དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-12 09:40:49   |   61

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ12ཚེས10ནས་ཚེས11ཉིན་བར་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གལ་ཆེན་གནང་བ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་ཚད་གཉིས་ཀ་ཁྲི3100ལས་བརྒལ་བ་དང་། དུས་མཚུངས་ལས་འཕར་ཚད་གཉིས་ཀ10%ལས་བརྒལ་ཡོད་པ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས3.6%འཕར་ནས་གྲངས་འབོར་བརྟན་པོའི་ངང་འཕར་ཡོད་པ་རེད།

  • ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར7538ཟིན་པ་དང་། དུས་མཚུངས་ལས5.9%འཕར་ཡོད།

  • རྒྱལ་སྤྱིའི་གློག་ལས་ཨུ་ལྷནIECགྱིས་ཉེ་ཆར་རང་རྒྱལ་གྱིས་སྣེ་ཁྲིད་དེ་བཟོ་བཅོས་བྱས་པའི་ཤུགས་ཚད་ཕྱེད་འདྲེན་གཟུགས་ཡོ་ཆས་ཁྱབ་ཁོངས་ཀྱི་འགག་རྩའི་རྒྱལ་སྤྱིའི་ཚད་གཞི་གཉིས་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་ཞི་བདེ་ནི་ངོགས་གཉིས་སྤུན་ཟླའི་ཐུན་མོང་གི་རེ་སྙེགས་ཡིན་པ་དང་གཅིག་གྱུར་ནི་ཐའེ་དབན་གྱི་མདུན་ལམ་གྱི་ཁ་ཕྱོགས་འབའ་ཞིག་རེད་ཅེས་བསྟན།

  • ཚེས11ཉིན་ཕྱི་འབྲེལ་པུ་དང་འཇར་པན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་ཉེ་དུས་འཇར་པན་དུ་མི་འགྲོ་བ་དང་། རི་པིན་དུ་ཡོད་པའི་སྤུན་ཟླས་ས་ཡོམ་དང་ཞོར་ཐོན་གནོད་འཚེའི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་སླར་ཡང་བྱས་པ་རེད།

02.gif

  • ཚེས11ཉིན། རང་རྒྱལ་གྱི“ཧོ་ཀྲེ་རིགས་དབྱི་མ་ཁན་”རྣམ་གྲངས་དེ་སྲུང་སྐྱོང་བྱེད་དགོས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་མིང་གཞུང་ནང་བཅུག་པ་རེད།

  • ཐེ་རོན་ཕུ་སྲིད་གཞུང་གིས་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་ཨ་རིར་གནས་སྐོར་བར་འདས་ཟིན་པའི་ལོ་ལྔའི་རིང་གི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་གྱི་སྔོན་གྱི་ལོ5ཡི་ཟིན་ཐོ་མཁོ་འདོན་བྱ་རྒྱུའི་བླང་བྱ་བཏོན་ཡོད།

སྤྱི་ཚོགས།

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། གྲང་རླབས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྔོན་དཔག་བྱས་ན་ཚེས11ཉིན་གྱི་མཚན་མོ་ནས་ཚེས13ཉིན་བར། རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ནུབ་ནས་ཤར་ཕྱོགས་སུ་རླུང་ཆེན་གཡུག་ནས་དྲོད་ཚད་མར་ཆག་རྒྱུ་ཡིན་པ་དང་། ཉིན་རེའི་ཆ་སྙོམས་སམ་ཡང་ན་དྲོད་ཚད་དམའ་ཤོས་ཡོངས་ཁྱབ་ཏུ་ཏུའུ་6ནས10བར་མར་ཆག་རྒྱུ་རེད།

  • ཚེས11ཉིན། པེ་ཅིང་གི2027ལོའི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱིས་གོ་ལ་ཧྲིལ་པོར་འགྲན་ཚོགས་ཀྱི་མཚོན་རྟགས་དང་། བཀྲ་ཤིས་གཡང་རྟེན། བརྗོད་དོན་འབོད་ཚིག་བཅས་བསྡུ་རུབ་བྱས་པ་རེད།

  • རླངས་འཁོར་ལས་རིགས་ཀྱི་དྲ་རྒྱའི་རྙོག་འཛིང་ཆེ་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱིས་དཔེ་མཚོན་གྱོད་གཞི་ཁག་གཉིས་པ་ཡོངས་བསྒྲགས་ངང་དམར་འདོན་བྱས་པ་དང་། “རླངས་འཁོར་ཕྱིར་གཏོང་སྟེགས་བུ”(车曝台)དང“ཨ་ཀུའེ་སྒྱུ་རྩལ་རླངས་འཁོར”(阿贵艺车)སོགས་ཀྱི་རྩིས་ཐོའི་ཨང་གྲངས་བརྡ་ཁྱབ་བཏང་བ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡོན་ཀོང་ཡུས་ཀྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་གཞུང་གཏུག་བྱས་པ་རེད།

  • ཉེ་ཆར། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱིས་ལས་ཐོག་ཉེས་གསོག་གི་དོགས་གཞི་ཡོད་པའི་འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་སྣ་གལ་ཆེན་ཧའོ་ཆེ་གེ་མོ་བདེ་བླག་ངང་བཀག་འགོག་བྱས་པ་དང་འབྲེལ་ཕྱིར་སློག་བྱེད་དུ་བཅུག་པ་དང་། གྱོད་འབྲེལ་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར9.7ཙམ་ཟིན་ཡོད་པ་རེད།

