དེ་རིང་ནི2025ལོའི་ཟླ12པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-29 09:02:44   |   94

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་མུ་མཐུད་མ་དངུལ་བཀོད་སྒྲིག་བྱས་ནས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཁ་གསབ་ཁྱབ་ཁོངས་དང་ཚད་གཞི་ལེགས་སྒྲིག་དང་ལེགས་སུ་གཏོང་རྒྱུ་རེད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོར་རྒྱལ་ཡོངས་ཀྱི་གྲངས་འཛིན་ཐོན་ལས་ལས་སྒོའི་ཡོང་འབབ་སྔོན་དཔག་བྱས་ན་དུས་མཚུངས་ལས9%ཙམ་འཕར་ཡོད་པ་རེད། 

  • གྲངས་གཞི་ལས་མངོན་པ་ལྟར་ན།  རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཁྲོད་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་མ་འཇོག་དེ2017ལོའི་དུང་ཕྱུར་ཁྲི9.7ནས་མིག་སྔའི་དུང་ཕྱུར་ཁྲི14.1བར་འཕར་ཡོད། 

  • ཉེ་ཆར། ནོར་སྲིད་པུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཁག་བཞིས་མཉམ་འབྲེལ་ཐོག་མཛུབ་ཁྲིད་བསམ་འཆར་དཔར་འགྲེམ་བྱས་ནས། ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཐད་གཙོ་གནད་བྱེད་ཐབས་ཁག14བཏོན་ཏེ། དངུལ་རྩའི་ཐོན་ཁུངས་དེ་བས་མང་བས་ལས་ཞུགས་ལས་གཏོད་ལ་གནད་སྨིན་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། 

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་བརྡ་ཐོ་བཀྲམ་ནས་ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཁག་ཁག ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ། ལོ་མཇུག་དང་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

  •  ད་ལོ་ནས་བཟུང་རང་རྒྱལ་གྱིས“མཁའ་དབྱིངས་ཀྱི་ཆུ་ལས”གཞི་གཅིག་ཅན་གྱི་རྟོག་འཇལ་ཤེས་ཚོར་མ་ལག་མགྱོགས་མྱུར་བསྐྲུན་ཡོད། མིག་སྔར་གྲངས་གཞིའི་མཚེ་མའི་ཆུ་བེད་མ་ལག་གི་སྒྲོམ་གཞི་གཞི་རྩའི་ཆ་ནས་ཆགས་ཡོད། 

  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་ལ་འཛམ་གླིང་གི་ཨང་དང་པོ665ཐོབ་ནས་འཛམ་གླིང་གི་ཟིན་ཐོ་ཐེངས91བཏོད་ཡོད། 

  • ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ནོར་སྲིད་སིས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་ཤང་ཀང་གི2025ལོར་དཔལ་འབྱོར3.2%འཕར་ནས་ལོ་གསུམ་བསྟུད་མར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། 

4386b3ad7e0fdf884b004259eebab5f4.jpg

  • ཚེས28ཉིན་ཀྲུང་གོ་སྲིད་གཞུང་གིས་ཁམ་ཕུ་ཁྲེར་མཁོ་འདོན་བྱས་པའི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་ཁག་དང་པོ་ཅིན་པེན་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། 

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། གནམ་ལོ་གསར་ཚེས་ཀྱི་སྔ་རྗེས་སུ་རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་ཁངས་ཆར་འབབ་པའི་བརྒྱུད་རིམ་ཞིག་ཡོད་པ་དང་། ཟླ12ཚེས30ཉིན་གྱི་མཚན་མོ་ནས་ཚེས31ཉིན་བར་ཁངས་འབབ་ཚད་དྲག་པའི་དུས་མཚམས་ཡིན་པ་རེད། 

  • ཚེས28ཉིན་བར། 2025ལོའི་ཀྲུང་གོའི་གློག་བརྙན་གྱི་རྟེན་འབྲེལ་ཡིག་ཚགས་ཀྱི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར50ལས་བརྒལ་ནས། ཉེ་བའི་ལོ་བརྒྱད་རིང་གི་རིམ་པ་གཅིག་པའི་སྤ་སེ་འཚོང་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

29668716c1e7c63b67a9c7d8c692bba3.jpg

  • ཚེས28ཉིན། རང་རྒྱལ་གྱི“འཁོར་ལམ6འཁོར་ལམ12ལ་བསྒྱུར་བའི”མྱུར་བགྲོད་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཐོག་མ་སྟེ། པེ་ཅིང་ནས་ཐའེ་པེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆི་ཧོ་ནས་ཅི་ནན་བར་གྱི་དུམ་བུ་རྒྱས་སྐྲུན་རྣམ་གྲངས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། 

  • ཉེ་ཆར་ལྟད་མོ་བ་ཞིག་གིས་ཅང་ཞི་ཞིང་ཆེན་རྟེན་མཛོད་ཁང་གིས་འགྲེམས་སྟོན་བྱས་པའི་སྨི་ཝུའེ་ཡི་བརྩམས་ཆོས་དེ་པར་སྐྲུན་ཡིག་རིགས་སུ་བྱས་པར་དོགས་པ་བྱེད་ཀྱི་ཡོད། དེའི་ཐད་ཅང་ཞི་ཞིང་ཆེན་རྟེན་མཛོད་ཁང་གིས་ཚེས28ཉིན་གསལ་བསྒྲགས་སྤེལ་ནས་འགྲེམས་རྫས་ནི་མ་ཡིག་ཡིན་ཞེས་བཤད་པ་རེད། 

