དེ་རིང་ནི2025ལོའི་ཟླ12པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-19 09:37:29   |   66

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ལ། རང་རྒྱལ་གྱིས་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། འདམ་རའི་སྲུང་སྐྱོང་རྣམ་གྲངས1000ལྷག་ཙམ་ལག་བསྟར་བྱས་པ་དང་། འདམ་ར་མུའུ་ཁྲི434ཚན་རིག་དང་མཐུན་པའི་སྒོ་ནས་ཉམས་གསོ་བྱས་པ་རེད།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྒོར་ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས།  

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་གྲོང་ཁྱེར་རིམ་པའི་སྲིད་གཞུང21ལ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་འབོད་འགུག་ཁ་བརྡ་བྱས།

  • ཚེས18ཉིན། ཀྲུང་གོ་གནམ་གཤིས་ཅུས《2025ལོ་ནས2035ལོ་བར་གྱི་སའི་གོ་ལའི་མ་ལག་སྔོན་བརྡའི་འཕེལ་རྒྱས་འཐབ་ཇུས》ཁྱབ་བསྒྲགས་བྱས་པ་དང་། 2035ལོར་སླེབས་སྐབས་རང་བདག་ཚོད་འཛིན་ཐུབ་པ་དང་རྒྱལ་སྤྱིའི་སྔོན་ཐོན་གྱི་སའི་གོ་ལའི་མ་ལག་སྔོན་བརྡ་འཛུགས་དགོས་ཞེས་བཏོན་ཡོད་པ་རེད།

  • ཚེས18ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《ཀྲུང་གོའི་མཚོ་དོན་འདྲི་གཅོད(2022ལོ་ནས2024ལོ་བར》སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར་གཞིགས་ན། 2022ལོ་ནས2024ལོ་བར་རྒྱལ་ཡོངས་ཀྱི་མཚོ་དོན་འདྲི་གཅོད་རིམ་པ་གསུམ་པའི་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་མཚོ་དོན་གྱོད་གཞི་ཁག98726ཡོད་པ་རེད།

  • རང་རྒྱལ་གྱི་རྟོག་བཟོའི་ཨང་ཀིའི་མིའི་ཁྱབ་ཁོངས་ཀྱི་ཐོག་མའི་རྒྱལ་ཁབ་ཀྱི་ཚད་གཞི《ཆ་འཕྲིན་ལག་རྩལ་ཞབས་ཞུ་ཅན་གྱི་རྟོག་བཟོའི་ཨང་ཀིའི་མིའི་སྤྱི་སྤྱོད་ལག་རྩལ་གྱི་བླང་བྱ》ཉེ་ཆར་དངོས་སུ་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ11པའི་རིང་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་དུང་ཕྱུར1807.4ལེགས་གྲུབ་བྱུང་བ་ཡིན་པ་དང་། དེ་དུས་མཚུངས་ལས14.9%འཕར་ཡོད།

  • 2026ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པ་ཞིབ་འཇུག་སློབ་མའི་སློབ་བསྡུ་རྒྱུགས་ལེན་ཉེ་ལ་ཡོད་པ་དང་། སློབ་གསོ་པུས་རྒྱུགས་ལེན་དུས་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཀྱི་ཐེར་འདོན་ཁ་པར་ཁྱབ་བསྒྲགས་བྱས།

  • ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་ཨ་སྒོར་དུང་ཕྱུར110ཙམ་གྱི་དམག་དོན་ཐོན་རྫས་ཕྱིར་འཚོང་བྱ་རྒྱུ་ཁྱབ་བསྒྲགས་བྱས། རང་རྒྱལ་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས“རང་བཙན”ལ་རོགས་རམ་བྱས་ཏེ་ཀྲུང་གོར་ཚོད་འཛིན་བྱེད་པར་སྙམ་པའི་དམིགས་ཡུལ་ནི་གཏན་ནས་འགྲུབ་མི་སྲིད་ཅེས་བཤད་པ་རེད།

1.png

  • ཚེས18ཉིན་ཀྱི་སྔ་དྲོར། སུའུ་ཏན་ལྷོ་མར(ཝ་ཝུའུ)བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་བཅོ་ལྔ་པས་དུས་ཡུན་ལོ་གཅིག་གི་ཞི་བདེ་སྲུང་སྐྱོང་ལས་འགན་ལེགས་འགྲུབ་བྱུང་ནས་རང་རྒྱལ་དུ་ཕྱིར་ལོག་པ་རེད།

