དེ་རིང་ནི2025ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་མཚོ་སྔོན་འཇུ་ལག་སེམས་ཉིད་ནགས་ཀློང་གི་རྐང་ཐང་བྱེད་སྒོ་སྤེལ་མགོ་ཚུགས་པ།

2025-09-22 10:09:16   |   24

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས21ཉིན། འཇུ་ལག་རྫོང་མི་དམངས་སྲིད་གཞུང་དང་། ཤིན་ཧྭ་ལུས་རྩལ། ཤིན་ཧྭ་དྲ་བ་མཚོ་སྔོན་ཡན་ལག་སྤྱི་གཉེར་བཅས་ཀྱིས་གཙོ་གཉེར་བྱས་པའི“གསེར་མདོག་འཇུ་ལག·ནགས་ཀློང་གངས་ཆབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི2025ལོའི་མཚོ་སྔོན་འཇུ་ལག་སེམས་ཉིད་ནགས་ཀློང་གི་རྐང་ཐང་བྱེད་སྒོ་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཀྱུ་ཡངས་ནང་མཛེས་ལྗོངས་ཁུལ་དུ་སྤེལ་མགོ་ཚུགས། ཞིང་ཆེན་ཕྱི་ནང་གི་ལུས་རྩལ་ལ་དགའ་མཁན800ཞུགས་ཡོད།

1.png

ད་ཐེངས་ཀྱི་འགྲན་བསྡུར་ལ་མི་སྒེར་གྱི་ཚོགས་ཆུང་དང་ཕ་མ་དང་བུ་ཕྲུག་ཚོགས་ཆུང་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། སྤྱི་ལེ2.5ཡོད་པའི་འགྲན་ལམ་དེ་སྟོན་མཇུག་གི་ནགས་ཀློང་དུ་ཡོད་པ་དང་། རྩམ་པའིDIYདང་མདའ་འཕེན་སོགས་འཇུ་ལག་གི་ཁྱད་ལྡན་རིག་གནས་ཉམས་ལེན་རྣམ་གྲངས་ཀྱང་ཡོད་པས། འགྲན་ཞུགས་མཁན་གྱིས་ལུས་རྩལ་འགྲན་བསྡུར་ཁྲོད་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་གོམས་གཤིས་མཉམ་དུ་ཉམས་ལེན་བྱས་ཏེ་ལུས་རྩལ་དང་རིག་གནས་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱས་ཡོད། དེའི་རིང“འཇུ་ལག་སྤུས་ལེགས་ཐོན་རྫས”འགྲེམས་སྟོན་དང་འགྲེམས་ཚོང་བྱེད་སྒོ་སྤེལ་ནས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་གསར་གཏོད་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། འཇུ་ལག་གི་ཚགས་ཤ་དང་། བོད་ཀྱི་ལུག་ཤ། པད་ཁ་སོགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འཛད་སྤྱོད་བྱེད་མང་ཤོས་སུ་གྱུར་ཡོད་ལ། འགྲན་ཞུགས་བདམས་ཐོན་པ་དང་གནས་སྐོར་བ་མང་པོའི་ཡིད་དབང་བཀུག

ད་ཐེངས་ཀྱི་བྱེད་སྒོས“ལུས་རྩལ+”དམ་འཛིན་བྱ་ཡུལ་དུ་རྩིས་ནས་འགྲན་བསྡུར་གྱི“ཚ་རླབས”དེ་འཕེལ་རྒྱས་ཀྱི“གསོག་འབོར”དུ་ནུས་ལྡན་ངང་བསྒྱུར་བ་དང་།“ལུས་རྩལ་གྱིས་གར་སྟེགས་བསྐྲུན་པ་དང་། དཔལ་འབྱོར་གྱིས་ཟློས་གར་འཁྲབ་པ། ཐོན་ལས་མཉམ་སྒྲུབ་བྱེད་པ”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་མ་ཟད། འཇུ་ལག་ཁྱད་ལྡན་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ8པའི་བར་འཇུ་ལག་རྫོང་གིས་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས་ཁྲི292.9སྣེ་ལེན་ཞུས་པ་དང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར12.2ཟིན་ཡོད། དེ་དུས་མཚུངས་ལས་སོ་སོར19.97%དང18.68%འཕར་བ་དང་། སྤུས་རྟགས་འགྲན་བསྡུར་གྱིས་ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་རྒྱུན་མཐུད་ངང་མངོན་གསལ་དོད་དུ་ཕྱིན་ཡོད་ཅིང་།“ཞིང་ལས་དང་། རིག་གནས། གནས་སྐོར། ཚོང་ལས”བཅས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་སླེབས་ཡོད།


མཉམ་སྤྱོད།