དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་ཟས་གདན་ཞུའི་འགྲན་སྡུར་གཙོས་གྲོང་ནས་སྤེལ་རྒྱུ་རེད།

2025-09-22 16:42:13   |   203

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

1 དུས་ཚོད།

ཀན་ལྷོ་ཁུལ་གྱི་ཤམ་བྷ་ལ་བོད་ཀྱི་ཟས་མཆོག་རིག་གནས་བྱེད་སྒོ་དང2025ལོའི་ལྷད་མེད་བོད་ཟས་རྒྱལ་ཡོངས་ཀྱི་གདན་ཞུའི་འགྲན་སྡུར་ཟླ9པའི་ཚེས26ནས27ཉིན་བར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད།

གཙོ་སྒྲུབ་ལས་ཁུངས། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས། ཀན་ལྷོ་ཁུལ་ཚོང་དོན་ཅུ།

འགན་སྒྲུབ་ལས་ཁུངས། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས་ཟབ་སྦྱོང་བརྗེ་རེས་ལྟེ་གནས། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས་མི་རིགས་ཀྱི་ཟས་རིགས་གནས་སྐོར་ཆེད་ལས་ཨུ་ལྷན། ཀན་ལྷོ་ཁུལ་བོད་ཟས་གཡོས་སྦྱོར་མཐུན་ཚོགས།

རོགས་སྒྲུབ་ལས་ཁུངས། བོད་རང་སྐྱོང་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ་ཞིང་ཆེན་གྱི་ཁུལ་སོ་སོའི་ཟས་མཆོག་གཡོས་སྦྱོར་ལས་རིགས་མཐུན་ཚོགས།

2 འགྲན་སྡུར་རྣམ་པ།

ཚོགས་པ་རྣམ་པའི་འགྲན་སྡུར།

3 ཚོགས་པའི་གྲུབ་སྟངས།

བཟའ་བཏུང་ཁེ་ལས་ཀྱི་ཇ་མ་གསུམ་ལས་གྲུབ།

4 འགྲན་སྡུར་ནང་དོན།

འགྲན་ཞུགས་ཚོགས་པས་སྐར་མ90ཡི་ནང་ལ་ཟ་མ་སྣ་ཁ10ཡན་ལས་དགོས།

5 འགྲན་སྡུར་གྱི་ཆ་རྐྱེན།

ཉེ་བའི་ལོ1གི་ནང་ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་བྱུང་མ་མྱོང་བ་དང་ཚོང་གཉེར་བྱས་ནས་ལོ3ཡན་ལོན་པའི་བོད་ཟས་ཀྱི་བཟའ་བཏུང་ཁེ་ལས་དང་འབྲེལ་ཡོད་ལས་རིགས་སློབ་གྲྭ་འགྲན་སྡུར་དུ་ཞུགས་ཆོག

6 འབྲེལ་གཏུག་བྱ་ཡུལ།

ཝང་ཆིན། 13669309322༼སྐད་འཕྲིན།༽13689355008

ཀྲང་ཝུན་ཆིན། 18513615013

གློག་རྡུལ་ཡིག་ཟམ། 2510267154@qq.com


མཉམ་སྤྱོད།