དེ་རིང་ནི2025ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-26 09:04:17   |   67

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཚོགས་འདུ་འཚོགས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གིས《འབུམ་རམས་དང་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཐོབ་ཐང་ཞིབ་བཤེར་བྱ་ཐབས》པར་འགྲེམ་བྱས།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་ཤུགས་ཁྲོམ་རའི་གློག་ཉོ་ཚོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར60300ཟིན་པ་དེ་དུས་མཚུངས་ལས7.6%འཕར་ཡོད།

  • རུ་འཁྱུར་དམག་མིའི་ལས་དོན་པུ་དང་ནོར་སྲིད་པུས་ཉིན་ཤས་གོང་བརྡ་ཐོ་བཏང་སྟེ། 2025ལོའི་ཟླ8ཚེས1ཉིན་ནས་བཟུང་རུ་འཁྱུར་དམག་མི་ཁག་གཅིག་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་སོགས་མི་སྣའི་གཟིགས་སྐྱོང་དང་འཚོ་བའི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རང་རྒྱལ་དུ5Gསྤྱོད་མཁན་ཁྱབ་གདལ་གཏོང་ཚད་དེ15%ནས83.9%བར་འཕར་ཡོད།

  • སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི2.58གསར་དུ་སྒྱུར་བཀོད་བྱེད་མགོ་ཚུགས།

1.jpg

  • ཚེས25ཉིན་ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་རྨོ་ཞིང་ལ་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་དུང་ཕྱུར10.9ལས་བརྒལ་བ་དེ2020ལོའི་ལོ་མཇུག་ལས་མུའུ་ཁྲི5300ཡན་འཕར་ཡོད།

  • ཚེས25ཉིན་ཚོང་དོན་པུསTikTokཡིས་ཨ་རིར་མ་རྩ་མཉམ་འཇོག་སྤྱི་གཉེར་འཛུགས་རྒྱུའི་སྐོར་གྱི་འབྲེལ་ཡོད་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོ་སྲིད་གཞུང་གིས་ཁེ་ལས་ཀྱིས་ཀྲུང་གོའི་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་ཞིང་། ཁེ་ཕན་དོ་སྙོམས་ཀྱི་ཐག་གཅོད་ཇུས་གཞི་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

  • ཉེ་ཆར་ཧྥུ་ཅན་མཚོ་ཐོག་ཉེན་རྟོག་གིས་ཅིན་མོན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་ལྟར་ཁྲིམས་འཛིན་སྐོར་ཞིབ་བྱས།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་། མཁའ་རླུང་གྲང་མོའི་ཤུགས་རྐྱེན་གཞི་རྩའི་ཆ་ནས་མཇུག་སྒྲིལ་རྒྱུ་དང་། བྱང་ཤར་དང་། ཧོང་ཧུའེ། ཅང་ཧོའེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་སོགས་ས་ཆ་མང་པོའི་དྲོད་ཚད་མཐོ་ཤོས་འཕར་ཚད་རིམ་རྩིས་བྱས་ན་ཧྲེ་ཧྲི་ཏུའུ8ཡན་ཟིན་རྒྱུ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རྩི་ཤིང་གི་བཟའ་སྣུམ་ལ་ལྷད་བསྲེས་པ་དང་། སྤུས་ཞན་སྤུས་ལེགས་སུ་བརྫུས་པ། ཤོག་བྱང་ཐོག་མིང་རྟགས་རྫུན་མ་འགོད་པ་སོགས་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཀྱི་དཔེ་མཚོན་གྱོད་གཞི་ཡོངས་བསྒྲགས་བྱས།

  • ཉེ་ཆར་ཀྲུང་གོ་དང་། འབར་མ། ཐེ་ལན་བཅས་ཀྱིས་མཉམ་འབྲེལ་ཐོག་འབར་མའི་མའོ་ཝ་ཏི་ས་ཁུལ་གྱི་རྒྱན་འཛུགས་གཡོ་ལེན་གླིང་ཁུལ་གཙང་སེལ་བྱེད་པའི་བྱ་སྤྱོད་སྤེལ་ཞིང་། རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་གློག་གཡོ་དང་འབྲེལ་བའི་ཉེས་གསོག་དོགས་ཅན952རང་རྒྱལ་དུ་བཟུང་སྐྱེལ་བྱས།