04.jpg

  • ཚེས11ཉིན། རང་རྒྱལ་གྱི་རང་བརྟེན་གསར་གཏོད་ཀྱི་ཀུན་སྤྱོད་མི་མེད་གནམ་གྲུའི་ལས་སྟེགས་ཆེ་གྲས“ཉིན་དགུ”ཡི་མི་མེད་གནམ་གྲུའི་འཕུར་སྐྱོད་ཐོག་མའི་ལས་འགན་ལེགས་གྲུབ་བྱུང་ཡོད།

  • ཚེས11ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་མེ་ཟོན་ཁྲུའུ་ཡིས་སྐུ་གཤེགས་པའི་མི་སྣ་ཧོ་ཝུའེ་ཧའོ་ལ་མེ་གསོད་རུ་ཁག་གི་གཟི་བརྗིད་གོ་གནས་རྗེས་སྤྲོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

  • པེ་ཅིང་གི་གཅེས་ཉར་ཁྱི་ལ་དུག་བཏང་པའི་ཉེས་དོན་ཡོངས་བསྒྲགས་གྱོད་གཞི་ཐོག་མ་དེ་ཚེས11ཉིན་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཀྲང་ལགས་ཧྭ་ཡིས་ཉེན་ཁའི་དངོས་པོ་བཞག་པའི་ཉེས་པ་བསགས་པས་དུས་བཀག་བཙོན་འཇུག་ལོ4བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

05.jpg

  • ཧྲན་ཏུང་ཅི་ནན་གྱི་ཏ་མིང་མཚེའུ་ཡི་ལྷོ་ནུབ་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ནང་། ལུང་ཧྲན་རིག་གནས་ཀྱི་མཁར་གྱང་ཤེས་རྟོགས་བྱུང་བ་དེས་ཅི་ནན་གྲོང་ཁྱེར་བསྐྲུན་པའི་ལོ་རྒྱུས་ལོ1500ཙམ་སྔ་སྣུར་བྱས་ཡོད།

  • ཆིང་ལན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་ཐ་ཚིག་བསྒྲགས་ནས་ཟླ12ཚེས12ནས་ཚེས13ཉིན་བར་ཉིན་རེའི་ཆུ་ཚོད6ནས8པའི་བར། ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ལ་དམག་དོན་སྦྱོང་བརྡར་བྱས་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད།

སྲིད་ཇུས།

  • ལེའོ་ཉིང་གིས་བྱེད་ཐབས་ཁག20བཏོན་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་དང་། “ཁྲིམས་འགལ་ཐོག་མ་ཆད་པ་མི་གཅོད་པ”དང“དོན་དག་ཆུང་ངུར་ཆད་པ་མི་གཅོད་པ”སོགས་ཀྱི་སྟབས་བསྟུན་ཁྲིམས་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཡོད།

  • ཧོ་ནན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་ཟོག་འདྲེན་རླངས་འཁོར་གྱི་ཁྲིམས་འགལ་ངང་ཚད་ལས་བརྒལ་བ་དང་ཐེག་ཚད་ལས་བརྒལ་བ་བཅོས་སྒྲིག་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ནང་། ལམ་ངོས་ཁྲིམས་འཛིན་གྱིས་ཡུལ་དངོས་མིན་སར་རླངས་འཁོར་འཇོག་མི་དགོས་པའི་ལྗིད་ཚད་སྒྲིག་ཆས་ལ་བརྟེན་ནས་ཆུ་ཚོད24རིང་རྒྱུན་ཆད་མེད་པར་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།

  • ཅང་ཤིས་ཀྱིས་སྲིད་ཇུས་གསར་པ་ཁྱབ་གདལ་བཏང་ནས“འཛིན་བྱང་ལ་བརྟེན་ནས་ཟ་མ་ལོངས་སུ་སྤྱོད་པ”དང་བཟའ་བཏུང་འཛད་སྤྱོད་ཀྱིས་མཛེས་ལྗོངས་ཁུལ་གྱི་འཛིན་བྱང་གི་ཚབ་བྱས་ཆོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རིག་གནས་གནས་སྐོར་དང་། ལུས་རྩལ། བཟའ་བཏུང་འཛད་སྤྱོད་བཅས་མཉམ་འདྲེས་བྱས་ཡོད།

དེ་རིང་གི་གནམ་གཤིས།

06.jpg

  • ཞིན་ཅང་གི་ཤར་རྒྱུད་དང་། ནང་སོག་གི་དབུས་ནུབ་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ། ཧྲའན་ཞི། ཧྭ་བྱང་། ཧོང་ཧོའེ་ཡི་ས་ཆ་མང་ཆེ་བ། ཨན་ཧུའེ་ཡི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་འབྲིང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཀན་སུའུ་ཡི་དབུས་རྒྱུད་དང་ཤར་ལྷོའི་རྒྱུད། ནང་སོག་གི་ཧོ་ཐའོ་ས་ཁུལ། ཧྲའན་ཞིའི་དབུས་བྱང་རྒྱུད། ཧྲན་ཞི། ཧོ་པེའི་ནུབ་རྒྱུད། ཧོ་ནན་གྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་དྲག་ཁངས་འབབ་རྒྱུ་རེད། ཅང་ཧོའེ་ཡི་ནུབ་རྒྱུད་དང་། ཅང་ཧན། ཅང་ནན་གྱི་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོ། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་འབྲིང་བར་འབབ་པ་དང་། ས་ཆ་ལ་ལར་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།