དེ་རིང་ནི2025ལོའི་ཟླ12པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-10 08:38:27   |   79

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས14.7%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པར། 2025ལོར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར2.15ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པའི་རེ་བ་ཡོད་པ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་གཅིག་པར་རང་རྒྱལ་གྱི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས478.1ཟིན་པ་དང་། དུས་མཚུངས་ལས3%འཕར་ཡོད།

  • ཉེ་ཆར། སྤྱི་བདེ་པུས་འཛིན་བཟུང་བཀའ་རྒྱ་བཏང་ནས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ཉེས་གསོག་བྱས་ནས་བྲོས་བྱོལ་དུ་སོང་བའི་ཉེས་ཅན་པ་དང་རྐང་འཛིན་པ་མི100ཡོངས་བསྒྲགས་ངང་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་བ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པའི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་ཡོད།

  • འཕྲལ་བསྟུན་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་འཚོལ་བཤེར་དང་རོགས་སྐྱོབ་བློ་འདྲི་ཚོགས་པINSARAGརྒྱལ་ཁབ་ཀྱི་ཁས་ལེན་དཔང་འདོན་གོ་རིམ་གྱི་ཐོབ་ཐང་དཔང་འདོན་བརྒྱུད། གོ་ལ་ཧྲིལ་པོའི་ཁས་ལེན་ཐོབ་པའི་རྒྱལ་ཁབ་ཨང10པར་གྱུར་ཡོད།

01.jpg

  • ཚེས9ཉིན། ཧྲིན་ཀྲོའུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་གྲུ་ཁང་ཕྱིར་འབུད་པའི་བྱེད་སྒོ་ཐེངས་དང་པོ་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ། ཧྲིན་ཀྲོའུ་ ཨང་ཉི་ཤུ་པའི་འཕུར་གྲུ་ཕྱིར་ལོག་ནས་གྲུ་ཚང་གི་སྒེའུ་ཁུང་དུ་སྐོར་ཞིབ་པར་ལེན་སོགས་ཀྱི་ལས་འགན་ལེགས་གྲུབ་བྱུང་།

02.jpg

  • ཚེས9ཉིན་གྱི་དུས་ཚོད6:11སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་རྟགས་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར15བདེ་བླག་ངང་འཕེན་གཏོང་བྱས་པ་རེད།

03.jpg

  • ཚེས9ཉིན་གྱི་དུས་ཚོད11:41སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་རྒྱང་ཚོར་ཨང་རྟགས47པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

  • ཀྲུང་ཨུའི་དམག་དཔུང་གཉིས་ཀྱི་ལོ་འཁོར་མཉམ་ལས་འཆར་གཞི་གཞིར་བཟུང་། ཕྱོགས་གཉིས་པོས་ཚེས9ཉིན་ཤར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ནུབ་རྒྱུད་བར་སྣང་ཁྱབ་ཁོངས་སུ་མཉམ་འབྲེལ་བར་སྣང་འཐབ་ཇུས་སྐོར་གཡེང་སྒྲིག་འཛུགས་བྱས་པ་རེད།

སྤྱི་ཚོགས།

  • ཞིང་ལས་གྲོང་གསེབ་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་གངས་སྐྱོན་གྱི་ཉེན་ཁའི་སྔོན་བརྡ་བཏང་བ་དང་། ཚེས12ནས13ཉིན་བར། ཧྲན་ཤིས་ཀྱི་ལྷོ་རྒྱུད་དང་། ཧོ་པེའི་ལྷོ་ནུབ་རྒྱུད། ཧོ་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས། ཅི་ལིན་གྱི་ཤར་རྒྱུད་བཅས་ལ་གངས་སྐྱོན་བྱུང་བའི་ཉེན་ཁ་ཆེ།

  • རྩིས་གཉེར་དྲ་ཐོག་སློབ་ཁང་དང་གྲོ་ཞིང་ཡི་གེ་ངོས་འཛིན་(麦田认字)སོགས་ནང་APP24དངSDKལ་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པས་བརྡ་ཁྱབ་བཏང་བ་རེད།

  • དབྱིན་ཇིའི《རང་བྱུང》དུས་དེབ་དྲ་ཚིགས་ཀྱིས་ཚེས8ཉིན། 2025ལོའི་ལོ་འཁོར་གྱི་ཚན་རིག་མི་སྣ་ཆེ་གྲས་བཅུའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་མི་ཐབས་རིག་ནུས་ཁེ་ལས་ཀྱི་སྲོལ་གཏོད་པ་ལེའང་ཝུན་ཧྥུང་དང་ཀྲུང་གོ་ཚན་རིག་ཁང་གི་མཚོ་གཏིང་ཚན་རིག་མཁས་ཅན་ཏུའུ་མོང་རན་གཉིས་བདམས་ཐོན་བྱུང་བ་རེད།

  • ཚེས9ཉིན་གྱི་སྔ་དྲོར། དེ་སྔའི་ཀྲུང་གོ་ཧྭ་རུང་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་གྱི་སྤྱི་ཁྱབ་ཅིང་ལི་པའེ་ཐེན་ཧུའེ་ལ་སྲོག་ཁྲིམས་བཅད་པ་རེད།

  • ཚེས9ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལུའོ་པའོ་མིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལུའོ་པའོ་མིང་ལ་ལོ་བཅོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།

