དེ་རིང་ནི2025ལོའི་ཟླ12པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-23 09:09:25   |   137

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་དབྱང་དམག་ཨུའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་ཚེས22ཉིན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤྲོད་པའི་མཛད་སྒོར་ཞུགས།

  • ཟླ12ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སི་ཐེ་ལ་གློག་འཕྲིན་བཏང་ནས་ཁོང་ཆི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས།

  • ཉེ་ཆར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས།

  • ཚེས22ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་སྲིད་འཛིན་སྤྱི་ཕན་གཏུག་བཤེར་ཁག་གསུམ་པའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས།

  • ཚེས22ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་བརྡ་ཐོ་བཏང་ནས་ཐེངས་གཅིག་རང་བཞིན་གྱི་ཡིད་རྟོན་ཉམས་གསོའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཡིད་རྟོན་ལ་སྐྱོན་ཡོད་ཀྱང་དངུལ་བུན་ཧུར་ཐག་གིས་འཇལ་མཁན་མི་སྒེར་ལ་སྟབས་བདེ་བསྐྲུན་ཏེ་ཡིད་རྟོན་བསྐྱར་གསོ་བྱེད་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ། གཅིན་ཟགས་ཐེ་གཏོགས་རིགས་སོགས་སྨན་སྤྱོད་ཡོ་བྱད་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་རྒྱུ་རེད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རྒྱལ་ཡོངས་སུ་ས་ཆུ་ཟུངས་ཤོར་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི34ལྷག་ཙམ་གསར་འཕར་བྱུང་བ་དང་། ས་ཆུ་སྲུང་འཛིན་བྱེད་ཚད73%ཡན་ཟིན་ཡོད།

  • འཇར་པན་གྱི་མཐོ་རིམ་དཔོན་རིགས་ཀྱིས་འཇར་པན་ལ་ཉིང་རྡུལ་མཚོན་ཆ་ཡོད་དགོས་ཞེས་མངོན་སུམ་འཛེམ་མེད་ངང་བཤད། གལ་ཏེ་འཇར་པན་གྱིས་ཉེས་མིང་ཆེན་མོར་མི་འཛེམ་པར་རྒྱལ་སྤྱིའི་དྲང་བདེན་ལ་འགྲན་སློང་བྱེད་ཕོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མ་མཐའི་མཚམས་ཐིག་ལས་བརྒལ་ཕོད་ཚེ་ང་ཚོས་དང་ལེན་གཏན་ནས་མི་བྱེད།

    སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས22ཉིན་གྱི་མཚན་མོ་ནས་ཚེས25ཉིན་བར་རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ4ནས6མར་ཆག་རྒྱུ་དང་། ནང་སོག་གི་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ10ཡན་མར་ཆག་རྒྱུ་རེད།

  • ཚེས22ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར170དང165རེ་ཆག་རྒྱུ་དང་། རླངས་སྣུམ་ཨང92པ་ཧྲེང50བླུགས་ན་སྒོར6.5ཉུང་དུ་འགྲོ་རྒྱུ་རེད།

  • རྒྱལ་སྤྱིའི་ལག་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས2026ལོའི་རྒྱལ་སྤྱིའི་ལག་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲགས་ཅན་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས། ཀྲུང་གོའི་སྐྱེས་པའི་ལག་རྩེད་སྤོ་ལོ་རུ་ཁག་གི་མི་སྣ་གྲགས་ཅན་སུའུ་ཝང་ཀྲི་བདམས་ཐོན་བྱུང་ཞིང་། རྒྱལ་སྤྱིའི་ལག་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་མིང་ཐོའི་ནང་ཚུད་པའི་ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཨང་ལྔ་པར་གྱུར།

  • དྲ་དམངས་ལིན་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོསAIསྤྱད་དེ “ཀྲུང་གོའི་བུད་མེད་ལག་རྩེད་སྤོ་ལོ་རུ་ཁག” ལ་དཀྲོག་གཏམ་བཟོས། པེ་ཅིང་ཁྲའོ་དབྱང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས།

