དེ་རིང་ནི2025ལོའི་ཟླ12པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-25 09:09:32   |   212

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུས《2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་སྒྲིག་ཁྲིམས་ནན་གཏོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཚོང་དོན་པུས《ཕྱི་རྒྱལ་ཚོང་པའི་མ་འཇོག་ཐོན་ལས་དཀར་ཆག(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས་ཏེ་ཕྱི་རྒྱལ་ཚོང་པས་མ་འཇོག་བྱེད་པའི་ཁ་ཕྱོགས་རང་བཞིན་གྱི་ཁྲིད་སྟོན་སྔར་བས་ལེགས་སུ་བཏང་ཡོད།

  • གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་ཀྲུང་དབྱང་ཁེ་ལས་ཀྱི་གཉེར་སྐྱོང་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི9.5ཟིན་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྔོན་དཔག་བྱས་པར་གཞིགས་ན། 2025ལོར་རང་རྒྱལ་གྱི་འགྲིམ་འགྲུལ་ཕྱིར་སྐྱོད་མི་གྲངས་མི་ཐེངས་དུང་ཕྱུར660ལས་བརྒལ་ཞིང་། ཚོང་གཉེར་རང་བཞིན་གྱི་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར580ལས་བརྒལ་བ་དེ་དུས་མཚུངས་ལས་ཆ་སྙོམས3.5%ཙམ་འཕར་ཡོད།

  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན136གི་འབྲེལ་ཡོད་གནད་དོན་ལ་གསལ་བཤད་དང་ལན་བཏབ།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱུན་རྣམ་ཅན་གྱི་ནག་སེལ་ངན་འཇོམས་ཀྱི་འཐབ་རྩོད་སྤེལ་བའི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཁྱབ་བསྒྲགས་བྱས་ཏེ། རྒྱུན་རྣམ་ཅན་གྱི་ནག་སེལ་ངན་འཇོམས་ཀྱི་འཐབ་རྩོད་བྱེད་པར་ཁྲིམས་དང་བསྟུན་པ་དང་ཆད་ལུས་མི་ཡོང་བ་བྱེད་དགོས་ཞེས་ཁ་གསལ་བཏོན།

1.jpg

  • ཝུའེ་ཧའེ་སྤྱི་བདེ་པུས་བྱ་དགའ་སྤྲོད་པའི་བརྡ་ཁྱབ་བཏང་བ་སྟེ། ཐའེ་ཝན་གྱི་གྲོང་མི་ཅན་ཝུན་ཧྲེང་དང་ཁྲེན་ཧྲུན་ཅིན་གྱིས་ཏུའོ་ཀོའི“ཧུང་ཐའེ་ཨང58པ”སོགས་གྲུ་གཟིངས་སྤྱད་དེ་སྐམ་ས་ཆེ་མོར་འཁྱགས་རྫས་ཡུན་རིང་ལྐོག་འདྲེན་བྱས་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཁྲིམས་ལྟར་བསྡུ་རུབ་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པས་དོམ་ཁྲ་ནི་རྒྱལ་ཁབ་ཀྱི་གཡང་རྟེན་ནོར་བུ་ཡིན་པས་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་གཅེས་སྤྲས་བྱེད་འོས། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་དོམ་ཁྲ་དེ་འཇར་པན་ལ་ངོ་དགའ་བྱེད་པའི་འབུལ་རྫས་སུ་བརྩིས་ན་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ངེས་རེད་ཅེས་བཤད།

    སྤྱི་ཚོགས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན11གིས་དྲ་ཐོག་ནས་བཙོང་བའི་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས།

  • ད་ལོ་ནས་བཟུང་རྒྱལ་སྤྱིའི་གསེར་གོང་འཕར་ཚད་རིམ་རྩིས་བྱས་ན་བརྒྱ་ཆ70%ལས་བརྒལ་ཡོད། དེ་དང་ཆབས་ཅིག་ཨ་སྒོར་གྱི་སྟོན་གྲངས་ཆག་ཚད་རིམ་རྩིས་བྱས་ན10%ཙམ་ཟིན་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་ལོ5ནས19བར་གྱི་འབྲས་སྐྲན་ཕོག་མཁན་འཚོ་གནས་ཐུབ་ཚད77.2%ཟིན་པ་དང་། ཁྲག་དཀར་པོའི་འབྲས་སྐྲན་དང་རྨེན་བུའི་སྐྲན་སོགས་རྒྱུན་མཐོང་འབྲས་སྐྲན་ཕོག་པའི་བྱིས་པ་འཚོ་གནས་ཐུབ་ཚད་ཐད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད།

  • རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོའི་མཚོ་ཁོངས་ཀྱི་ཉེ་ལམ་རིམ་པའི་གཏིང་མི་ཟབ་པའི་སར་སླར་ཡང་ཏུན་དུང་ཕྱུར་རིམ་པའི་གསར་རྙེད་ཆེན་པོ་སྟེ། ཆིན་ཧོང་གླིང་ཕྲན་གྱི་སྣུམ་ཞིང29-6པ་རྙེད། འདི་ནི་པོ་ཧའེ་རྒྱ་མཚོ་ལས2019ལོ་ནས་བཟུང་བསྟུད་མར་རྙེད་པའི་ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་ཨང7པ་ཡིན།