  • རང་རྒྱལ་གྱི་ནུབ་རླངས་ཤར་འདྲེན་གྱི་གཙོ་ཤུགས་རླངས་འབྱུང་ཁུངས་ཏེ་ཐ་ལི་མུའུ་སྣུམ་ཞིང་གི་ལོ་ཧྲིལ་པོའི་འོད་ཤུགས་གློག་གཏོང་ཚད་ཏུའུ་དུང་ཕྱུར20ལས་བརྒལ་ནས། ལོའི་གློག་གཏོང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

382631344e6af52138bbcdc91d5fadd7.jpg

  • ཚེས28ཉིན་རང་རྒྱལ་གྱི་ཏུན6རིམ་པའི་གསེག་འཁོར་གཤོག་སྒྱུར་མི་མེད་འཕུར་སྐྱོད་འཕྲུལ་ཆསR6000འཕུར་སྐྱོད་ཐེངས་དང་པོ་ལེགས་གྲུབ་བྱུང་ཡོད།

  • ཚེས25ནས28ཉིན་བར། ཀྲུང་གོ་ཞིང་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་སྤྱི་གཉེར་སོགས་ཀྲུང་དབྱང་ཁེ་ལས་ཀྱིས་སྔ་རྗེས་སུ་ཞུང་ཨན་ཁུལ་གསར་དུ་སྤྱི་ཁྱབ་པུའི་རྣམ་གྲངས་ལས་མགོ་རྩོམ་པའི་མཛད་སྒོ་འཚོགས་ཤིང་། མིག་སྔའི་བར་ཞུང་ཨན་དུ་ཁ་འགྲེམས་བྱས་པའི་ཀྲུང་དབྱང་ཁེ་ལས་ཁག་གཉིས་པའི་སྤྱི་ཁྱབ་པུ་བཞི་ཚང་མ་སྐྲུན་མགོ་བརྩམས་ཡོད། 

  • ལིའོ་དབྱང་པའེ་ཐ་ཆུས་སན་ལི་མ་ཆེན་གསོལ་མགྲོན་ཁང་གི་མེ་སྐྱོན་ལས་འཛོལ་ཚབས་ཆེན་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། གཞུང་ལས་མི་སྣ40ལ་འགན་འཁྲི་བདའ་འདེད་བཏང་བ་རེད། 

  • ཧོར་ཀོ་སི་འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཧོར་གོ་སིའི་འགག་སྒོར་དངོས་སུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི4244.3ལ་ལྟ་སྐུལ་དོ་དམ་བྱས་པ་དེ་དུས་མཚུངས་ལས1.4%འཕར་ཡོད། 

微信图片_2025-12-29_090744_537.jpg

  • ཉེ་ཆར་ཨན་ཧུའེ་ཧོ་ཧྥེ་ཕྱི་འཚོང་པ་ཝང་ལིན་གྱིས་འཛིན་ཤོག་སྐྱེལ་སྐབས་སྐུ་མགྲོན་གྱི་ཐབ་ཚང་གི་སྣུམ་སླང་ལ་མེ་ཤོར་བ་དང་འཕྲད། ཉེན་ཁ་ཆེ་བའི་སྐབས་སུ་ཝང་ལིན་གྱིས་བློ་ཐག་ཆོད་པོས་མགྲོན་པོར་མེ་གསོད་རོགས་བྱས་པས་མེ་ཤུགས་ཚོད་འཛིན་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས། དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་མི་རེར་ལོ་རེར་ཐེངས་གསུམ་ལོངས་སྤྱོད་བྱེད་ཆོག་པ་མ་ཟད་རིམ་རྩིས་བྱས་ན་སྒོར་ཁྲི་གཅིག་ལས་མི་བརྒལ་བའི་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་རེད། 

  • ཧྲན་ཞིས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་རིམ་པའི་ཐོན་ལས་ཤེས་བྱའི་བདག་དབང་གཉེར་སྐྱོང་ལྟེ་གནས་ཀྱི་དམངས་གཉེར་དཔལ་འབྱོར་རྩ་འཛུགས་ལ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི100སྤྲོད་རྒྱུ་ཁ་གསལ་བཏོན་ཡོད། 

  • ཧུའུ་པེས་གླ་ཕོགས་ཆེས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ནས། ཉིན་གང་ལམ་ལུགས་ཀྱི་ལས་ཞུགས་ངལ་རྩོལ་པའི་ཟླ་རེའི་གླ་ཕོགས་ཆེས་དམའ་ཤོས་ཀྱི་ཚད་གཞི་དེ་ས་ཁོངས་གཞིར་བཟུང་རིམ་པ་གསུམ་དུ་དབྱེ་ཡོད་པ་དང་། རིམ་པ་བཞིན་སྒོར2400དང་། སྒོར2130དང་། སྒོར1970བཅས་ཡིན་པ་རེད། 

    དེ་རིང་གི་གནམ་གཤིས།

5f494d7d64f7d1454507fd95126eace3.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཅིང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཅང་ཧན་གྱི་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད། 


མཉམ་སྤྱོད།