དེ་རིང་ནི2025ལོའི་ཟླ12པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-16 09:23:33   |   72

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ན་གཞོན་གྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ན་གཞོན་གྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་ན་གཞོན་བདེ་ཐང་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་བཤད་གནང་།

  • ཟླ12པའི་ཚེས16ཉིན་པར་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས24པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྟེ། 《ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་ནི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན》ཞེས་པ་སྤེལ་རྒྱུ་རེད།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་དང་ཀྲུང་དབྱང་དམག་ཨུའི་གཞུང་དོན་ཐིང་གིས《དམག་ཞབས་ཐོ་འགོད་ལས་དོན་གྱི་གཏན་འབེབས》ཞེས་པ་པར་འགྲེམ་བྱས་ཤིང་། 2026ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཉེ་ཆར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་མི་དམངས་ཉེན་རྟོག་པའི་སྒྲིག་སྲོལ་གྱོན་ཆོས་དངོས་སུ་སྒྲིག་སྦྱོར་བྱས་ཡོད། དེ་ནི་དུས་རབས་གསར་པ་ནས་བཟུང་མི་དམངས་ཉེན་རྟོག་དཔུང་ཁག་སྤྱི་ཡོངས་ནས་གྱོན་ཆས་བརྗེ་བ་ཐེངས་དང་པོ་རེད།

  • ཟླ11པར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས4.8%འཕར་བ་དང་། འཕར་ཚད་ཟླ་གོང་མ་དང་གཅིག་མཚུངས་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཡིག་ཆ་བཀྲམ་ནས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ནད་ཚབས་ཆེན་གྱི་འགན་བཅོལ་མ་དངུལ་དང་། སྨན་བཅོས་རོགས་སྐྱོབ་ཐེབས་རྩ་སོགས་ཞིབ་རྩིས་ཇེ་མགྱོགས་སུ་གཏོང་བའི་ཁྱབ་ཁོངས་ནང་འཇུག་རྒྱའི་འཚོལ་ཞིབ་བྱས་ཏེ། ས་གནས་གཞན་གྱི་སྨན་བཅོས་འགྲོ་གྲོན་ཞིབ་རྩིས་བྱེད་པའི་དུས་འཁོར་རིམ་བཞིན་ཐུང་དུ་གཏོང་རྒྱུའི་ལྕག་སྐུལ་བྱས།

640 (1).gif

  • འཇའ་ཚོན—7པ་ཞེས་པའི་བར་སྣང་མཐོ་འཕུར་མྱུར་བགྲོད་རྒྱང་བགྲོད་མི་མེད་གནམ་གྲུ་ཉེ་ཆར་ནུབ་བྱང་གི་གནམ་ཐང་ཞིག་ཏུ་ཐོག་མའི་འཕུར་སྐྱོད་ལེགས་འགྲུབ་བྱུང་ཡོད་པ་རེད།

  • ཚེས15ཉིན། རྒྱལ་སྲུང་པུས་ཀྲུང་གོ་མི་དམངས་དང་ཀྲུང་གོའི་དམག་དཔུང་གིས་ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་དུ་གཏན་ནས་འཁྲབ་མི་ཆོག་པར་ས་ཁུལ་ཁག་གི་མི་དམངས་དང་མཉམ་དུ་དམག་རྒྱལ་རིང་ལུགས་སླར་གསོ་བྱེད་པར་འགོག་རྒོལ་མཐའ་གཅིག་ཏུ་བྱས་ནས་ཐོབ་དཀའ་བའི་ཞི་བདེ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

  • འབྱུང་འགྱུར་གཟའ་འཁོར་གཅིག་རིང་མཁའ་རླུང་གྲང་མོའི་སྟོབས་ཤུགས་ཅུང་ཞན་པ་མ་ཟད། ཤུགས་རྐྱེན་ཐེབས་ཡུལ་བྱང་ཕྱོགས་ཡིན། དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་སླར་གསོ་བྱས་པ་དང་། དྲོད་ཚད་མཐོ་ཤོས་རིམ་རྩིས་བྱས་ན་འཕར་ཚད6℃ནས10℃བར་སླེབས་རྒྱུ་རེད།

  • ཚེས15ཉིན། བཟོ་ལས་དང་ཆ་འཕྲིན་པུ་ཡིས་ཆ་རྐྱེན་ཟུར་བཀོད་བྱས་ནས་རླངས་འཁོར་ཁེ་ལས་གཉིས་ཀྱིས་ཕུལ་བའིL3རིམ་པའི་རང་འགུལ་ཁ་ལོ་སྒྱུར་བའི་ནུས་པ་ལྡན་པའི་རིག་ནུས་དྲ་སྦྲེལ་རླངས་འཁོར་ཐོན་རྫས་ཀྱི་ཆོག་འཐུས་རེ་ཞུ་བྱས་ཡོད།

