དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ལུས་རྩལ་པས་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྐབས་བརྒྱད་པའི་ཁྲོད་གཡུར་ཟའི་གྲུབ་འབྲས་བླངས།

2025-08-26 14:45:50   |   47

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས25ཉིན"ངོ་མཚར་རྨ་ལྷོར་མཉམ་དུ་འཛོམས། མཐུན་སྒྲིལ་ལེའུ་གསར་མཉམ་དུ་རྩོམ"ཞེས་པ་བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་རྨ་ལྷོ་ཁུལ་དུ་རྒྱལ་ཁའི་ངང་མཇུག་སྒྲིལ། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཁྱོན་རྣམ་གྲངས་ཆེ་བ10དང་རྣམ་གྲངས་ཆུང་བ55ཡོད་པ་དང་། མཚོ་བྱང་ཁུལ་གྱིས་སྣེ་འཁྲིད་པ་དང་རྩལ་འཁྲིད་པ། ལུས་རྩལ་པ་བཅས་ཁྱོན་མི157བདམས་མངག་བྱས་ནས་དྲག་རྩལ་དང་གླང་ཆེན་ས་གཤག ས་འགྱོག ཐག་འཐེན། འཇུ་རེས། མདའ་འཕེན། རྟ་རྩལ། བོད་འགྲིག གཡག་རྒྱུག སྐོར་བྲོ་སོགས་རྣམ་གྲངས་ཆེ་བ10དང་རྣམ་གྲངས་ཆུང་བ47གྱི་འགྲན་སྡུར་ལ་ཞུགས་ནས། ཁྱོན་བྱ་དགའ57ཐོབ། དེའི་ནང་བྱ་དགའ་ཨང་དང་པོ14དང་ཨང་གཉིས་པ23། ཨང་གསུམ་པ20བཅས་ཐོབ། ལུས་རྩལ་ཀུན་སྤྱོད་དཔེ་ལེགས་བྱ་དགའ16ཐོབ་པའི་ནང་ཐུན་མོང་ཚོགས་པའི་བྱ་དགའ4དང་མི་སྒེར་གྱི་བྱ་དགའ12ཐོབ་ལ། ཕུལ་བྱུང་ལུས་རྩལ་པའི་བྱ་དགའ4བཅས་ཐོབ་པས་འགྲན་སྡུར་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཉིས་ཀྱི་ཐད་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཡོད།

འགྲན་སྡུར་སྟེང་། མཚོ་བྱང་ཁུལ་གྱི་ལུས་རྩལ་པས"མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི"འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་མངོན་པར་བྱས་ཏེ། མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱ་ཆེད་ངོ་མཚར་བའི"མཚོ་བྱང་གི་ལེའུ"བསྐྲུན་ཡོད།


མཉམ་སྤྱོད།