སྤྱི་ཚོགས།

  • ཀྲུང་གོའི་ནད་རིགས་ཚོད་འཛིན་ལྟེ་གནས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་གཟའ་འཁོར50པར(ཟླ12པའི་ཚེས8ཉིན་ནས་ཟླ12པའི་ཚེས14ཉིན་བར)བྱང་ཕྱོགས་ཞིང་ཆེན་གྱི་ཆམ་རིམས་ནད་དུག་བཤེར་འཇལ་གདགས་གཤིས་ཚད་གཟའ་འཁོར་སྔོན་མ་ལས་ཇེ་ཉུང་འགྲོ་བའི་རྣམ་པ་ཡོད་ལ།     ལྷོ་ཕྱོགས་ཞིང་ཆེན་ཁག་གཅིག་གི་ཆམ་རིམས་ནད་དུག་བཤེར་འཇལ་གདགས་གཤིས་ཚད་ཀྱང་ཇེ་ཉུང་དུ་འགྲོ་བཞིན་ཡོད།

  • ཚེས18ཉིན། དུས་ཡུན་ཟླ་བ་གཅིག་གི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཆེད་དམིགས་བྱ་སྤྱོད་སྤེལ་མགོ་ཚུགས།

  • རྒྱལ་གཉེར་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཀོང་ཀྲོའུ་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་ཚེས22ཉིན་སྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། མ་འོངས་པར་ཀོང་ཀྲོའུ་པའེ་ཡུན་ས་ཚིགས་ནས་ཀྲན་ཅང་བྱང་ཚིགས་བར་དུ་མགྱོགས་ཤོས་སུ་ཆུ་ཚོད1དང་སྐར་མ32ནང་སླེབས་རྒྱུ་རེད།

  • ཀྲུང་གོའི་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་གཤིས་བརྟག་དཔྱད་ཁང་གིས་གསར་རྙེད་བྱས་པའི་རྒྱལ་སྤྱིའི་ཨང་གྲངས336877གྱི་རྒྱུ་སྐར་ཆུང་བ་ལ་གནམ་དཔྱད་རིག་པ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆོག་མཆན་ཐོབ་ནས“ཆི་ཧྥ་རེན་སྐར”ཞེས་པའི་མིང་བཏགས།

2.png

  • ཉེ་ཆར། སྤྱི་བདེ་པུས་ས་གནས་དེ་གའི་ཉེན་རྟོག་པའི་ཁྱི་རྒྱུད་རིགས་སྟེ། ཁུན་མིང་ཁྱི་དྲིལ་སྒྲོག་བེད་སྤྱོད་ལས་དོན་བཀོད་སྒྲིག་བྱས་ནས་ཀྲུང་གོའི་དམག་ཁྱི་རང་བདག་སྤུས་རྟགས་གསར་སྐྲུན་བྱས།

3.png

  • པེ་ཅིང་གི་ཆུ་ཚོད་ཚེས18ཉིན། 2026ལོའི་སྨི་ལན་དགུན་དུས་ཨའོ་ཚོགས་འཁྱགས་ལྟིར་མཉམ་བསྲེས་ཀྱི་འོས་ཐོབ་འགྲན་བསྡུར་ཐོག་ཡེ་ཙེ་ཞོན་དང་ཡུས་སེན་གཉིས་ཀྱིས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས8བསྡུར7གྱིས་སི་ཕེན་རུ་ཁག་ལས་རྒྱལ་ཁ་བླངས་པ་དང་། ཚོགས་ཆུང་རེས་འཁོར་འགྲན་བསྡུར་གྱི་རྒྱལ་ཁ་ཐེངས་དྲུག་ལ་བླངས་པ་རེད།     

4.png

  • ད་ལོའི་དབྱར་དུས་སུ་ཞིན་ཅང་ཞ་ཨེར་ཞི་ལི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཧྲི་ཧོ་ཙི་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཚོགས་པ་དང་མཉམ་འབྲེལ་ཐོག་ཆེད་དམིགས་ཡོངས་ཁྱབ་ཞིབ་བཤེར་སྤེལ་དུས་ལུག་མིག་མེ་ཏོག་རིགས་ཀྱི་རྩི་ཤིང་ཞིག་འཚོལ་བསྡུ་བྱས་ཤིང་། དེ་ནི་རྒྱལ་ནང་ནས་ཐོག་མར་གསར་རྙེད་བྱས་པའི་སྐྱེ་དངོས་རིགས་གསར་པ་སྟེ།     དམར་སེར་སྤུ་ཕྲ་ལུག་མིག་མེ་ཏོག་ཡིན་པ་གཏན་འཁེལ་བྱས།