  • ཚེས9ཉིན། སྐྱེས་པའི་སྨི100ཡི་ཨེ་ཤེ་ཡའི་ཟིན་ཐོ་སྲུང་འཛིན་མཁན་དང་ཀྲུང་གོའི་ཐུང་རྒྱུག་གྲགས་ཅན་སུའུ་པིང་ཐེན་དངོས་སུ་ལས་འཁྱུར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཉིན་ཤས་གོང་འཛད་སྤྱོད་དྲན་སྐུལ་བྱས་དོན། ལག་བཟོས་རྩེད་ཆས་ཀྱི་རྒྱུ་ཆ་ཁག་གཅིག་ལ་ཅ་ཆོན་ཚད་གཞི་ལས་བརྒལ་སྲིད་པས་འཛད་སྤྱོད་པས་བདེ་འཇགས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཟེར།

  • ཚེས9ཉིན་གྱི་ཕྱི་དྲོར། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་གསར་འགོད་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏ་ཕུའུ་ཧུང་ཕུའུ་ཡོན་གྱི་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས160བར་འཕར་བ་དང་མིག་སྔར་མི6ལ་སྔར་བཞིན་འབྲེལ་བ་ཆད་ཡོད་ཟེར།

04.jpg

  • ཚེས9ཉིན། ཧྥུའུ་ཅན་གྱི་གཙོ་གནད་འགྲིམ་འགྲུལ་ལས་གྲྭ་ཧྲ་ནན་མྱུར་བགྲོད་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། ཧྲ་ཞན་ནས་ནན་ཕིང་ཝུའུ་དབྱི་ཧྲན་བར་གྱི་འགྲོ་སྐྱོད་དུས་ཚོད་ཆུ་ཚོད་1.5ཡས་མས་སུ་ཐུང་དུ་ཕྱིན་ཡོད།

04.gif

  • ཉེ་ཆར། ཅང་སུའུ་སུའུ་ཀྲོའུ་ཡི་རྒན་པ་ཞིག་ལམ་བར་དུ་རྐུབ་སྟེགས་འཁོར་ལོ་ཅན་བསྡད་ནས་འགྲོ་སྐབས་གཞོགས་གཅིག་ཏུ་འགྱེལ་བ་དང་། ལམ་དུ་འགྲོ་བཞིན་པའི་སློབ་ཆུང་སློབ་མ་ཀྲོའུ་པོ་ཁྲེང་གིས་མཐོང་རྗེས་མྱུར་དུ་རྒྱུག་ནས་སློབ་གྲོགས་ལི་ཤིས་ཧང་དང་མཉམ་དུ་རྒན་པ་རྐུབ་སྟེགས་སུ་སྐྱོར་ནས་བཞག  དེ་རྗེས་ཉེན་རྟོག་པ་ཐོན་པ་དང་། བརྟག་བཤེར་བྱས་རྗེས་རྒན་པའི་གཟུགས་པོར་སྐྱོན་ཆེན་པོ་མེད།

སྲིད་ཇུས།

  • བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ལག་བསྟར་ཞིབ་སྲོལ་དང་ཨར་འདམ་ལྕགས་རྩིབས་མའི་ཚ་གནོན་ལྕགས་རྩིབས་སོགས་བཟོ་ལས་ཐོན་རྫས་རིགས24ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ལག་བསྟར་ཞིབ་སྲོལ་ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་། གཏན་འབེབས་གསར་པ་གཉིས་ཀྱིས་ཐོན་སྐྱེད་ཁེ་ལས་ཀྱིས་དཔང་རྟགས་ལེན་པའི་རེ་ཞུ་སོགས་ཀྱི་ལས་དོན་ལ་ཚད་ལྡན་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་རེད།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཏང་ནས2025ལོར་ཞིང་ཆེན་གྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་མདུན་གྲལ་ལག་རྩལ་ཆེད་དོན་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། རྣམ་གྲངས་རྐྱང་པར་ཞིང་ཆེན་གྱིས་མ་དངུལ་གཏོང་བའི་རགས་རྩིས་མང་ཤོས་སྒོར་ཁྲི1500ཟིན་ཡོད།

  • ཅང་ཤིས་ཀྱིས་ཡིག་ཆ་བཀྲམ་ནས་ཞིང་ཆེན་ནང་ཁུལ་དུ་གསར་གཏོད་སྨན་རྫས་རིགས1དང་གསར་གཏོད་སྨན་བཅོས་ཡོ་བྱད་རིགས་གསུམ་པའི་ཐོ་འགོད་ལག་ཁྱེར་གསར་དུ་ཐོབ་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཐོན་པའི་རིགས་ལ་གཏན་འབེབས་ལྟར་བྱ་དགའ་སྒོར་ཁྲི1000སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ཞིན་ཅང་གི་ནུབ་རྒྱུད་དང་ནང་སོག་གི་དབུས་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ལིའོ་ཉིང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་ཆེན་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་གི་བྱང་རྒྱུད་དང་ཅི་ལིན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་དྲག་ཁངས་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཧྥུ་ཅན་གྱི་བྱང་ཤར་རྒྱུད། ཀྲེ་ཅང་གི་ཤར་རྒྱུད། ཧྲན་ཏུང་ཕྱེད་གླིང་། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།