དེ་རིང་ནི2025ལོའི་ཟླ12པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-18 09:27:04   |   141

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲག་སྦྱིན་བཅའ་ཁྲིམས》ལོ27ལ་ལག་བསྟར་བྱས་རྗེས་ཐོག་མར་བཟོ་བཅོས་རྒྱག་རྒྱུ་ཡིན་པ་དང་། ཁྲག་སྦྱིན་པའི་ལོ་ཚད་ལོ65བར་བསྲིང་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར200516ཟིན་པ་དང་། དེ་དུས་མཚུངས་ལས0.8%འཕར་ཡོད།

  • ནོར་སྲིད་པུ་དང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས2026ལོའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་དང་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར4166སྔོན་ལ་གཤམ་སྤྲོད་བྱས་ཡོད།

  • སློབ་གསོ་པུས་བརྡ་ཐོ་བཏང་སྟེ་སློབ་གྲྭ་ཆུང་འབྲིང་གི་རྒྱུན་གཏན་ཡིག་རྒྱུགས་ཀྱི་ཚོད་ལྟའི་ཐེངས་གྲངས་ཉུང་དུ་བཏང་ནས་སློབ་མ་ཕྱོགས་ཡོངས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལས་སྟེགས་ཀྱིས་ཚོང་པར“དྲ་བ་ཡོངས་ཀྱི་རིན་གོང་ཆེས་དམའ་ཤོས”ཀྱི་བླང་བྱ་བཏོན་པ་དེས་ཁྲོམ་རའི་ཁ་ལོ་སྒྱུར་བའི་གནས་བབ་གང་བྱུང་དུ་སྤྱོད་པའམ་ཡང་ན་སྒེར་སྡེམ་གྲོས་མཐུན་གང་བྱུང་དུ་སྤྱོད་པའི་བྱེད་སྤྱོད་ཅིག་ཏུ་འགྱུར་སྲིད་ཅེས་བཤད་པ་རེད།

  • ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་སྡེ་ཚན་གྱིས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་ཡོངས་བསྒྲགས་བྱས་ཏེ། ལོ5000ལྷག་ཙམ་སྔོན་གྱི་རི་བོ་དམར་པོའི་རིག་གནས་མེད་པར་གྱུར་མེད་པར་ནུབ་ཕྱོགས་སུ་རྒྱ་སྐྱེད་བཏང་བ་དང་། འབྲེལ་ཡོད་གུས་སྲོལ་མ་ལག་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཆེན་པོའི་ནང་མཉམ་འདྲེས་བྱས་ཡོད་པ་བསྟན།

  • ཐའེ་ཝན་རིག་གནས་སྡེ་ཚན་གྱིས་སྒྱུ་རྩལ་པས“དྲག་པོའི་གཅིག་གྱུར”གྱི་གཏམ་བརྗོད་སྤེལ་མི་ཆོག་ཅེས་བཤད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་འཇིགས་སྐུལ་བྱས་པ་དེ་མི་སེམས་དང་མི་མཐུན་པ་ཞིག་རེད་ཅེས་ལན་བཏབ་པ་རེད།

1.jpg

  • ཉིན་ཤས་གོང་། ཀྲུང་གོའི་མཚོ་དམག་ཧྲན་ཏུང་དམག་གྲུས་ལོ་ཧྲིལ་པོའི་མཚོ་ཐོག་སྦྱོང་བརྡར་མཐའ་མ་དེ་ལེགས་གྲུབ་ཟིན་ནས་བདེ་བླག་ངང་ཧའེ་ནན་སན་ཡའི་དམག་དོན་གྲུ་ཁ་ཞིག་ཏུ་ཕྱིར་ལོག