5.png

  • ཉེ་ཆར། ཅང་སུའུ་སུའུ་ཀྲོའུ་ཡི་ཚོང་ཁང་ཞིག་གི་སྦྱིན་བདག་གིས་ཚོང་ཁང་ལ་ལྟ་དུས་གློ་བུར་དུ་དྲན་པ་ཐོར་ནས་སྙིང་ལྡིང་ཚད་མཚམས་བཞག་པ་རེད།     ཧོ་ནན་གྱི་གཞོན་ནུ་ཀྲང་ཞའོ་གོ་ཡིས་མཐོང་ནས་མྱུར་དུ120ལ་ཁ་པར་བཏང་བ་དང་འབྲེལ་པུས་མོ་ས་ལ་བཙུགས་ནས་གློ་སྙིང་སླར་གསོ་སྐར་མ24བཏང་སྟེ་ཚེ་སྲོག་ལ་ཆེས་གལ་ཆེ་བའི་འགག་རྩའི་དུས་ཚོད་འཕྲོག་པ་རེད།

སྲིད་ཇུས།

  • ཅི་ལིན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས་བུ་བཅོལ་ཞབས་ཞུ་སྒྲིག་གཞིས་གྲོན་དངུལ་ཟླ་རེར་བསྡུ་ལེན་བྱེད་དགོས་ཤིང་། ཟླ་དེའི་བུ་བཅོལ་དུས་ཚོད་ཉིན0ཡིན་ན་གྲོན་དངུལ་བསྡུ་མི་ཆོག་པ་དང་། དོན་དངོས་ཀྱི་བུ་བཅོལ་དུས་ཚོད་ཉིན1ནས་ཉིན10བར་ཡིན་ན། ཟླ་རེའི་གྲོན་དངུལ་བསྡུ་བའི་ཚད་གཞིའི50%བསྡུ་ལེན་བྱེད་དགོས་པ་ཁ་གསལ་བཟོས། དོན་དངོས་ཀྱི་བུ་བཅོལ་དུས་ཚོད་ཉིན11ནས་དེའི་ཡན་ཡིན་ཚེ་ཟླ་བ་ཧྲིལ་པོའི་གྲོན་དངུལ་བསྡུ་ལེན་བྱེད་ཆོག

  • ཧྥུ་ཅན་གྱིས《ཟ་ཁང་གི་གད་སྙིགས་དོ་དམ་བྱེད་ཐབས》པར་འགྲེམས་བྱས་ཏེ། ཟ་ཁང་གི་གད་སྙིགས་བྱུང་བའི་སྡེ་ཚན་གྱིས་ཟ་ཁང་གི་གད་སྙིགས་ཁེར་རྐྱང་བསྡུ་རུབ་དང་། རིགས་དབྱེ་ནས་ཉར་ཚགས་བྱེད་དགོས་ཤིང་། ཐེངས་གཅིག་རང་བཞིན་གྱི་གསོལ་ཆས་དང་། ཆང་དང་ཆུ་སྐོམ་ཆུའི་སྣོད་ཆས། སྤོས་འགྱིག་ཅོག་རས་སོགས་ཀྱི་འཚོ་བའི་གད་སྙིགས་དང་མཉམ་བསྲེས་བྱེད་མི་ཆོག་པ་ཁ་གསལ་བཟོས།

  • ཅང་ཞིས་བྱེད་ཐབས་བཏོན་ནས་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་མི་ཤི་རྨས་བཟོས་ན་རེ་ཞུ་བྱས་ནས་ཁ་གསབ་སྒོར་མོ་སྤྲད་ཆོག་པ་གཏན་འཁེལ་བྱས།

དེ་རིང་གི་གནམ་གཤིས།

6.png

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་གི་ཐེན་ཧྲན་རི་བོའི་ས་ཁུལ་དང་དབྱི་ལི་ལུང་གཞུང་། ཀན་སུའུ་རྨ་ནུབ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད་དང་། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ལ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།