3.jpg

  • འཛམ་གླིང་སྟེང་གི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་ཏེ། ཐེན་ཧྲན་རྒྱལ་ཁའི་ཕུག་ལམ་དང་། དེ་གནས་སའི་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་ནས་ཝེ་ཐོང་བར་གྱི་མྱུར་བགྲོད་གཞུང་ལམ་དེ་རིང་ནས་བཟུང་རླངས་འཁོར་ཤར་གཏོང་ཐུབ་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ནས་ཁུའར་ལེ་གྲོང་ཁྱེར་བར་རླངས་འཁོར་གཏོང་སྐབས་ཀྱི་ཡུན་ཚད་དེ་སྔའི་ཆུ་ཚོད7ནས་ཆུ་ཚོད3.5བར་ཐུང་དུ་ཕྱིན་ཡོད།

  • ཚེས25ཉིན་ཀྲེ་ཅང་ཧྲའོ་ཞིང་གི“9·13”ལྕགས་ལམ་གྱི་འགྲིམ་འགྲུལ་ལམ་ཐིག་གཉིས་པའི་མེ་འཁོར་གདོང་ཐུག་བརྒྱབ་པའི་ལས་འཛོལ་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས།

  • ཀོའུ་ཀོང་ཕོ་བྲང་རྟེན་མཛོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ10ཙམ་ལ་ཞིབ་འཇུག་རང་བཞིན་གྱི་སྲུང་སྐྱོང་དང་མ་ལག་རང་བཞིན་གྱི་ཉམས་གསོ་བྱས་པ་བརྒྱུད། དེ་རིང་ནས་བཟུང་ཡང་ཞིན་ཏེན་དེ་ལྟད་མོ་བར་སླར་ཡང་སྒོ་ཕྱེས་ཡོད།

  • ཚེས25ཉིན་ལེའོ་ཉིང་ཕན་ཅིན་གྱི“བུ་བཅོལ་ཁང་གིས་བྱིས་པར་མནར་གཅོད་བཏང་བའི་གྱོད་གཞི”ཡི་འདྲི་གཅོད་དང་པོའི་བཅད་ཁྲ་ཡོངས་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཀྲང་ལ་དུས་བཙོན་ལོ་གཉིས་ཀྱི་ཉེས་ཆད་བཅད། དོན་དག་དང་འབྲེལ་བ་ཡོད་པའི་བུ་བཅོལ་ཁང་ཡུན་རིང་སྒོ་རྒྱག་རྒྱུ་རེད།

    སྲིད་ཇུས།

  • ཉིང་ཞ་ཡིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་གཏན་འབེབས་གསར་པ་བཏོན་པ་སྟེ། སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་སློབ་མས་རིག་ནུས་ལག་འཁྱེར་ཁ་པར་དང་རིག་ནུས་ཁ་པར་གྱི་ཆུ་ཚོད་སློབ་ཁང་དུ་འཁྱེར་ཡོང་བ་གཏན་འགོག་བྱེད་རྒྱུ་ཁ་གསལ་བཏོན།

  • ཀོང་ཏུང་གིས་ཇུས་གཞི་པར་འགྲེམ་བྱས་ཏེ། དངུལ་རྩ་དང་ཚན་རྩལ། ཞབས་ཞུ་བཅས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་པར་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་བཟོ་སྐྲུན་ལས་རིགས་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་ཀ་སྤྲོད་རྒྱུ་དང་། ཁེ་ལས་རྐྱང་པའི་ལོ་འཁོར་གྱི་སྐྱེད་གསབ་དངུལ་གྲངས་མཐོ་ཤོས་སྒོར་ཁྲི2000ཟིན་རྒྱུ་རེད།

  • སི་ཁྲོན་ཁྲེང་ཏུའུ་ཡིས་སྡོད་ཁང་ཁུལ་དང་ཐོག་ཁང་གི་མིང་འདོགས་པར“འཇིག་རྟེན”དང“གནམ་འོག”སོགས་འུད་སྒྲོག་ཐ་སྙད་སྤྱོད་མི་ཆོག་པའི་གཏན་འབེབས་གསར་པ་བཏོན།

    དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་ནུབ་རྒྱུད་དང་། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ནུབ་རྒྱུད། ཀན་སུའུ་ཡི་དབུས་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། སི་ཁྲོན་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཡུན་ནན་གྱི་དབུས་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།