  • ཧྥི་ལི་ཕིན་རྒྱལ་སྲུང་པུས་ཞན་པིན་ཅའོ་ཡི་ཆུ་འོག་མེ་སྒྱོགས་དོན་རྐྱེན་འུད་སྒྲོག་བྱེད་པ་ལ་རང་རྒྱལ་རྒྱལ་སྲུང་པུས་དེ་ནི་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་། རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པ་ཡིན་པས་ལུགས་མཐུན་ཁྲིམས་མཐུན་ཡིན། དོན་དངོས་ཀྱི་གནས་ཚུལ་ལ་ཧྥི་ལི་ཕིན་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་རྫུན་གཏམ་བཤད་པ་རེད་ཅེས་བཤད།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོས་ཐེ་ལན་དང་ཁམ་ཕུ་ཁྲེ་གཉིས་ལ་དེ་སྔ་རྒྱུན་གཏན་འགོག་སྲུང་མཉམ་ལས་བྱས་ཡོད། དེ་ཕྱོགས་གསུམ་པ་གང་རུང་ལ་དམིགས་པ་ཞིག་མིན་ལ། ཁམ་ཕུ་ཁྲེ་དང་ཐེ་ལན་མཐའ་མཚམས་ཀྱི་གདོང་ཐུག་དང་འབྲེལ་བ་མེད།

སྤྱི་ཚོགས།

  • སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་སྟེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གྲང་རླབས་དང་། རླུང་ཆེན། སྨུག་པ་བཅས་ཀྱི་གནོད་འཚེ་སྔོན་འགོག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་རང་རྒྱལ་གྱི་དྲོད་ཚད་འཕར་ཆག་མངོན་གསལ་དོད་པ་ཡིན་པ་དང་། གྲང་རླབས་སོགས་དྲོད་ཚད་མགྱོགས་མྱུར་ངང་མར་ཆག་པའི་དོན་རྐྱེན་ཡང་བྱུང་སླ་པ་རེད།

2.png

  • 2026ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་གི་མེ་འཁོར་སྤ་སེ་དེ་རིང་ནས་བཟུང་འཚོང་མགོ་ཚུགས་པ་རེད།

  • ཁྲལ་དོན་སྡེ་ཚན་གྱིས་དྲ་སྦྲེལ་ལས་སྟེགས་ཁེ་ལས་ཀྱི་དཔྱ་ཁྲལ་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་གཅིག་སྡུད་ཐོག་དམར་འདོན་ཐེངས་དང་པོ་བྱས།

  • 《རླངས་འཁོར་གྱི་སྒོ་ཡི་འཛིན་ཡུའི་བདེ་འཇགས་ལག་རྩལ་གྱི་བླང་བྱ》སོགས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞིའི་ཆོག་མཆན་མ་ཟིན7ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།

  • ཚེས17ཉིན་གྱི་དགོང་མོར། ཀྲུང་ཅིན་སྤྱི་གཉེར་དང་ཏུང་ཞིང་དངུལ་འཛིན། ཞིན་ཏ་དངུལ་འཛིན་བཅས་ཀྱིས་མཉམ་དུ་རྒྱུ་ནོར་གལ་ཆེན་བསྐྱར་སྒྲིག་གི་སྔོན་ཇུས་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་ཅིན་སྤྱི་གཉེར་གྱིས་མ་རྐང་བརྗེ་ནས་སྤྱི་གཉེར་གཉིས་ཀ་བསྡུ་ལེན་ཟླ་སྒྲིལ་བྱས་པ་ལ་འཕེལ་རྒྱས་ཆེན་པོ་བྱུང་པ་རེད།

3.png

  • ཚེས17ཉིན། ཀྲུང་གོའི་ཐེན་ཅིན་དུ་གནས་པའི་མཁའ་ཐོག་འགྲུལ་སྐྱེལ་གནམ་གྲུA320རྟགས་ཅན་གྱི་ཨེ་ཤེ་ཡའི་སྤྱིའི་སྒྲིག་སྦྱོར་ལམ་ཐིག་གིས་གནམ་གྲུ800པར་རྩིས་སྤྲད་པ་རེད།

  • ཀྲུང་གོའི་ས་གཤིས་ཚན་རིག་ཁང་གི་ཚན་རིག་ཞིབ་འཇུག་མི་སྣས་གཏེར་རྫས་གསར་བ་སྟེ། ནིག་པི་འཐིའི་ཧྲིན་མུ་ཟི་འགྱུར་རྫས་རྙེད་པ་དང་། རྒྱ་ཡིག་གི་མིང་ལ་ཅིན་ཞིའུ་གཏེར(金秀矿)དུ་གཏན་འཁེལ་བྱས།

