དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོས་འཛམ་གླིང་ཐོག་ཐོག་དང་པོར་གཞི་རྒྱུ་རྩོམ་སྒྲིག་བྱས་ནས་ཕག་གི་གློ་བ་སྤོས་འཛུགས་ལེགས་གྲུབ་བྱུང་བ།

2025-08-26 09:07:33   |   90

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།   ཀྲུང་གོ་གསར་འགྱུར་ཁང་།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གནས་ཚུལ། ཚེས25ཉིན། ཀྲུང་གོའི་ཞིབ་འཇུག་ཚོགས་པས་དབྱིན་ཇིའི་རིག་གཞུང་དུས་དེབ《རང་བྱུང—གསོ་རིག》ཅེས་པའི་དྲ་ཐོག་ཏུ་དཔྱད་རྩོམ་སྤེལ་ནས་འཛམ་གླིང་གི་གཞི་རྒྱུ་རྩོམ་སྒྲིག་བྱས་པའི་ཕག་པའི་གློ་བ་དེ་ཀླད་པ་ཤི་བའི་མིའི་ལུས་པོར་བདེ་བླག་ངང་སྤོ་འཛུགས་བྱས་པའི་དཔེ་མཚོན་ཐོག་མ་དེ་སྙན་ཞུ་བྱས་པ་རེད། གྲུབ་འབྲས་དེས་གློ་བ་སྤོ་འཛུགས་ཀྱི་མཁོ་སྤྲོད་མི་འདང་བའི་དཀའ་གནད་སེལ་ཐུབ་རེ་ཡོད་པས་རྒྱལ་སྤྱིའི་ཆེད་མཁས་པས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྡོ་རིང་ལྟ་བུ་ཞིག་ཏུ་བརྗོད་ཀྱི་ཡོད།

000.jpg


མཉམ་སྤྱོད།