དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཐའ་མཚམས་ཀྱི“AIཉེན་རྟོག་པ”ཐོག་མ།

2025-08-13 10:59:53   |   37

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


"AIཉེན་རྟོག་པ"འདི་ངོ་མ་ཡག་པོ་འདུག ཐོབ་ཐང་ལག་ཁྱེར་སྒྲུབ་པ་ལ་ཧ་ཅང་སྟབས་བདེ་རེད།" ཉེ་སྔོན། ཅི་ལིན་ཞིང་ཆེན་ལིན་ཅང་གྲོང་ཁྱེར་དུ་ཁྲའོ་ཞན་རིགས་ཀྱི་ཨ་ནེ་ནན་དབྱིན་ཧྲུའུ་ཡིས"AIཉེན་རྟོག་པ"ལ་འདི་ལྟར་བསྟོད་བསྔགས་བྱས། མོས་རྗོད་བཞིན་པའི"AIཉེན་རྟོག་པ"ནི་ཉེ་སྔོན་སྤྱོད་མགོ་ཚུགས་པའི་སྤྱི་བདེ་མ་ལག་གི་མཐའ་མཚམསAIཉེན་རྟོག་པའི་མཐའ་སྣེ་ཐོག་མ་སྟེ"མཐའ་མཚམས་ལ་དགའ་བའི་ཉེན་རྟོག་པ་གསར་བ"ཡིན་པ་རེད། དེས་རྒྱལ་ལམG331གི་གནས་སྐོར་བ་དང་མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དེ་བས་གནད་འཁེལ་དང་ཕན་ནུས་ཆེ་བའི་སྲིད་དོན་ཞབས་ཕྱི་མཁོ་འདོན་བྱེད་ཐུབ། 

640.webp.png

"མཐའ་མཚམས་ལ་དགའ་བའི་ཉེན་རྟོག་པ་གསར་བའི"རིག་ནུས་མཐའ་སྣེ་ལ་ཁྱིམ་ཐོ་དང་ཁྲིམས་ལུགས། སྡེ་ཁུལ་སོགས་ཉེན་རྟོག་པའི་ཞབས་ཕྱིའི་ནུས་པ་སྣ་ཚོགས་འདུས་གྲུབ་བྱས་ཡོད། "ཐོབ་ཐང་ལག་ཁྱེར་གསབ་སྒྲུབ་བྱེད་པར་འགྲོ་ལུགས་ཅི་ཞིག་དགོས་པ"སོགས་ཁ་སྐད་ཅན་གྱི་གནད་དོན་ལ་རིག་ནུས་དབྱེ་ཞིབ་བྱས་ཏེ། རྒྱུ་ཆའི་ཞིབ་ཐོ་དང་ཐག་གཅོད་གོ་རིམ་ཚུད་པའི་མཐོང་རུང་མཛུབ་ཁྲིད་མགྱོགས་མྱུར་ངང་བཟོ་ཐུབ། 

ཉེ་བའི་ལོ་འགའི་རིང་། རི་སྔོ་ཆུ་དྭངས་ཀྱི་ལིན་ཅང་གྲོང་ཁྱེར་དེ་རྒྱལ་ལམG331གི་གནས་སྐོར་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། "གནས་སྐོར་བ་ཞིག་ཡིན་པའི་ངོས་ནས་ངས་སྔོན་ཆད་མཐའ་མཚམས་བཅའ་ཁྲིམས་དང་ཁྲིམས་སྲོལ་མང་པོར་འབྲེལ་འདྲིས་བྱེད་མྱོང་མེད"ཅེས་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་ནས་ཡོང་བའི་གནས་སྐོར་བ་ཕུའུ་ལུང་ཡུན་གྱིས་དེ་ལྟར་བཤད། AIཡིས་བཅའ་ཁྲིམས་ཁྱབ་གདལ་འགྲེལ་བཤད་བྱས་པ་དེས་ཁོ་ལ་མཐའ་མཚམས་ཁྲིམས་སྲོལ་ལ་ངོས་འཛིན་གསལ་བོ་བྱུང་བས། རིག་ནུས་ཅན་གྱི་ཞབས་ཕྱི་དེ་རིགས་ཁྱབ་གདལ་གཏོང་རིན་འདུག་ཅེས་བཤད། 

བསྡོམས་རྩིས་བྱས་པ་ལྟར་ན། "མཐའ་མཚམས་ལ་དགའ་བའི་ཉེན་རྟོག་པ་གསར་བ"སྤྱོད་མགོ་ཚུགས་རྗེས། ལམ་རྒྱུད་ཀྱི་གནས་སྐོར་དང་འབྲེལ་བའི་རྩོད་གཞི39%ཇེ་ཉུང་དུ་ཕྱིན་པ་དང་། བདེ་འཇགས་དྲན་སྐུལ་ཉིན་རེར་ཐེངས200ལྷག་ཡོད་པ་རེད། དེས་མི་ཚད། "མཐའ་མཚམས་ལ་དགའ་བའི་ཉེན་རྟོག་པ་གསར་བའི"ནང་དུའང"སྔས་མགོའི་ཉེན་རྟོག་ལས་དོན"རྣམ་པ་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱིས་མཐའ་སྣེ་ལས་གྲུབ་པའི་ཆེད་གཏོགས་སྦྲེལ་མཐུད་བརྒྱུད་དེ་སྒོ་ཕྱིར་འགྲོ་མི་དགོས་པར་ཁྱིམ་ནས་ཁྱིམ་ཐོ་དང་དཔང་ཡིག་སོགས་དོན་དག་རིགས10སྒྲུབ་ཐུབ་པ་རེད། མངག་གཏོང་ཁང་གི་ཉེན་རྟོག་པས་ཁྱིམ་ཚང་དུ་བཅར་འདྲི་བྱེད་སྐབས"མཐའ་མཚམས་ལ་དགའ་བའི་ཉེན་རྟོག་པ་གསར་བའི"བེད་སྤྱོད་བྱེད་ཐབས་དྲིལ་སྒྲོག་ཧུར་ཐག་བྱས་ཏེ་ལས་ཀ་སྒྲུབ་བདེ་བར་བྱས།

མིག་སྔར། མ་ལག་དེའི་ནང་མཐའ་མཚམས་སྲིད་ཇུས་དང་ཁྲིམས་སྲོལ་ཁག300ལྷག་ཕབ་ཟིན་པ་དང་། ཉིན་རེའི་བློ་འདྲི་ཁག200ལྷག་ཐག་གཅོད་བྱེད་བཞིན་ཡོད། དང་ལེན་མྱུར་ཚད་སྐར་ཆ3བར་ཚོད་འཛིན་བྱས་ཡོད། "མཐའ་མཚམས་ལ་དགའ་བའི་ཉེན་རྟོག་པ་གསར་བ"དེ་རྒྱལ་ལམG331ལིན་ཅང་གཙང་པོའི་སྤྱི་གླིང་སོགས་སུ་ཁྱབ་གདལ་བེད་སྤྱོད་བྱས་པ་དང་། རྗེས་མར་ལིན་ཅང་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་དུ་སྔར་བས་ཁྱབ་གདལ་གཏོང་རྒྱུ་རེད།


མཉམ་སྤྱོད།