དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-11 09:11:59   |   165

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ་བཅུ་གཅིག་པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས0.7%འཕར་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི19ཡིན་པ་དང་། དུས་མཚུངས་ལས1.9%འཕར་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར7538བཏང་བ་དང་། དུས་མཚུངས་ལས5.9%འཕར་ཡོད།

  • ཉེ་ཆར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཡིག་ཆ་བཀྲམ་ནས2026ལོའི་དཔྱིད་གསར་དུས་ཆེན་སྔོན་དུ་གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་སྤེལ་ནས། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གླ་རྒྱག་ཞིང་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་སྔོན་འགོག་དང་སེལ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་གསུམ་ལྷག་ཙམ་རིང་། ཕུལ་བྱུང་བཟོ་སྐྲུན་པ་གསོ་སྐྱོང་སྒྱུར་བཅོས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་ཀྱི་ཕུལ་བྱུང་བཟོ་སྐྲུན་པ་སློབ་གླིང50བསྐྲུན་ཡོད།

  • ཚེས10ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུ་རུ་ཁག་གིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས་པ་རེད།

01.jpg

  • ཚེས10ཉིན། རང་རྒྱལ་གྱིས་ཏུང་ཧྥེང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་དུ་ལི་ཅན་ཨང་རྟགས་དང་པོའི་ཡོ་ཨང་རྟགས་བཅུ་གཅིག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཨ་ལན་ཆིའུ་སྲུང་སྐར813སོགས་སྲུང་སྐར9བདེ་བླག་ངང་འཕེན་གཏོང་བྱས་པ་རེད།

  • དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་ནང་ལོག་གི་སྤྱི་ཚོགས་འབྲེལ་འདྲིས་ལས་སྟེགས་དེབ་དམར(小红书)“གནས་སྐབས་བཀག་སྡོམ་གཏན་འཁེལ” ལོ་གཅིག་བྱ་རྒྱུ་དྲིལ་སྒྲོག་བྱས། རྒྱལ་ཁབ་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ལྡོག་སྤྱོད་ཀྱིས་ཐའེ་དབན་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུ་ཚོས་ནང་ལོག་ཤེས་རྟོགས་དང་ནང་ལོག་གི་སྤུན་ཟླ་དང་ཕན་ཚུན་ཤེས་རྟོགས་བྱེད་པའི་དམངས་འདོད་ཀྱི་རླབས་རྒྱུན་འགོག་མི་ཐུབ་ཞེས་བརྗོད།

  • ཟླ12པའི་ཟླ་དཀྱིལ་དུ། ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་པོའི་དམག་དཔུང་གིས“མཉམ་འབྲེལ་ཐོག—2025ལོའི”སྐམ་དམག་མཉམ་འབྲེལ་སྦྱོང་བརྡར་སིང་ཀ་ཕོར་ནས་བྱ་རྒྱུ་རེད།

  • རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་ན2025ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད5%ཟིན་རྒྱུ་ཡིན་པ་དང་། ད་ལོའི་ཟླ10པར་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ》ལས་བརྒྱ་ཆའི་གྲངས0.2འཕར་རྒྱུ་རེད།

སྤྱི་ཚོགས།

02.jpg

  • གྲང་རླབས་ཀྱི་ཤུགས་རྐྱེན་ཐེབས་ནས་ཚེས10ཉིན་གྱི་མཚན་མོ་ནས་ཚེས13ཉིན་བར། ཤིན་ཅང་བྱང་རྒྱུད་དང་། ཀན་སུའུ། ཧྲའན་ཤིས་ལྷོ་ནུབ་རྒྱུད། ཧྭ་བྱང་གི་ནུབ་རྒྱུད་དང་ལྷོ་རྒྱུད། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་ཏུའུ10ནས12བར་མར་ཆག་རྒྱུ་དང་། ས་ཆ་ཁ་ཤས་ཀྱི་དྲོད་ཚད་ཏུའུ14ནས16བར་མར་ཆག་རྒྱུ་རེད།

  • རྒྱལ་ཡོངས་སྐབས་བཅུ་གཉིས་པའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་དགུ་བའི་དམིགས་བསལ་ཨོ་ལིམ་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཚེས10ཉིན་མུ་མཐུད་དུ་སྤེལ་ཞིང་། ཉིན་ཧྲིལ་བོར་ཁྱོན་སྡོམ་གསེར་གྱི་རྟགས་མ121བྱུང་།

  • ཚེས10ཉིན། ནོར་སྲིད་པུས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་སྒྲིག་གཞིའི་མ་འཇོག་མཁན་ལ་ཕྱོགས་ནས2025ལོའི་དུས་ཐེངས་དྲུག་པའི་མི་དམངས་ཤོག་སྒོར་དུང་ཕྱུར70ཡི་རྒྱལ་བུན་འགྲེམས་སྤེལ་བྱས་པར། མ་འཇོག་མཁན་གྱི་དགའ་བསུ་རྒྱ་ཁྱབ་ཐོབ་པ་དང་། ཉོ་རྒྱུ་ངོས་འཛིན་བྱས་ཚད་ལྡབ5.22ཟིན་ཡོད།

