དེ་རིང་ནི2025ལོའི་ཟླ12པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-24 09:26:46   |   307

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་རྒྱལ་དམངས་དཔལ་འབྱོར་ཁྲོད་རྐང་འཛིན་དང་འདེགས་རྟེན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་ཟེར།

  • ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཏང་ནས། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ལས་དོན་ཚན་སྐོར་མངགས་ནས་ས་ཆ་མང་པོར་གཏེར་ཁའི་ཐོན་ཁུངས་རྐུ་འདོན་བྱེད་པར་རྡུང་རྡེག་གཏོང་བའི་བཅོས་སྒྲིག་ལས་དོན་ལ་མངོན་བཤེར་ལྐོག་ཞིབ་བྱས་པ་རེད།

01.jpg

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་དུ་གློག་གསོག་སྣེ་ཁྲི1ཡན་བསྐྲུན་རྒྱུ་རེད།

  • 《བྱིས་སྐྱོང་ཁང་གི་གྲོན་བསྡུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་གྲོན་བསྡུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བྱེད་ཐབས་ཁག8བཏོན་ནས་བྱིས་སྐྱོང་ཁང་གི་གྲོན་བསྡུའི་ཐད་དབྱེ་འབྱེད་གསལ་བོར་བྱས་ཡོད།

  • 2024ལོའི་ལོ་འཁོར་གྱི་རྩིས་བཤེར་དག་ཐེར་སྙན་ཞུ་ལས་མངོན་པར། འབྲེལ་ཡོད་ས་གནས་དང་སྡེ་ཁག ཚན་པ་བཅས་ཀྱིས་གནད་དོན་དག་ཐེར་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི1.04ཟིན་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་ཡོངས་བསྒྲགས་བྱས་པར། ཟླ་བཅུ་གཅིག་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན31754ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི29184ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་པ་རེད།

  • ད་ལོའི་ཟླ11པར། ཀྲུང་གོའི་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས162.66ཟིན་པ་དང་། རང་རྒྱལ་གྱི་ཁེ་ལས་ཀྱི་ཡིད་རྟོན་ཆུ་ཚད་རྒྱུན་མཐུད་བརྟན་པོའི་ངང་ཡར་རྒྱས་བྱུང་ཡོད།

  • ཚེས18ནས23ཉིན་བར། ཀྲུང་གོའི་ཕྱི་འབྲེལ་པུའི་ཨེ་ཤེ་ཡའི་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་སླར་ཡང་ཁམ་ཕུ་ཁྲེ་དང་ཐེ་ལན་དུ་ཕྱིན་ཏེ་འདུམ་འགྲིག་བྱས་པ་རེད།

  • འཇར་པན་རླུང་འཕྲིན་མཐུན་ཚོགས་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་ཕུའུ་ཅིང་རྫོང་ཏུན་ཧོ་གྲོང་ཁྱེར་དུ་གནས་པའི་ཉིང་རྡུལ་འགྱུར་འབྱུང་སྒྲིག་ཆས“ཕུའུ་ཞན”ལ་འཕྲོ་ནུས་ལྡན་པའི་དངོས་པོ་འདུས་པའི་ཆུ་ཕྱིར་ཤོར་བའི་དོན་རྐྱེན་བྱུང་།

སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ཏེ། ཚེས23ཉིན་གྱི་མཚན་མོ་ནས་ཚེས25ཉིན་བར། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ4ནས6བར་མར་ཆག་པ་དང་། བྱང་ཤར་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ10ཡན་མར་ཆག་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་འབྲས་ཕྱེ་སྣུམ་སོགས་བཟའ་བཅའ་མང་གྲས་ལ་འཐེན་བཤེར་བྱས་ནས་ཚད་གཞི་ལོན་མེད་པའི་ཚད་ཐིག་ལོ5བསྟུད་མར་དམའ་རུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས“ནན་ཅིང་རྟེན་མཛོད་ཁང་གི《ཅང་ནན་ཁྲུན》ཞེས་པའི་པར་རིས་ཧབ་འཚོང་ཁྲོམ་རར་མངོན་པ”སོགས་འབྲེལ་ཡོད་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་དོན་ཚོགས་ཆུང་བཙུགས་པ་དང་འབྲེལ་ཉིན་ཤས་གོང་ནན་ཅིང་དུ་ལས་དོན་སྤེལ་བར་ཕྱིན།

  • ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྟག་དཔྱད་ཚོ་ཆུང་བཙུགས་ཏེ། ནན་ཅིན་རྟེན་མཛོད་ཁང་གི་རིག་དངོས་དོ་དམ་གནད་དོན་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས།

  • ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་ཚོགས་ཆུང་མངགས་ནས་ཉིང་པོའི་བྱིས་པ་གཤགས་བཅོས་བྱས་རྗེས་ཤི་བའི་སྨན་བཅོས་དོན་རྐྱེན་གྱི་རྗེས་མཐུད་ཐག་གཅོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།