2.jpg

  • གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་སི་ཁྲོན་དཀར་མཛེས་ཀྱི་མཚོ་ཆེན་ཉེ་འགྲམ་ནས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་ཞིག་རྙེད། དེས་མིའི་རིགས་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་སྤོ་དང་འཚོ་སྡོད་བྱས་པའི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

3.jpg

  • ཚེས22ཉིན་ཀོང་ཏུང་ཀོང་ཀྲོའུ་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་ཚུགས་པ་དང་། ཀོང་ཀྲོའུ་ནས་ཀྲན་ཅང་བར་མགྱོགས་ཤོས་ཆུ་ཚོད1.5ཡིས་སླེབས་ཐུབ།

4.jpg

  • ཉེ་ཆར། ཨན་ཧུའེ་ཁྲུའུ་ཀྲོའུ་ཡི་བྱིས་པ་ཞིག་གིས་ཞོར་ཟས་ཟ་དུས་དབུགས་སྦུག་ཁ་བཅད་པ་དང་། ཉེན་ཁའི་དུས་སུ་རྒྱ་གྲམ་དམར་པོའི་དང་བླངས་པ་ཀྲང་ཡན་ཅུན་དང་ཐའོ་ཡན་ཧྲེང་གིས་འཕྲལ་མར་ཕྲུ་གུའི་ཚེ་སྲོག་བསྐྱབས།

    སྲིད་ཇུས།

  • ཧྲན་ཏུང་གིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས་ལས་གཏོད་མ་འཇོག་རིགས་ཀྱི་ཐེབས་རྩས་མ་འཇོག་སྔ་ཙམ་དང་། ཆུང་བར་མ་འཇོག ཡུན་རིང་མ་འཇོག ཚན་རྩལ་ལ་མ་འཇོག་བཅས་མཐའ་འཁྱོངས་བྱས་ཏེ། ས་བོན་དུས་སྐབས་དང་། ཚན་རྩལ་ཅན་གྱི་གསར་གཏོད་ཀྱི་ཐོག་མའི་དུས་དང་། གསར་གཏོད་རྣམ་པའི་རྣམ་གྲངས། ཚན་རྩལ་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་རྣམ་གྲངས་བཅས་ལ་གཙོ་གནད་ཐོག་མ་འཇོག་བྱེད་དགོས་ཞེས་བཏོན།

  • ཧོ་ནན་གྱིས་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། ལས་ཁུངས་དང་། ཚན་པ། དེ་བཞིན་ལས་དོན་མི་སྣས་གསང་སྲུང་ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་དེ་ལོ་འཁོར་གྱི་དཔྱད་ཞིབ་ནང་འཇུག་དགོས་པ་ཁ་གསལ་བཏོན།

  • སི་ཁྲོན་གྱིས་ཕྲུ་གུ་སྐྱེ་སྐབས་ཀྱི་ན་ཟུག་གཅོག་པའི་སྨན་དེ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ནང་བཅུག་ཡོད། ཆ་རྐྱེན་དང་མཐུན་པའི་སྦྲུམ་མས་ཞབས་ཞུ་དང་ལེན་བྱེད་སྐབས་འབྲེལ་ཡོད་འགྲོ་གྲོན་གཏན་འབེབས་ལྟར་ཐད་ཀར་རྩིས་ཞུ་བྱེད་ཆོག

    དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། ནང་སོག་གི་དབུས་ཤར་ས་ཁུལ། བྱང་ཤར་ས་ཁུལ། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་ཡི་རྨ་ནུབ་རྒྱུད། ཧྲའན་ཞིའི་ནུབ་བྱང་རྒྱུད། ཧྭ་བྱང་གི་དབུས་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་། ཧྭ་བྱང་གི་ལྷོ་རྒྱུད། ཧོང་ཧོའེ་ཡི་ས་ཁུལ་ཕལ་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཅང་ཧོའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད། ཧྭ་ལྷོའི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།