  • ཉེ་ཆར། ཕེད་གསེར་གྱི་རིན་གོང་འཕེལ་ཕྱོགས་ཆེན་པོ་ཡོད་པ་དང་ལག་ཡོད་ཚོང་ཟོག་ཕེད་གསེར་གྱི་རིན་གོང་སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར1800ལས་བརྒལ་ཡོད། མིག་སྔའི་བར་ཕེད་གསེར་གྱི་རིན་གོང་ལོ་འདིའི་ནང་རིམ་རྩིས་བྱས་ན་འཕར་ཚད90%ཙམ་ཟིན་ནས་གསེར་ལས་བརྒལ་ཡོད་པ་རེད།

  • པེ་ཅིང་སློབ་ཆེན་དངོས་ཁམས་སློབ་གླིང་གིས་གསལ་བསྒྲགས་སྤེལ་དོན། ཉེ་ཆར་སྤྱི་ཚོགས་ལས་ཁུངས་དང་མི་སྒེར་གྱིས་པེ་ཅིང་སློབ་ཆེན་གྱི་མིང་བརྫུས་ནས“པེ་ཅིང་སློབ་ཆེན་གྱི་དགུན་ཁའི་གུང་གསེང་སློབ་གྲྭ”ཞེས་པའི་བྱེད་སྒོ་སྤེལ་བ་ཡོད་པས་མགོ་སྐོར་ཐེབས་པར་དོགས་ཟོན་གནང་རོགས། 

5.jpg

  • ཉེ་ཆར། རོགས་སྐྱོབ་ཐོབ་ནས་ཕྱིར་རང་བྱུང་ཁམས་སུ་བཏང་བའི་རི་སྐྱེས་བྱང་ཤར་སྟག་སྟེ“བན་ཏ་ཧྲན་ཨང1”སླར་ཡང་ཧེ་ལུང་ཅང་ཞིང་ཆེན་ཏུང་ཉིང་གྲོང་ཁྱེར་ས་ཁོངས་སུ་མཐོང་བྱུང་།

སྲིད་ཇུས།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《དམངས་དོན་གྱོད་གཞིའི་གྱོད་གཞི་གཏན་འབེབས》ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་གྱི་འབྲེལ་ཡོད་གྱོད་གཞི་མང་དུ་བཏང་ནས་སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • གསར་དུ་བཟོ་བཅོས་བརྒྱབ་པའི《ཧོ་ནན་ཞིང་ཆེན་གྱི་ཐིག་ལེན་རིས་འབྲིའི་གྲུབ་འབྲས་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། དངོས་ལྗོངས་རྩ་གསུམ་སོགས་ཐིག་ལེན་རིས་འབྲིའི་གྲུབ་འབྲས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། རིག་གནས་གནས་སྐོར། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

  • 《ཀོང་ཀྲོའུ་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ནས་ལས་ཁུངས་དང་ཚན་པའི་རང་སྤྱོད་རླངས་འཁོར་འཇོག་ས་དང་། གཞུང་ལས་ཁང་ལོགས་སུ་དབྱེ་ནས་དོ་དམ་བྱེད་དགོས་པ་དང་། ལས་ཀའི་དུས་ཚོད་མིན་པར་གོ་རིམ་ལྡན་པའི་ངང་སྤྱི་ཚོགས་ལ་སྒོ་མོ་འབྱེད་དགོས་པ་གཏན་འབེབས་བྱས། 

དེ་རིང་གི་གནམ་གཤིས།

6.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ནུབ་རྒྱུད། ནང་སོག་གི་དབུས་ཤར་རྒྱུད་དང་ནུབ་བྱང་རྒྱུད། ཧེ་ལུང་ཅང་གི་ལྷོ་རྒྱུད། ཅི་ལིན་གྱི་དབུས་རྒྱུད། ཀན་སུའུ་རྨ་ནུབ་དང་ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ཨ་ལེ་ཐའེ་དང་དབྱི་ལི་ལུང་གཞུང་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད་དང་སི་ཁྲོན་གཞོང་སའི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་བར་འབབ་རྒྱུ་རེད།དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།