  • 《གསེར་གྱིས་རྙིང་ཚབ་གསར་བརྗེའི་གཉེར་སྐྱོང་ཞབས་ཞུའི་ཚད་གཞིའི》ཚོགས་པའི་ཚད་གཞི་ཉེ་ཆར་དངོས་སུ་ཁྱབ་བསྒྲགས་བྱས་ནས་ཁེ་ལས་ཀྱི་ཐོབ་ཐང་དང་། གཉེར་སྐྱོང་དོ་དམ། ཞབས་ཞུ་མི་སྣ། ལས་ཡུལ་གྱི་སྒྲིག་ཆས་ཀྱི་བླང་བྱ་སོགས་ཐད་གསེར་རྙིང་བརྗེ་བའི་ལས་སྒོ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད་པ་རེད།

  • ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཏའེ་པེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

1.jpg

  • ཧར་པིན་གྱི་འཁྱགས་རོམ་འཛམ་གླིང་སྐབས་ཉེར་བདུན་པ་དེ་ཟླ12པའི་ཚེས17ཉིན་གྱི་ཆུ་ཚོད10ཡི་སྟེང་དངོས་སུ་སྒོ་འབྱེད་རྒྱུ་རེད།

  • རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཚེས15ཉིན་གྱི་དགོང་མོ་ཧྲེན་ཀྲེན་དུ་མཇུག་སྒྲིལ་བ་རེད།

2.jpg

  • རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་ལུས་རྩལ་པ་སུའུ་དབྱི་མིང་ལ་འགྲན་བསྡུར་འདིའི་པང་ལེབ་རྐྱང་པའི་གངས་ཤུད་མཆོང་སྟེགས་ཆེན་པོའི་འཛམ་གླིང་བུམ་པའི་སྤྱིའི་ཨང་དང་པོ་ཐོབ་པ་རེད།

4.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སོ་བ་ས་བོན་གྱི་ངལ་གསོ་རྒྱག་པའི་འགག་རྩའི་ལམ་སྲོལ་ཐག་གཅོད་བྱས་ནས་འབྱུང་འགྱུར་གྱི་གནམ་གཤིས་འགྱུར་ལྡོག་དང་། མི་འབོར་གློ་བུར་དུ་འཕར་ནས་འབྲུ་རིགས་བདེ་འཇགས་ཀྱི་འགྲན་སློང་བའི་གནད་དོན་ཐད་ཐབས་ལམ་གསར་པ་མཁོ་འདོན་བྱས། གྲུབ་འབྲས་དེ་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག》ཐོག་སྤེལ་ཡོད།

སྲིད་ཇུས།

  • པེ་ཅིང་གིས“འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་ཁངས་གསོག་དར་འཁྱགས་ལ་དུས་ཐོག་ཏུ་གཙང་སེལ་བྱ་རྒྱུ་དེ”“སྒོ་འགྲམ་གྱི་འགན་ལེན་གསུམ”གྱི་འགན་འཁུར་བའི་རྒྱུན་གཏན་སྲུང་སྐྱོང་འགན་འཁྲི་ཁྲོད་ཀྱི་འགན་འཁྲི་ཤིག་ཏུ་བརྩིས་དགོས་པའི་གཏན་འབེབས་གསར་པ་བཏོན། དེ2026ལོའི་ཟླ1པོའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཧོ་ནན་གྱིས་མྱུར་སྐྱེལ་ལས་སྒོ་གཉེར་སྐྱོང་བྱེད་མཁན་ཁེ་ལས་ཀྱིས་སྤྱོད་མཁན་གྱི་མོས་མཐུན་མ་ཐོབ་པར་མྱུར་སྐྱེལ་དངོས་པོ་འབྱོར་བ་དང་། སྤྱོད་མཁན་གྱི་མོས་མཐུན་མ་ཐོབ་པར་རང་དགར་མྱུར་སྐྱེལ་དངོས་པོ་སྒམ་སོགས་མྱུར་སྐྱེལ་མཐའ་སྣེའི་ཞབས་ཞུའི་སྒྲིག་བཀོད་ལ་སྐྱེལ་བ། མྱུར་སྐྱེལ་དངོས་པོ་དབྱུགས་ནས་གཏོར་སྐྱོན་ཕོག་པ་བཅས་ལ་དངུལ་ཆད་མཐོ་ཤོས་སྒོར་ཁྲི3གཅོད་རྒྱུའི་སྦྲག་སྲིད་ཀྱི་གཏན་འབེབས་གསར་པ་བཏོན།

  • ཉིང་ཞ་ཡིས་བྱེད་ཐབས་བཀྲམ་ནས་རུ་འཁྱུར་དམག་མིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱེད་ཚད་ཚད་གཞི་མཐོ་ཤོས་ཀྱི་རྨང་གཞིའི་ཐོག་སླར་ཡང20%འཕར་ཆོག་པའི་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་དབུས་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་དབུས་ནུབ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།