དེ་རིང་ནི2025ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-22 09:04:47   |   66

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་རྒྱལ་གྱི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་། དུས་མཚུངས་ལས4.4%འཕར་ཡོད།

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གྲངས་འཛིན་འཛད་སྤྱོད་སྡོམ་འབོར་སྒོར་དུང་ཕྱུར་ཁྲི9.37ཟིན་པ་དེས་གྲོང་མིའི་འཛད་སྤྱོད་གཏོང་སྒོའི་སྡོམ་འབོར་གྱི་ཕྱེད་ཀ་ཙམ་བཟུང་ཡོད།

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རང་རྒྱལ་གྱི་སྐྱེ་དངོས་བཟོ་སྐྲུན་ཐོན་ལས་ཀྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་ཕྱིན་ནས་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.1ཟིན་ཡོད།

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་རྒྱལ་ཁབ་རིག་ལྡན་ཞིང་ལས་གསར་གཏོད་ལྟེ་གནས་དང་ཡན་ལག་ལྟེ་གནས34དང་ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ཆ་འཕྲིན་ལག་རྩལ་གྱི་འབྲེལ་ཡོད་གཙོ་གནད་ཚོད་ལྟ་ཁང30བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2020ལོ་ནས2024ལོའི་བར། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་གྲངས་འབོར་ཁྲི9.9ནས་ཁྲི13.2བར་མང་དུ་ཕྱིན་པ་དང་། ད་ལོའི་ཟླ10པའི་ཟླ་མཇུག་བར་ཁྲི13.7ལ་སླེབས་ཡོད།

  • 《2026ལོའི་རང་རྒྱལ་གྱི་མི་ཐབས་རིག་ནུས་ཐོན་ལས་ཀྱི་འཕེལ་ཕྱོགས》ཞེས་པའི་སྔོན་དཔག་ལྟར་ན། 2026ལོར་རང་རྒྱལ་གྱི་མི་ཐབས་རིག་ནུས་ཐོན་ལས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་རེད། དེའི་ནང་རིག་ནུས་རྩིས་ཤུགས་ཀྱིས་བཟུང་བའི་བསྡུར་ཚད35%ལས་བརྒལ་བའི་རེ་བ་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཉེ་ཆར་རེས་སྐོར་གསར་པའི་རྒྱབ་སྐྱོར་ཞབས་ཞུའི་བྱེད་ཐབས23བཏོན་ནས་ཧེང་ཆིན་དང་། ཀོང་ཏུང་། ཨའོ་མོན་བཅས་ཀྱི་གཏིང་ཟབ་མཉམ་ལས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

1.png

  • རང་རྒྱལ་གྱི་མཚོ་ཐོག་གི་སྣུམ་ཞིང་ཆེ་ཤོས་ཏེ། པོ་ཧའེ་སྣུམ་ཞིང་ནས2025ལོར་རིམ་རྩིས་བྱས་ན་སྣུམ་རླངས་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི4000ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    སྤྱི་ཚོགས།

  • དེ་རིང་ནས་ཚེས25ཉིན་བར། མཁའ་རླུང་གྲང་མོ་ཞིག་གིས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། འབྲི་ཆུའི་བྱང་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད4℃ནས6℃མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མར་ཆག་ཚད8℃ནས10℃ལ་སླེབས་རྒྱུ་རེད།

  • 2025ལོའི་ལོ་ཧྲིལ་པོའི་འགུལ་རིས་གློག་བརྙན་གྱི་སྤ་སེ་འཚོང་ཚད་དུང་ཕྱུར250ལས་བརྒལ་ལ། ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་འགུལ་རིས་གློག་བརྙན་གྱི་སྤ་སེ་འཚོང་ཚད་མཐོ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད།

  • ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་དབྱི་ཅན་ཡེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

2.png

  • ཚེས21ཉིན་གྱི2025ལོའི་འཛམ་གླིང་བྱ་སྒྲོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་སྐོར་སྐྱོད་རྟིང་རྩོད་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གི་ཧྥེང་ཡན་ཀྲེ་དང་ཧོང་ཏུང་ཕིང་གིས་ཨང་དང་པོ་བླངས།

3.png

  • ཚེས21ཉིན་གྱི2025-2026འགྲན་དུས་ཀྱི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་ཀྱི་བར་སྣང་ཐབས་རྩལ་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུས་མོང་ཐའོ་དང་། ཆི་ཀོང་ཕུའུ། ལི་ཐེན་མཱ་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་དང་པོས་གསེར་གྱི་རྟགས་མ་བླངས།