  • “ཧྲའན་ཞིའི་གློག་ཨན་ཧུའེ་རུ་འདྲེན་པའི”དམིགས་བསལ་མཐོ་གནོན་གློག་གཏོང་ལས་གྲྭའི་ཧྲའན་ཞིའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། ལས་གྲྭ་སྔོན་དཔག་བྱས་ན་ཕྱི་ལོའི་ཟླ6པར་འཁོར་རྒྱུག་བྱ་རྒྱུ་དང་། ལོ་ལྟར་ཆུ་ཚོད་སྟོང་ཝ་དུང་ཕྱུར360ལས་བརྒལ་བའི་ཧྲའན་པེའི་གློག་ནུས་གཙང་མ་ཨན་ཧུའེ་རུ་སྐྱེལ་འདྲེན་བྱ་རྒྱུ་རེད།

  • ཚེས24ཉིན། ཀོང་ཏུང་ཅི་དབྱང་ཁྲའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་གིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི1000གི་འགག་སྒོ་ཆེན་པོ་ལས་བརྒལ། ཀོང་ཏུང་དེ་རྒྱལ་ཡོངས་ཀྱི་ཁྲི་སྟོང་རིམ་པའི་གནམ་ཐང་བཞི་ཡོད་པའི་ཞིང་ཆེན་དང་པོར་གྱུར།

  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ་ཝང་ཅུན་ལ་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད།

  • ཧུའུ་པེ་ཅིང་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟུར་པ་ཝང་ཞའོ་ཕིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་གཉིས་པའི་བཅད་ཁྲ་ཡོངས་བསྒྲགས་བྱས་ཤིང་། གོང་གཏུག་ཕྱིར་སློག་བྱས་ཏེ་ཐོག་མའི་བཅད་ཁྲ་སོར་འཇོག་བྱ་རྒྱུའི་ཁྲུན་ཐག་བཅད།

2.jpg

  • ཞིབ་འཇུག་མི་སྣས་ཡུན་ནན་སེམས་ཀྱི་ཉི་ཟླའི་པི་ཐ་མཚོ་ནས་ཚྭ་མེད་ཆུའི་དུང་རིགས་གསར་པ3ཤེས་རྟོགས་བྱུང་།

    སྲིད་ཇུས།

  • པེ་ཅིན་གྱིས་སྡོད་ཁང་ཉོ་བར་ཚོད་འཛིན་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། པེ་ཅིན་ནས་མིན་པའི་ཁྱིམ་ཚང་གིས་ཁང་པ་ཉོ་བའི་ཆ་རྐྱེན་ཇེ་ཡངས་སུ་བཏང་བ་དང་། བུ་ཕྲུག་མང་བའི་ཁྱིམ་ཚང་གིས་སྐོར་ལམ་ལྔའི་ནང་ཚུན་དུ་ཁང་པ་གཅིག་མང་ཙམ་ཉོ་ཆོག

  • 《ཧྲན་ཞི་ཞིང་ཆེན་སྤྱི་པའི་དཔེ་མཛོད་ཁང་གི་སྲོལ་ཡིག》ནང་སྤྱི་པའི་དཔེ་མཛོད་ཁང་དེ་སྤྱི་པའི་ངལ་གསོའི་ཉིན་མོར་སྒོ་དབྱེ་དགོས་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་རིང་སྒོ་དབྱེ་དགོས་པ་ཁ་གསལ་བཏོན།

  • ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས“ཚན་རྩལ་ཤེས་ལྡན་མི་སྣ་རྒྱལ་ཁོངས་སུ་ཡོང་བའི་འཆར་གཞིའི”བྱ་ཐབས་སྔར་བས་ལེགས་སུ་གཏོང་རྒྱུའི་ནང་རེ་ཞུའི་གོ་རིམ་ཁུ་བསྡུ་དང་། ཤང་ཀང་དང་ཧྲེན་ཀྲེན་དུ་གསར་གཏོད་ཚན་རྩལ་གླིང་འཛུགས་པའི་ཆེད་དོན་ཞབས་ཞུའི་སྐར་ཁུང་གཏོད་པ་སོགས་ཚུད་ཡོད།

    དེ་རིང་གི་གནམ་གཤིས།

3.jpg

  • ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་ཤར་རྒྱུད་དང་ལྷོ་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་བྱང་རྒྱུད། ལིའོ་ཏུང་ཕྱེད་གླིང་གི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད་དུ་ཧྲན་ཏུང་ཕྱེད་གླིང་གི་བྱང་ཤར་རྒྱུད་དང་ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། ཧྭ་ལྷོའི་བྱང་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་དབུས་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་དང་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།