གོང་དུ་འཕེལ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་མུ་མཐུད་དུ་སྐོང་བའི་བྱེ་བྲག་གི་འགུལ་སྐྱོད་ཀྱང་ཡིན་པས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྣེ་ཁྲིད་འོག བིས་མདོ་བོད་རིགས་ཡུལ་ཚོའི་དཔལ་ཡོན་སྣང་བརྙན་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་དུས་རབས་གསར་པའི་བིས་མདོ་མི་དམངས་ཀྱི་བློ་སྤོབས་མཐོ་བ་དང་ངར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ལེགས་པོ་ཕུན་སུམ་ཚོགས་པར་མཚོན་ཡོད།

རོལ་དབྱངས་དུས་སྟོན་རོལ་བའི་མི་ཚོགས། 


མཉམ་སྤྱོད།