དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རེབ་གོང་སྒྱུ་རྩལ་རིག་དངོས་ཁྱམས་རིང་དབྱར་ལྗོངས་རིག་རྩེད་ཁྲོམ་རའི་སྒོ་འབྱེད་མཛད་སྒོ་ཐུན་རིན་གྲོང་ཁྱེར་དུ་སྤེལ།

2025-08-13 11:12:03   |   56

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་། ཀྲུང་གུང་ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཐུན་རིན་གྲོང་ཁྱེར་དྲིལ་སྒྲོག་པུ་དང་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་སྒྲུབ་འགན་འཁུར་ཞིང་། ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་དང་ཐུན་རིན་གྲོང་ཁྱེར་རིག་གནས་ཁང་གིས་རོགས་སྒྲུབ་གནང་བའི་རེབ་གོང་སྒྱུ་རྩལ་རིག་དངོས་ཁྱམས་རིང་དབྱར་ལྗོངས་རིག་རྩེད་ཁྲོམ་རའི་སྒོ་འབྱེད་མཛད་སྒོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར། འཛམ་གླིང་ཐང་ག་ཡི་ཕ་ས་ཞེས་པའི་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་འབར་བའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་སེང་གེ་གཤོང་ནས་གཟབ་རྒྱས་ངང་འཚོགས།

1.png

རེབ་གོང་སྒྱུ་རྩལ་ནི་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་ལ། རེབ་གོང་སྒྱུ་རྩལ་རིག་དངོས་ཁྱམས་རིང་བསྐྲུན་པའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། རིག་གནས་ཡིད་རྟོན་ཇེ་བརྟན་ཏུ་གཏོང་བ། གཏིང་ཟབ་པའི་རེབ་གོང་སྒྱུ་རྩལ་རིག་དངོས་ཀྱི་ངོ་མཚར་དང་ཁྱད་ཆོས་ངོམ་པ། དངོས་མིན་ཤུལ་བཞག་རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་པ། རིག་གནས་གསར་གཏོད་དང་གསར་བྱུང་ཐོན་ལས་ཀྱི་འཕེལ་རྒྱས་ཡིབ་ཤུགས་སྔར་བས་སྔོག་འདོན་གང་ལེགས་བྱ་ཆེད་རེད།

2.png

མགོ་རྩོམ་མཛད་སྒོའི་སྟེང་རེབ་གོང་ས་གནས་ཀྱི་དམངས་ཁྲོད་ཞབས་བྲོ་དང་ལྷ་རྩེད། བོད་ཀྱི་ཟློས་གར། ཐང་གའི་སྒྱུ་རྩལ་ངོམ་པའི་འཁྲབ་སྟོན། དེ་མིན་བོད་ཀྱི་ན་གཞོན་གླུ་བ་གྲགས་ཅན་སྐོར་ཞིག་གིས་ངག་སྙན་མོའི་འགྱུར་ཁུགས་དབྱངས་སུ་བཀུག་སྟེ་རེབ་གོང་ཕ་ཡུལ་ལ་བསྟོད་གླུ་བླངས་ཤིང་། དུས་རབས་གསར་པར་བསྟོད་གླུ་བླངས་པས་རྒྱ་ཆེའི་ལྟད་མོ་བ་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག་སྟེ་དགའ་བསུ་ཚད་མེད་ཐོབ་པ་དང་། ཡུལ་དངོས་སུ་ལག་ཟུང་ཐལ་མོའི་རྡེབ་སྒྲ་དང་སྐད་གསེང་མཐོན་པོའི་འབོད་སྒྲས་ཁེངས།

3.jpg

4.jpg

ཐེངས་འདིའི་བྱེད་སྒོའི་ཡུལ་དངོས་ཀྱི་རིག་རྩལ་ཁྲོམ་རའི་སྟེང་གི་འགྲེམ་སྟོན་དངོས་རྫས་རེ་རེ་ནི་ལོ་རྒྱུས་ཀྱི་བདེན་དཔང་རེ་རེ་ཡིན། ཟབ་ཞུགས་པ་ཚོས་ཕན་ཚུན་བར་བསམ་བློ་བརྗེ་རེས་གང་མང་བྱས་ཤིང་དྲིལ་སྒྲོག་རིག་གནས་སོ་སོར་ཉམས་ཞིབ་བྱས། རེབ་གོང་སྒྱུ་རྩལ་ནི་ཐུན་རིན་གྲོང་ཁྱེར་གནས་སྐོར་འཕེལ་རྒྱས་ཀྱི་བླ་སྲོག་ལྟ་བུ་ཡིན་པས། རྒྱ་ཆེའི་གནས་སྐོར་པས་སྲོལ་རྒྱུན་རིག་གནས་ལ་ཉམས་ཞིབ་བྱེད་པ་དང་། རིག་གནས་ཡིད་རྟོན་སྔར་བས་ཇེ་དྲག་ཏུ་གཏོང་བའི་ཐད་བགྲོད་ལམ་གསར་པ་བཏོད།

5.jpg

རིག་དངོས་ཁྱམས་རིང་གིས་ཞིང་ཆེན་རིམ་པའི་རེབ་གོང་རིག་གནས་ཐོན་ལས་གླིང་ཁུལ་ལ་རྐང་བཙུགས་ཏེ་ཞིང་ཆེན་ནང་ཁུལ་གྱི་རེབ་གོང་སྒྱུ་རྩལ་རིག་དངོས་ཁྱམས་རིང་ཐོག་མ་བསྐྲུན་ཞིང་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་སྐྱེ་ཁམས་གསར་སྐྲུན་བྱས། རིག་རྩལ་ཁྲོམ་ར་ཡིས་དམངས་ཁྲོད་ཀྱི་དངོས་མང་རྟེན་མཛོད་ཁང་དང་། རི་མོ་ཁང་སོགས་ལ་སྦྲེལ་མཐུད་གང་ལེགས་བྱས་ཏེ། ཐུན་རིན་གྲོང་ཁྱེར“རིག་གནས་ཉམས་ཞིབ་དམིགས་གནས”སུ་སྒྱུར་རོགས་བྱས། ཐེངས་འདིའི་བྱེད་སྒོ་ཡིས་རེབ་གོང་སྒྱུ་རྩལ་རྨང་གཞི་དང་རྩ་བར་བཟུང་སྟེ་གཞུང་ལུགས་ལག་ལེན་ཏུ་བསྟར་བར་སྐུལ་འདེད་གཏིང་ཟབ་ཏུ་བཏང་ནས། རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་བྱས་རྗེས་བཞག་ཡོད།།


མཉམ་སྤྱོད།