  • མིག་སྔར། རྒྱལ་ཡོངས་ཀྱི་རྫོང་དང་གྲོང་གསེབ་ཀྱི་ཚོང་ལས་དྲ་ཚིགས་དེ་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་ཡོད། ད་ལོའི་ཟླ10པའི་བར། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་ཟླ46ལ་བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་ལས་མཐོ་བའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་། ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པ་ཆི་ཀྲ་ལ་ཡིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • ཚེས10ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་། ཧྲུའུ་ཀྲང་གཞོན་པ་སུན་ཡུས་ཉིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། སུན་ཡུས་ཉིང་ལ་དུས་བཙོན་ལོ་བཅུ་གསུམ་གྱི་ཁྲིམས་ཆད་བཅད་པ་རེད།

  • ཚེས10ཉིན། “རྒྱ་མཚོའི་ས་གཤིས་ཨང་རྟགས་དྲུག་པའི”ཚན་རིག་རྟོག་ཞིབ་གྲུ་གཟིངས་ཐེངས་15པའི་ལས་འགན་གྱི་ཚན་རིག་གྲུབ་འབྲས་གསར་ཤོས་ཡོངས་བསྒྲགས་བྱས་པའི་ནང་། མཚོ་གཏིང་གི་རྒྱ་མཚོའི་ཁོར་ཡུག་གཞི་གྲངས་དང་། མཚོ་གཏིང་གི་དིམ་བསགས་དངོས་པོ། མཚོ་གཏིང་གི་སྐྱེ་དངོས་མ་དཔེ་སོགས་ཚུད་ཡོད་པ་རེད།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀོང་ཏུང་གི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི8.61ཟིན་པ་དང་། ན་ནིང་གི་དུས་མཚུངས་ལས4.2%འཕར་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

03.jpg

  • ཚེས10ཉིན། ཧྥུའུ་ཅན་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོས་གནས་ཚུལ་བརྡ་ཁྱབ་བཏང་ནས། སྨན་ཁང་དེའི་སྨན་གཡོག་ཀྲང་ཧྲུའེ་ཧྭ་ཡིས་སྒྲིག་འགལ་ངང་ལས་འགན་གཅིག་ལྕོགས་འཁུར་ནས་ཐོབ་ཆ་ལེན་པ་དང་རྒྱུ་མཚན་རྫུན་མའི་ཐོག་ནས་ངལ་གསོ་བྱེད་པ་སོགས་ཀྱི་གནད་དོན་ལ་ཆད་པ་བཅད་པ་རེད།

04.jpg

  • ཚེས10ཉིན། རང་རྒྱལ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཟིན་པའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་ཏེ་ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཡུན་ནན་དབྱི་ལེའང་ཕུག་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད།

སྲིད་ཇུས།

  • ཀན་སུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ནས། རིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ས་ཁུལ་གྱི་གླ་ཕོག་ཟླ་རེར་སྒོར2200དང་། ཟླ་རེར་སྒོར2130 ཟླ་རེར་སྒོར2080བཅས་སུ་སོ་སོར་ལེགས་སྒྲིག་བྱས།

  • ཡུན་ནན་གྱིས་སྤྱི་པའི་བོགས་གཏོང་སྡོད་ཁང་དོ་དམ་བྱ་ཐབས་ཁྱབ་བསྒྲགས་བྱས་ནས། ཁྱིམ་ཚང་གཅིག་གམ་ཡང་ན་ཆ་རྐྱེན་དང་མཐུན་པའི་མི་སྒེར་གྱིས་སྤྱི་པའི་བོགས་གཏོང་སྡོད་ཁང་ཆ་ཚང་གཅིག་མ་གཏོགས་རེ་ཞུ་བྱས་མི་ཆོག་པ་གསལ་བོར་བཏོན།

  • ཀོང་ཏུང་ཧྲེན་ཀྲེན་གྱིས་སྤྱི་གསོག་མ་དངུལ་ལེན་པའི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ལས་བཟོ་པ་དང་ཁྱིམ་མིས་གྲོང་ཁྱེར་དེ་ག་ནས་སྡོད་ཁང་ཉོས་པ་དང་། ཁང་པ་ཉོ་བའི་ཐོག་མའི་དངུལ་མ་སྤྲད་པའམ་ཡང་ན་དངུལ་གྲངས་ཆ་ཚང་མ་སྤྲད་པའི་སྔོན་དུ་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་ཐོག་མའི་དངུལ་སྤྲོད་གྲབས་གསོག་བྱེད་པར་སྤྱད་ཆོག

དེ་རིང་གི་གནམ་གཤིས།

05.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ཤར་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ། ཧྲའན་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། ཅི་ལིན་ཤར་རྒྱུད་དང་ཞིན་ཅང་གི་ཐེན་ཧྲན་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཁངས་འབབ་ཀྱི་རེད། ཧྲན་ཏུང་ཕྱེད་གླིང་དང་། ཀུའེ་ཀྲོའུ་ཡི་དབུས་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་ཀྱི་རེད།


མཉམ་སྤྱོད།