  • ལྷོ་ཆུ་བྱང་འདྲེན་ཤར་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭའི2025ལོ་ནས2026ལོ་འཁོར་གྱི་འཁྱགས་རོམ་དུས་རིམ་གྱི་ཆུ་འདྲེན་པའི་ལས་མགོ་ཚེས21ཉིན་ནས་མགོ་བརྩམས་པ་དང་། སྔོན་དཔག་བྱས་ན2026ལོའི་ཟླ2པར་མཇུག་སྒྲིལ་རྒྱུ་རེད།

  • སྐབས་གཉིས་པའི་འབྱུང་འགྱུར་ལུས་རྩལ་འགྲན་ཚོགས་ཁྲོད་ཀྲུང་གོས་རང་བརྟེན་ཇུས་འགོད་བཟོ་སྐྲུན་བྱས་པའི་འཕྲུལ་མི་སྟེ། མཚོ་གཏིང་གི་ཆུ་སྲིན3ལ་འཕྲུལ་མིའི་འགྲན་བསྡུར་ཆེ་མོའི་ནང་ཨང་དང་པོ་ཐོབ།

4.jpg

  • ཉེ་ཆར། སི་ཁྲོན་སྡེ་དགེའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ་ཤྭ་བ་མཆུ་དཀར་ཉག་ཆུའི་དར་ཕུག་ནང་ལྷུང་། ས་གནས་དེ་གའི་ཉེན་རྟོག་པ་ཚོས་མཉམ་དུ་ཆུ་ཚོད་གཅིག་རིང་དར་བཅག་སྟེ་ཤྭ་བ་མཆུ་དཀར་གསུམ་བདེ་བླག་ངང་བསྐྱབས། མིག་སྔར་ཤྭ་བ་དེ་གསུམ་རང་བྱུང་ཁམས་ཆེན་མོར་བཏང་ཡོད།

    སྲིད་ཇུས།

  • པེ་ཅིང་གིས་སང་ལོ་ནས་བཟུང་སྡོད་ཁང་རྣམ་གྲངས་ཀྱི་སྡེ་ལས་ཞབས་ཞུའི་ཁེ་ལས་ལ་རིམ་པ་དཔྱད་བསྡུར་བྱས་ནས་ལོ་ཕྱེད་རེར་གདེང་འཇོག་ཐེངས་རེ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན།

  • སི་ཁྲོན་གྱིས་ཡིག་ཆ་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་གསར་གཏོད་སྨན་རིགས1པོའི《སྨན་རྫས་ཐོ་འགོད་ལག་ཁྱེར》ཐོབ་པ་དང་འབྲེལ་ཁྲོམ་རར་བཏོན་པའི་སྨན་རྫས་ཀྱི་ཁྲོམ་རར་འདོན་ཆོག་པའི་ཆོག་འཐུས་འཛིན་མཁན་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་དང་། ཆོག་འཐུས་འཛིན་མཁན་ཚང་མར་ལོ་རེར་རིམ་རྩིས་བྱས་ན་རྒྱབ་སྐྱོར་བྱེད་ཚད་མཐོ་ཤོས་སྒོར་ཁྲི5000ཟིན་ཡོད།

  • ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་བྱས་ཏེ། མཐོ་སློབ་ཀྱིས་ཉིན་ལྟར་འབྲིང་རིམ་ཡན་གྱི་དོ་དམ་མི་སྣ་བཀོད་སྒྲིག་བྱས་ཏེ་ཟ་ཁང་དུ་སློབ་མ་དང་མཉམ་དུ་ཟ་མ་ཟ་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གིས་ཟས་ཐུན་རེར་འབྲིང་རིམ་ཡན་གྱི་དོ་དམ་མི་སྣས་སློབ་མ་དང་མཉམ་དུ་ཟ་མ་ཟ་བ་བཀོད་སྒྲིག་བྱེད་དགོས།

    དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་རི་ཁུལ། ནང་སོག་གི་ནུབ་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཧོང་ཧོའེ་དབུས་ནུབ་རྒྱུད། ཅང་ཧོའེ་ཡི་ནུབ་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཧྥུ་ཅན་གྱི་བྱང་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།