02.jpg

  • རང་རྒྱལ་གྱི་ལེ་ཏའི(雷达)དམིགས་ཚད་ཁྱད་ཆོས་ཁྱབ་ཁོངས་ཀྱི་རྨང་གཞི་འདིང་མཁན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་བློ་མཐུན་ཧོང་ཕེ་ཁང་ནད་གཞིས་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཚེས22ཉིན་པེ་ཅིང་དུ་སྐུ་གཤེགས་པ་དང་དགུང་ལོ90རེད།

  • ཚེས23ཉིན། པེ་ཅིང་གིས་ཁག་དང་པོའི་མྱུར་བགྲོད་གཞུང་ལམ་གྱི་རང་འགུལ་ཁ་ལོ་བའི་ཆེད་སྤྱོད་ཨང་རྟགས་ཕྱིར་བཀྲམས་པ་རེད།

  • ཚེས23ཉིན། པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ས་གནས་གཉིས་ཀྱི་འགྲོ་སྐྱོད་དུས་ཚོད་ཆུ་ཚོད་གསུམ་ནང་ཐུང་དུ་ཕྱིན་ཡོད་པ་རེད།

  • ཚེས23ཉིན། རྒྱལ་ཡོངས་ཀྱི་གཞུང་དོན་གྲུ་གཟིངས་གློག་སྒུལ་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ཁག་དང་པོ་ཝུའུ་ཧན་དུ་རྩིས་སྤྲོད་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། སྨི30རིམ་པའི་འབར་སྣུམ་མཚོ་ཐོག་སྐོར་ཞིབ་གྲུ་གཟིངས7རིག་ནུས་གློག་སྒུལ་མཚོ་ཐོག་སྐོར་ཞིབ་གྲུ་གཟིངས་སུ་བདེ་བླག་ངང་བསྒྱུར་ཐུབ་ཡོད།

03.jpg

  • ཉེ་ཆར། ཀོང་ཤིས་སློབ་ཆེན་གྱི་སློབ་མ་ཝུའུ་མོ་ཁོན་གྱིས་ཟླ་བ་གཅིག་ཙམ་རིང་ལ་གཟུགས་པོ་བདག་སྐྱོང་བྱས་རྗེས་ཁྲག་སྐྱེས་ཕྲ་ཕུང་གཙོ་བོའི་དཔྱང་གཤེར་ཧའོ་ཧྲེང235ཞལ་འདེབས་ཕུལ་ནས་ཁྲག་རྒྱུན་ནད་པ་ཞིག་ལ་གསོན་པའི་རེ་བ་བྱིན།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་འཚོ་བར་དཀའ་ངལ་ཡོད་པའི་ཞིང་དུད་དང་དེ་བཞིན་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁྲོད་ཀྱི་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱིས་ངལ་ནུས་མཉམ་ལས་བྱེད་པའི་ལོ་ཚད་ཀྱི་ཚོད་འཛིན་ལྷུག་ཏུ་འོས་འཚམ་བཏང་བ་རེད།

  • ཧེ་ལུང་ཅང་གིས་བྱེད་ཐབས་པར་འགྲེམས་བྱས་ནས་ལོ་འཁོར་གྱི་གཟའ་འཁོར་མཐའ་མ་དེ“སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གངས་འཁྱག་གཟའ་འཁོར”ལ་གཏན་འཁེལ་བྱས་ཏེ་སློབ་མས་སློབ་གྲྭར་ཉུང་མཐར་ཡང་གངས་འཁྱག་ལུས་རྩལ་གྱི་རྩལ་ནུས1ཁོང་དུ་ཆུད་པ་འགན་ལེན་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་བརྡ་ཐོ་བཀྲམ་ནས་སྲིད་གཞུང་གི་ཁྲིད་སྟོན་ཐེབས་རྩ་དང་གཞུང་ཕྱོགས་མ་རྩའི་ཐེབས་རྩའི་མ་འཇོག་གྱོང་གུན་བཟོད་སྒོམ་བྱེད་ཚད་མཐོ་ཤོས60%ཟིན་པ་དང་། མ་འཇོག་ས་བོན་དུས་ཀྱི་ཁེ་ལས་སམ་ཡང་ན་འབྱུང་འགྱུར་ཐོན་ལས་ཀྱི་ཐེབས་རྩ་སྔར་བས80%བར་མཐོ་རུ་གཏོང་རྒྱུ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ཤིན་ཅང་གི་ཐེན་ཧྲན་རི་བོའི་རྒྱུད་དང་། ཤིན་ཅང་ནན་ཅང་གི་ནུབ་ཕྱོགས་རི་ཁུལ། ནང་སོག་གི་ཤར་བྱང་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོ་རྒྱུད། ཁྲོན་ཞི་མཐོ་སྒང་གི་བྱང་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་འབྲིང་ཙམ་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཅང་ཧུའེ་ཡི་ནུབ་རྒྱུད་དང་། ཅང་ཧན་གྱི་ཤར་རྒྱུད། ཅང་ནན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ནན་གྱི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་འབབ་རྒྱུ་དང་། ས་ཆ་ལ་ལར་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།